བ་ཡན་རི་རྒྱུད།སྔ་མའི་པར་གཞི་དེ འབྲུག་བྱམས་རྒྱལ།  ནས 2017-10-13 09:38ལ་འགྲུབ།

བ་ཡན་རི་རྒྱུད།

གཡུ་འབྲུག་ས་ལ་བསྒྱེལ་འདྲའི་བ་ཡན་རི་རྒྱུད། སྔོན་ཆད་ནས་བཟུང་ཕ་མེས་ངག་རྒྱུན་ལྟར་ན། བྲག་སྲུའུ་དཀར་ནག་གཉིས་ཡོད་པའི་རི་རྒྱུད་དུ་བ་ཡན་ནམ་བ་ཚ་ཞེས་འབོད་པའི་བོད་སྨན་དུ་བཀོལ་ཆོག་པའི་བ་ཚ་འཇོང་འཇོང་སྡོམ་རྒྱ་ལྟར་འཐེན་ཡོད་པ་ལྟ་བུའི་བ་ཚ་མང་བས་གདང་ལའི་ཡུལ་སྐད་དུ་བ་ཡན་རི་རྒྱུད་དུ་ཆགས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴颜山脉
ལ་ཏིང་གི་མིང་།
bay an ri rgyud
སྲིད་འཛིན་ཁོངས་གཏོགས།
ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ།
གནས་ཡུལ།
གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་གནས།
1 ​ངོ་སྤྲོད།

གཡུ་འབྲུག་ས་ལ་བསྒྱེལ་འདྲའི་བ་ཡན་རི་རྒྱུད། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་གྱི་བྱང་ཕྱོགས་སུ་ཡོད། རི་རྒྱུད་ཀྱི་མཐོ་ཚད་ལ་མཚོ་འཕགས་སྨི5700ཡོད། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི34°21′38.27″Nདང92°35′44.03″N  ཡིན། སྔོན་ཆད་ནས་བཟུང་ཕ་མེས་ངག་རྒྱུན་ལྟར་ན།  བྲག་སྲུའུ་དཀར་ནག་གཉིས་ཡོད་པའི་རི་རྒྱུད་དུ་བ་ཡན་ནམ་བ་ཚ་ཞེས་འབོད་པའི་བོད་སྨན་དུ་བཀོལ་ཆོག་པའི་བ་ཚ་འཇོང་འཇོང་སྡོམ་རྒྱ་ལྟར་འཐེན་ཡོད་པ་ལྟ་བུའི་བ་ཚ་མང་བས་གདང་ལའི་ཡུལ་སྐད་དུ་བ་ཡན་རི་རྒྱུད་དུ་ཆགས་པར་བཤད།   རི་རྒྱུད་ཀྱི་ངོས་སུ་བ་ཚ་དཀར་པོ་ཡོད་ལ་མདུན་ངོས་སུ་བཞུར་བཞིན་ཡོད་པའི་ཆུ་དང་མི་འདྲེས་ལ་ཞུ་ཡང་མི་ཐུབ་པར་བཤད།    རི་རྒྱུད་དུ་བཞུར་བཞིན་ཡོད་པའི་ཆུ་བོ་ཆེ་མ་ཆུང་གསུམ་དང་འཁྱིལ་ཡོད་པའི་མཚེའུ་ཆེན་པོ་ཞིག་ཡོད་པ་ཚང་མ་ཚྭ་ཆུ་ཡིན་ཡང་མཐའ་འཁོར་དུ་མི་ཟོག་གིས་བཏུང་ཆོག་པའི་ཆུ་མིག་དང་ཆུ་ཀོར་སོགས་ཡོད་པ་དེ་དག་ངག་རྒྱུན་དུ་སྲིད་པ་རྒན་པོས་རྗེས་རབས་པ་ཚོས་ཚྭ་ལེན་པ་དང་འཚོ་བ་རོལ་བར་བཞག་པའི་འཐུང་ཆུ་ཡིན་པའི་བཤད་སྲོལ་ཡོད།  གནས་དེ་ནི་གླིང་སྒྲུང་དུ་གླིང་གི་ཨ་ཆུང་གི་ས་ཡིན་པར་བཤད།  དེ་རྒྱུ་མཚན་ཡང་དེང་སྐབས་ཉེ་འཁོར་གྱི་འབྲོག་ཁྱིམ་ཚང་མའི་སྦྲ་ནག་ལ་སྒོ་དར་དཀར་པོ་འཐེན་ཡོད་པ་ནི་གླིང་གི་ཨ་ཆུང་སྡེ་བའི་རྟགས་མཚན་ཡིན་པར་བཤད།   ད་སྐབས་གནས་འདིའི་བུ་མོ་སོགས་གནས་ཡུལ་ལ་སོང་ནའང་གནས་སའི་སྦྲ་ནག་གི་སྒོ་དར་དཀར་པོ་འཐེན་ཡོད་པ་ནི་གླིང་ཨ་ཆུང་སྡེ་བའི་ཡུལ་ནས་བསླེབས་པ་ཡིན་པའི་རྟགས་མཚན་དེང་སྐབས་ཀྱི་འཚོ་བའི་དངོས་སུ་མཐོང་རྒྱུ་ཡོད་པ་རེད། 


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་བོ། བ་ཡན། མཚོ་ནུབ།