རྒྱལ་སྤྱིའི་འཇལ་བྱེད་ལུགས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-27 08:41ལ་འགྲུབ།

རྒྱལ་སྤྱིའི་འཇལ་བྱེད་ལུགས།

རྒྱལ་སྤྱིའི་འཇལ་བྱེད་ལུགས།
མི་རྣམས་ཀྱིས་རིམ་བཞིན་དུ་ཚད་འཇལ་ཚད་གཞི་གཏན་འཁེལ་བྱེད་སྐབས་རང་བྱུང་ཁམས་སུ་ཅུང་གཏན་འཇགས་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་དང་ལེན་བྱེད་ཐུབ་པའི་བྱ་དངོས་བདམས་ནས་ཚད་གཞི་རུ་འཛིན་འོས་པ་རྟོགས། ངོས་ཟིན་དེ་འདྲའི་དབང་གིས། རྒྱལ་སྤྱིའི་ཚད་འཇལ་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འཇལ་བྱེད་ལུགས་ཟེར་བའི་རྒྱལ་སྤྱིའི་གཅིག་གྱུར་གྱི་འཇལ་བྱེད་ཆ་ཚང་བ་ཞིག་གཏན་འབེབས་བྱས་ནས། རྒྱལ་ཁབ་སོ་སོས་བེད་སྤྱོད་པར་མཚམས་སྦྱོར་བྱས། མིག་སྔར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་ཤས་ཀྱིས་རྒྱལ་སྤྱིའི་འཇལ་བྱེད་ལུགས་བེད་སྤྱོད་བྱེད་བཞིན་ཡོད་ཅིང་། རང་རྒྱལ་གྱི་ཁྲིམས་བཅད་ཚད་འཇལ་འཇལ་བྱེད་ཀྱང་རྒྱལ་སྤྱིའི་འཇལ་བྱེད་ལུགས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
国际单位制
ཕྱི་ཡིག་གི་མིང་།
System International
བསྡུས་མིང་།
SI
1 ​འཇལ་བྱེད།

ཚད་འཇལ་ནི་དོན་དམ་པར་སྡུར་བའི་གོ་རིམ་ཞིག་ཡིན་ཏེ། གཞལ་བྱའི་ཚད་ཅིག་ཐུན་མོང་གིས་ཁས་བླངས་པའི་ཚད་འཇལ་ཚད་གཞི་དང་ཞིབ་སྡུར་བྱེད་པ་ཡིན། དངོས་ལུགས་ཚད་ག་གེ་མོ་ཞིག་འཇལ་སྐབས་སྡུར་བྱེད་ཀྱི་ཚད་ལྡན་ཚད་ལ་འཇལ་བྱེད་ཟེར། འདས་པའི་ལི་ཟླའི་ཁྲོད་འཛམ་གླིང་གི་ས་ཁུལ་སོ་སོས (ཐ་ན་ས་ཁུལ་གཅིག་གི་ལོ་རབས་མི་འདྲ་བར བདམས་པའི་ཚད་འཇལ་བྱེད་ནི )ཁྲེ་ཙེ་ཡིན། (གནའ་རབས་ཀྱི་ཁྲེ་ཙེ་དང་དེང་རབས་ཀྱི་ཁྲེ་ཙེ་ཡང་མི་འདྲ། )ཡོ་རབས་གླིང་དང་མེ་གླིང་གི་རྒྱལ་ཁབ་འགའ་རེས་བཀོལ་བའི་འཇལ་བྱེད་ནི་དབྱིན་ཁྲེ་ཡིན། དེ་བཞིན་དུ་དངོས་ལུགས་གཅིག་གི་རིང་ཚད་དེ་འཇལ་བྱེད་མི་འདྲ་བས་མཚོན་ན། རྒྱལ་སྤྱིའི་་སྟེང་ཕན་ཚུན་བརྗེ་རེས་བྱེད་སྐབས་སྟབས་བདེ་ཞིག་མིན།

2 རྒྱལ་སྤྱིའི་འཇལ་བྱེད་ལུགས།

མི་རྣམས་ཀྱིས་རིམ་བཞིན་དུ་ཚད་འཇལ་ཚད་གཞི་གཏན་འཁེལ་བྱེད་སྐབས་རང་བྱུང་ཁམས་སུ་ཅུང་གཏན་འཇགས་ཡིན་པ་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོས་དང་ལེན་བྱེད་ཐུབ་པའི་བྱ་དངོས་བདམས་ནས་ཚད་གཞི་རུ་འཛིན་འོས་པ་རྟོགས། ངོས་ཟིན་དེ་འདྲའི་དབང་གིས། རྒྱལ་སྤྱིའི་ཚད་འཇལ་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་འཇལ་བྱེད་ལུགས(བསྡུས་མིངSI)ཟེར་བའི་རྒྱལ་སྤྱིའི་གཅིག་གྱུར་གྱི་འཇལ་བྱེད་ཆ་ཚང་བ་ཞིག་གཏན་འབེབས་བྱས་ནས། རྒྱལ་ཁབ་སོ་སོས་བེད་སྤྱོད་པར་མཚམས་སྦྱོར་བྱས། མིག་སྔར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་ཤས་ཀྱིས་རྒྱལ་སྤྱིའི་འཇལ་བྱེད་ལུགས་བེད་སྤྱོད་བྱེད་བཞིན་ཡོད་ཅིང་། རང་རྒྱལ་གྱི་ཁྲིམས་བཅད་ཚད་འཇལ་འཇལ་བྱེད་ཀྱང་རྒྱལ་སྤྱིའི་འཇལ་བྱེད་ལུགས་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན།

རྒྱལ་སྤྱིའི་འཇལ་བྱེད་ལུགས་སུ།རིང་ཚད་ཀྱི་འཇལ་བྱེད་ནི་སྨི་ཡིན་པ་དང་། དུས་ཚོད་ཀྱི་འཇལ་བྱེད་ན་སྐར་ཆ་ཡིན། རྒྱལ་སྤྱིའི་འཇལ་བྱེད་ལུགས་སུ་ད་དུང་དངོས་ལུགས་ཚད་གཞན་དང་གི་འཇལ་བྱེད་གཏན་འབེབས་བྱས་ཡོད།

དངོས་ལུགས་ཚད།(མིང་།) དངོས་ལུགས་ཚད།(མཚོན་རྟགས།) འཇལ་བྱེད།(མིང་།) འཇལ་བྱེད།(མཚོན་རྟགས།)
རིང་ཚད། L སྨི། m
སྤུས་ཚད། m སྟོང་ཁེ། kg
དུས་ཚོད། t སྐར་ཆ། s

གློག་རྒྱུན།

I ཨམ་ཕེར། A