འཛམ་གླིང་སྤྱི་བསང་ཕུད་ས།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ། ནས 2017-10-13 09:38ལ་འགྲུབ།
གདང་ལའི་བ་ཡན་རི་རྒྱུད་ཀྱི་ཁོངས་སུ་གཏོགས་ལ་བ་ཡན་མདོར་མའི༼གདང་ལའི་ཡུལ་སྐད་དུ་རི་རྒྱུད་ཁོད་སྙོམས་ཤིང་རིང་བའི་དོན་ལ་འཇུག༽སྲིབ་ན་བཀྲ་ཤིས་དར་ཟམ་ཡོད་སར་འཛམ་གླིང་སྤྱི་བསང་འཕུད་སའི་བསང་ཁྲི་དང་མ་ཎི་རྡོ་འབུམ། དར་གདང་བཅས་ཡོད། ལོ་རེར་བོད་རྩིས་ཀྱི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་བླ་མ་འཇའ་འོད་ཚེ་རིང་གིས་མགོ་འཛིན་འོག་གདང་ལའི་མང་ཚོགས་གཙོ་བྱས་པའི་བོད་ལྗོངས་ཀྱི་དད་ལྡན་པ་དང་ཡུལ་ཤུལ་གྱི་དད་ལྡན་པ། རྒྱ་རིགས། སོག་རིགས། ཕྱི་གླིང་བ་བཅས་གང་མང་གནས་དེར་འདུས་ནས་བསང་འཕུད་ཀྱིན་ཡོད་པ་རེད། གླིང་སྒྲུང་དུ་འཛམ་གླིང་གེ་སར་རྒྱལ་བོས་བོད་ལ་འཛམ་གླིང་སྤྱི་བསང་འཕུད་ནས་རྟ་རྒྱུག་སོགས་རྩེད་མོ་དར་བ་དང་། ད་སྔ་ཡང་གདང་ལའི་ངག་རྒྱུན་དུ་གླིང་ཨ་ཆུང་སྡེ་བའི་གདུང་རྒྱུད་ཡིན་པར་བཤད་སྲོལ་ཡོད་པས་མི་རབས་ཕྱི་མ་རྣམས་ཀྱིས་ཕ་མེས་ཀྱི་ལུགས་སྲོལ་དོར་མེད་པ་རེད།