ལྟོས་ཚོར་དང་རང་ཚོར།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-26 16:03ལ་འགྲུབ།

ལྟོས་ཚོར་དང་རང་ཚོར།

ལྟོས་ཚོར་དང་རང་ཚོར།
ཧྥ་ར་ཏས་ཀྱི་དངོས་བཤེར་ཁྲོད་དུ། དཀྲིས་སྐུད་གཉིས་ཀྱི་བར་དུ་འདྲེན་སྐུད་ཀྱིས་སྦྲེལ་མེད་མོད། འོན་ཀྱང་དཀྲིས་སྐུད་གཅིག་གི་ནང་གི་གློག་རྒྱུན་འགྱུར་དུས། དེ་ལས་བྱུང་བའི་འགྱུར་བཞིན་པའི་སྡུད་ར་དེས་དཀྲིས་སྐུད་ཅིག་ཤོས་སུ་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་དུ་འཇུག་སྲིད། སྣང་ཚུལ་འདིའི་རིགས་ལ་ལྟོས་ཚོར་ཟེར་ཞིང་། འདི་ལྟ་བུའི་ལྟོས་འབྱུང་གློག་སྒུལ་སྟོབས་ལ་ལྟོས་ཚོར་གློག་སྒུལ་སྟོབས་ཟེར། དཀྲིས་སྐུད་ཅིག་གི་ནང་གི་གློག་རྒྱུན་ལ་འགྱུར་ལྡོག་འབྱུང་དུས། དེ་ལས་བྱུང་བའི་འགྱུར་བཞིན་པའི་སྡུད་རས་ཉེ་ལོགས་ཀྱི་གློག་ལམ་དུ་ལྟོས་འབྱུང་གློག་སྒུལ་སྟོབས་སྐུལ་སྤེལ་བྱེད་སྲིད་པར་མ་ཟད། དེས་རང་སྟེང་ནས་ཀྱང་ལྟོས་འབྱུང་གློག་སྒུལ་སྟོབས་སྐུལ་སྤེལ་བྱེད་སྲིད། སྣང་ཚུལ་འདིའི་རིགས་ལ་རང་ཚོར་ཟེར་ཞིང་། རང་ཚོར་གྱི་དབང་གིས་བྱུང་བའི་ལྟོས་འབྱུང་གློག་སྒུལ་སྟོབས་ལ་རང་ཚོར་གློག་སྒུལ་སྟོབས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
互感和自感
1 ​ལྟོས་ཚོར་སྣང་ཚུལ།

ཧྥ་ར་ཏས་ཀྱི་དངོས་བཤེར་ཁྲོད་དུ། དཀྲིས་སྐུད་གཉིས་ཀྱི་བར་དུ་འདྲེན་སྐུད་ཀྱིས་སྦྲེལ་མེད་མོད། འོན་ཀྱང་དཀྲིས་སྐུད་གཅིག་གི་ནང་གི་གློག་རྒྱུན་འགྱུར་དུས། དེ་ལས་བྱུང་བའི་འགྱུར་བཞིན་པའི་སྡུད་ར་དེས་དཀྲིས་སྐུད་ཅིག་ཤོས་སུ་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་དུ་འཇུག་སྲིད། སྣང་ཚུལ་འདིའི་རིགས་ལ་ལྟོས་ཚོར་ཟེར་ཞིང་། འདི་ལྟ་བུའི་ལྟོས་འབྱུང་གློག་སྒུལ་སྟོབས་ལ་ལྟོས་ཚོར་གློག་སྒུལ་སྟོབས་ཟེར། 

ལྟོས་ཚོར་སྣང་ཚུལ་ལ་བརྟེན་ནས་ནུས་ཚད་དེ་དཀྲིས་སྐུད་ཅིག་ནས་དཀྲིས་སྐུད་གཞན་ཞིག་ཏུ་བརྒྱུད་སྤྲོད་བྱས་ཆོག་པས། གློག་ལམ་ལག་རྩལ་དང་གློག་རྡུལ་ལག་རྩལ་གྱི་སྟེང་རྒྱ་ཁྱབ་ཏུ་བཀོལ་བཞིན་ཡོད། གློག་གནོན་སྒྱུར་ཆས་ནི་ལྟོས་ཚོར་སྣང་ཚུལ་ལ་བརྟེན་ནས་བཟོས་པ་ཡིན། 

