སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-26 14:42ལ་འགྲུབ།

སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར།

སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར།
གློག་འདོན་བཟོ་གྲྭའི་སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར་གྱི་གྲུབ་ཚུལ་དེ་དཔེ་རིས་དང་པོ་རུ་བཀོད་པ་ལས་ཀྱང་ཧ་ཅང་རྙོག་འཛིང་ཡིན་མོད། འོན་ཀྱང་གཙོ་བོར་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་བའི་དཀྲུས་སྐུད (དུས་རྒྱུན་དུ་གློག་རྐང་ཟེར ) དང་སྡུད་ར་འབྱུང་བའི་སྡུད་གཟུགས་རྩ་བའི་གྲུབ་ཆ་གཉིས་ལས་གྲུབ་པ་ཡིན། གློག་རྐང་འཁོར་ཞིང་སྡུད་སྣེ་མི་འགུལ་བའི་གློག་འདོན་འཕྲུལ་འཁོར་ལ་འཁྱིལ་འཁོར་གློག་རྐང་ཅན་གྱི་གློག་འདོན་འཕྲུལ་འཁོར་ཟེར། གལ་ཏེ་སྡུད་སྣེ་འཁོར་ཞིང་། གློག་རྐང་མི་འཁོར་ན། དཀྲིས་སྐུད་དུ་སྔར་བཞིན་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་སྲིད། གློག་འདོན་འཕྲུལ་འཁོར་འདིའི་རིགས་ལ་འཁྱིལ་འཁོར་སྡུད་སྣེ་ཅན་གྱི་གློག་འདོན་འཕྲུལ་འཁོར་ཟེར། གློག་འདོན་འཕྲུལ་འཁོར་རིགས་གང་ཡིན་རུང་། འཁོར་ཁག་ཚང་མར་འཁོར་ཆས་ཟེར་ཞིང་། མི་འགུལ་བའི་ཁག་ཚང་མར་གཏན་ཆས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
交流发电机
ཕྱི་ཡིག་གི་མིང་།
alternating-current generator
1 མདོར་བསྟན་པ།

གློག་འདོན་བཟོ་གྲྭའི་སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར་གྱི་གྲུབ་ཚུལ་དེ་དཔེ་རིས་དང་པོ་རུ་བཀོད་པ་ལས་ཀྱང་ཧ་ཅང་རྙོག་འཛིང་ཡིན་མོད།  འོན་ཀྱང་གཙོ་བོར་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་བའི་དཀྲུས་སྐུད (དུས་རྒྱུན་དུ་གློག་རྐང་ཟེར ) དང་སྡུད་ར་འབྱུང་བའི་སྡུད་གཟུགས་རྩ་བའི་གྲུབ་ཆ་གཉིས་ལས་གྲུབ་པ་ཡིན།  གློག་རྐང་འཁོར་ཞིང་སྡུད་སྣེ་མི་འགུལ་བའི་གློག་འདོན་འཕྲུལ་འཁོར་ལ་འཁྱིལ་འཁོར་གློག་རྐང་ཅན་གྱི་གློག་འདོན་འཕྲུལ་འཁོར་ཟེར། གལ་ཏེ་སྡུད་སྣེ་འཁོར་ཞིང་།  གློག་རྐང་མི་འཁོར་ན།  དཀྲིས་སྐུད་དུ་སྔར་བཞིན་ལྟོས་འབྱུང་གློག་སྒུལ་སྟོབས་འབྱུང་སྲིད།  གློག་འདོན་འཕྲུལ་འཁོར་འདིའི་རིགས་ལ་འཁྱིལ་འཁོར་སྡུད་སྣེ་ཅན་གྱི་གློག་འདོན་འཕྲུལ་འཁོར་ཟེར།  གློག་འདོན་འཕྲུལ་འཁོར་རིགས་གང་ཡིན་རུང་།  འཁོར་ཁག་ཚང་མར་འཁོར་ཆས་ཟེར་ཞིང་།  མི་འགུལ་བའི་ཁག་ཚང་མར་གཏན་ཆས་ཟེར།

