ཤ་མོ་ཤེའུ་ཁུང་།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-10-13 09:38ལ་འགྲུབ།

ཤ་མོ་ཤེའུ་ཁུང་།

ཤ་མོ་ཤེའུ་ཁུང་དུ་ཐོགས་དོན་ནི་གནས་དེའི་རི་དབྱིབས་ནི་ཤ་མོས་ཤེའུ་རུམ་ནས་ཡོད་པ་དང་མཚུངས་པས་དེ་ལྟར་དུ་ཐོགས་ཤིང་བ་ཡན་རི་རྒྱུད་ཀྱི་ཁོངས་སུ་གཏོགས། ངག་རྒྱུན་དུ་བཤད་སྲོལ་ལ་མཁའ་མཉམ་འཕགས་པའམ་སྤྲེལ་མགོ་ཅན་མེར་བསྲེགས་པའི་ས་དེ་ཡིན་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏毛西孔
ལ་ཏིང་གི་མིང་།
sha mo shevu khung
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས།
1 ​ངོ་སྤྲོད།

གདང་ལའི་བྱང་ཕྱོགས་སུ་སྤྱི་ལེ90མཚམས་སུ་ཡོད། གནས་དེའི་མཐོ་ཚད་ལ་མཚོ་འཕགས་སྨི5010ཡོད། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི 34°40′46.36″N དང 92°55′0.47″N  ཡིན། ཤ་མོ་ཤེའུ་ཁུང་དུ་ཐོགས་དོན་ནི་གནས་དེའི་རི་དབྱིབས་ནི་ཤ་མོས་ཤེའུ་རུམ་ནས་ཡོད་པ་དང་མཚུངས་པས་དེ་ལྟར་དུ་ཐོགས་ཤིང་བ་ཡན་རི་རྒྱུད་ཀྱི་ཁོངས་སུ་གཏོགས།  ངག་རྒྱུན་དུ་བཤད་སྲོལ་ལ་མཁའ་མཉམ་འཕགས་པའམ་སྤྲེལ་མགོ་ཅན་མེར་བསྲེགས་པའི་ས་དེ་ཡིན་པར་བཤད།  རི་བསང་ལབ་ཙེ་གནས་དེར་ཡོད།   གནས་དེའི་གཞི་བདག་ནི་ཨ་སྟག་ལྷ་མོ་ཡིན་པར་བཤད་ལ་དབུས་གཙང་ལ་གནས་མཇལ་འགྲོ་དུས་ཀྱི་ངེས་པར་དུ་བརྒྱུད་དགོས་པའི་གནས་ཤིག་ཡིན་པས་སྔོན་ཆད་ནས་བཟུང་དར་ལྕོག་འཐེན་ནས་ལྷ་བསང་གཏོང་བཞིན་ཡོད་ནའང་དུས་ཚོད་ངེས་ཅན་ཞིག་གཏན་ལ་ཕབ་ཏེ་ལབ་ཙེ་བསྟོད་སྲོལ་མེད།