ལྟོས་ཚོར་སྣང་ཚུལ་ནི་རྒྱུན་དུ་མཐོང་བའི་གློག་སྡུད་ལྟོས་འབྱུང་སྣང་ཚུལ་ཞིག་ཡིན། དེ་ནི་ལྕགས་སྙིང་གཅིག་གི་སྟེང་དུ་དཀྲིས་པའི་དཀྲིས་སྐུད་གཉིས་ཀྱི་བར་དུ་ཁོ་ནར་བྱུང་བ་ཙམ་ཡིན་ཏེ། ཕན་ཚུན་ཉེ་བར་བཅར་བའི་གློག་ལམ་གང་རུང་གཉིས་ཀྱི་བར་དུའང་བྱུང་ཆོག གློག་ཤུགས་བཟོ་སྐྲུན་དང་གློག་རྡུལ་གློག་ལམ་དུ། ལྟོས་ཚོར་སྣང་ཚུལ་གྱིས་མཚམས་རེར་གློག་ལམ་གྱི་རྒྱུན་ལྡན་འཁོར་སྐྱོད་ལ་གནོད་པ་གཏོང་སྲིད་པས། འདིའི་སྐབས་སུ་གློག་ལམ་བར་གྱི་ལྟོས་ཚོར་ཇེ་ཆུང་དུ་གཏོང་གང་ཐུབ་བྱ་དགོས། 

2 རང་ཚོར་སྣང་ཚུལ།

དཀྲིས་སྐུད་ཅིག་གི་ནང་གི་གློག་རྒྱུན་ལ་འགྱུར་ལྡོག་འབྱུང་དུས། དེ་ལས་བྱུང་བའི་འགྱུར་བཞིན་པའི་སྡུད་རས་ཉེ་ལོགས་ཀྱི་གློག་ལམ་དུ་ལྟོས་འབྱུང་གློག་སྒུལ་སྟོབས་སྐུལ་སྤེལ་བྱེད་སྲིད་པར་མ་ཟད། དེས་རང་སྟེང་ནས་ཀྱང་ལྟོས་འབྱུང་གློག་སྒུལ་སྟོབས་སྐུལ་སྤེལ་བྱེད་སྲིད། སྣང་ཚུལ་འདིའི་རིགས་ལ་རང་ཚོར་ཟེར་ཞིང་། རང་ཚོར་གྱི་དབང་གིས་བྱུང་བའི་ལྟོས་འབྱུང་གློག་སྒུལ་སྟོབས་ལ་རང་ཚོར་གློག་སྒུལ་སྟོབས་ཟེར།

.jpg

དཔེ་རིས་དང་པོ། གློག་ཏོག་གཉིས་དུས་མཉམ་དུ་བཀར་ཐུབ་བམ།

དཔེ་རིས་དང་པོའི་གློག་ལམ་དུ། གློག་ཁུངས་མཐུད་པའི་དུས་སྐད་ཅིག་མར། གློག་རྒྱུན་འཕར་ཞིང་། དཀྲིས་སྐུདLརུ་ལྟོས་འབྱུང་གློག་སྒུལ་སྟོབས་བྱུང་། ལེན་ཙི་གཏན་སྲོལ་ལྟར་ན། ལྟོས་འབྱུང་གློག་སྒུལ་སྟོབས་བྱུང་། ལེན་ཙི་གཏན་སྲོལ་ལྟར་ན། ལྟོས་འབྱུང་གློག་སྒུལ་སྟོབས་ཀྱིས་གློག་རྒྱུན་འཕར་བར་བཀག་འགོག་བྱེད་སྲིད་པས། གློག་ཏོགA1ཡི་གསལ་འགྲོས་ཅུང་དལ། 

.jpg

དཔེ་རིས་གཉིས་པ། ལྟོས་འབྱུང་གློག་སྒུལ་སྟོབས་ཀྱིས་གློག་རྒྱུན་འཕར་བར་བཀག་འགོག་བྱེད་པ།

གློག་གནོན་སྒྱུར་ཆས་དང་གློག་སྒུལ་འཕྲུལ་འཁོར་ལ་སོགས་པའི་སྒྲིག་ཆས་ཀྱི་ནང་དུ་དཀྲི་གྲངས་ཤིན་ཏུ་མང་བའི་དཀྲིས་སྐུད་ཡོད། གློག་ལམ་ནང་གི་གློག་སྒོའི་ཁ་ཕྱེ་དུས་རང་ཚོར་གློག་སྒུལ་སྟོབས་ཧ་ཅང་ཆེན་པོ་འབྱུང་བས། གློག་སྒོ་ནང་གི་ལྕགས་རིགས་ལེབ་མོའི་བར་དུ་གློག་གི་མེ་སྟག་བྱུང་ནས། འཕྲད་གནས་འཚིག་པ་དང་། ཐ་ན་མི་ལུས་ལ་གནོན་སྐྱོན་བཟོ་སྲིད། དེའི་སྟབས་ཀྱིས་གློག་སྒུལ་འཕྲུལ་འཁོར་ལྟ་བུའི་རྩོལ་ཕྱོད་ཆེ་བའི་གློག་སྤྱོད་ཆས་ཀྱི་གློག་སྒོ་ལ་ལྕགས་རིགས་ཕྱི་ཤུན་སྤྲོད་དགོས། རབ་ཡིན་ན། གློག་གི་མེ་སྟག་འབྱུང་བར་སྔོན་འགོག་བྱེད་ཐུབ་པའི་སྣུམ་སྦངས་གློག་སྒོ་བཀོལ་འོས།

3 རང་ཚོར་བཏགས་གྲངས།

རང་ཚོར་གློག་སྒུལ་སྟོབས་ཀྱང་ལྟོས་འབྱུང་གློག་སྒུལ་སྟོབས་ཡིན་ཞིང་། དེས་ཀྱང་ཧྥ་ར་ཏས་གློག་སྡུད་ལྟོས་འབྱུང་གཏན་སྲོལ་བརྩི་སྲུང་བྱེད་པ་ཡིན། གསལ་བོར་བཤད་ན། དེའི་ཆེ་ཆུང་ནི་དཀྲིས་སྐུད་དུ་རྒྱུ་བའི་སྡུད་བརྒྱུད་ཚད་ཀྱི་འགྱུར་ཕྱོད་དང་མཐུན་སྡུར་ཡིན་ཏེ། 

དངོས་བཤེར་ལས་སྡུད་རའི་དྲག་ཞན་དེ་གློག་རྒྱུན་གྱི་དྲག་ཞན་དང་མཐུར་སྡུར་དུ་གྲུབ་པ་གསལ་བཤད་བྱས་ཡོད། གསལ་བོར་བཤད་ན། སྡུད་བརྒྱུད་ཚད་ཀྱི་འགྱུར་ལྡོག་དེ་གློག་རྒྱུན་གྱི་འགྱུར་ལྡོག་དང་མཐུན་སྡུར་དུ་གྲུབ་པས། རང་ཚོར་གློག་སྒུལ་སྟོབས་དེའང་གློག་རྒྱུན་གྱི་འགྱུར་ཕྱོད་དང་མཐུན་སྡུར་དུ་གྲུབ་ཡོད་ཅེས་བཤད་ཆོག་སྟེ། 

དེ་མཚུངས་ཚུལ་དུ་བྲིས་ན་གཤམ་ལྟར།

ཚུལ་ནང་གིLནི་སྡུར་ཕྲེང་བཏགས་གྲངས་ཡིན་ཞིང་། དེ་ནི་དཀྲིས་སྐུད་ཀྱི་ཆེ་ཆུང་། དབྱིབས། དཀྲི་གྲངས། དེ་མིན་ལྕགས་སྙིང་ཡོད་མེད་སོགས་རྒྱུ་རྐྱེན་དུ་མར་འབྲེལ་བ་ཡོད་ཅིང་། དེར་ཚོར་བཏགས་གྲངས་ཟེར། བསྡུས་ན་རང་ཚོར་རམ་གློག་ཚོར་ཟེར། གློག་ཚོར་གྱི་འཇལ་བྱེད་ནི་ཧེན་རས(henry)ཡིན་ལ། བསྡུས་ན་ཧེན་ཟེར། མཚོན་རྟགསHཡིན། རྒྱུན་དུ་བཀོལ་བའི་འཇལ་བྱེད་ལ་ད་དུང་ཧའོ་ཧེན(mH)དང་ཝའེ་ཧེན(μH)བཅས་ཡོད། 

བརྡ་འགྲེལ་གདོང་འཛར།

ལྟོས་ཚོར། རང་ཚོར།