འཁྱིལ་འཁོར་གློག་རྐང་ཅན་གྱི་གློག་འདོན་འཕྲུལ་འཁོར་གྱི་འཁོར་ཆས་ལས་བྱུང་བའི་གློག་རྒྱུན་ངེས་པར་དུ་དཔེ་རིས་དང་པོ་རུ་བཀོད་པའི་ཕྱིར་མངོན་པའི་འདྲེད་གདུབ་དང་གློག་ཤད་བརྒྱུད་དེ་ཕྱིའི་གློག་ལམ་དུ་འདྲེན་དགོས།  གལ་ཏེ་གློག་གནོན་ཤིན་ཏུ་མཐོ་ན།  མེ་སྟག་བྱུང་སྟེ།  འདྲེད་གདུབ་དང་གློག་ཤད་མྱུར་དུ་འཚིག་སྲིད།  དེ་མིན་འཁོར་བའི་གློག་རྐང་ཧ་ཅང་ཆེན་པོར་བཟོ་མི་ཐུབ་ལ།  དཀྲིས་སྐུད་ཀྱི་དཀྲི་གྲངས་ཀྱང་ཤིན་ཏུ་མང་མི་སྲིད།  དེའི་ཕྱིར་བྱུང་བའི་ལྟོས་འབྱུང་གློག་སྒུལ་སྟོབས་ཀྱང་ཧ་ཅང་ཆེ་མི་རུང་།  གློག་འདོན་འཕྲུལ་འཁོར་འདི་རིགས་ལས་བཏང་བའི་གློག་སྤྱིར་བཏང་དུ 500v ལས་འདའ་མི་སྲིད།  འཁྱིལ་འཁོར་སྡུད་སྣེ་ཅན་གྱི་གློག་འདོན་འཕྲུལ་འཁོར་གྱིས་གོང་གི་སྐྱོན་ཆ་སེལ་ཞིང་།  ཝོལ་སྟོང་ཕྲག་དུ་མ་ནས་ཝོལ་ཁྲི་ཕྲག་དུ་མའི་གློག་གནོན་འབྱུང་ཐུབ་པ་དང་།  ཕྱིར་འདོན་རྩོལ་ཕྱོད་ས་ཡ་ཝ་ཐི་བརྒྱ་ཕྲག་དུ་མར་སླེབས་ཐུབ།  དེའི་རྐྱེན་གྱིས་གློག་འདོན་འཕྲུལ་འཁོར་མང་ཆེ་བ་འཁྱིལ་འཁོར་སྡུད་ཅན་ཡིན།


.jpg

དཔེ་རིས་དང་པོ། དོན་དངོས་ཀྱི་སྤེལ་རྒྱུག་གློག་འདོན་འཕྲུལ་འཁོར།


གློག་འདོན་འཕྲུལ་འཁོར་གྱི་འཁོར་ཆས་ནི་རླངས་སྒུལ་འཕྲུལ་འཁོར་དང་ཆུ་སྐོར་འཕྲུལ་འཁོར་སོགས་ཀྱིས་སྐོར་བ་ཡིན་ལ།  རླངས་སྒུལ་འཕྲུལ་འཁོར་དང་ཆུ་སྐོར་འཕྲུལ་འཁོར་སོགས་ཀྱིས་འཕྲུལ་ཆས་ནུས་དེ་གློག་འདོན་འཕྲུལ་འཁོར་ལ་བརྒྱུད་སྤྲོད་བྱེད་ཅིང་། གློག་འདོན་འཕྲུལ་འཁོར་གྱིས་འཕྲུལ་ཆས་ནུས་དེ་གློག་ནུས་སུ་བསྒྱུར་ནས། ཕྱིར་གློག་ལམ་དུ་ཐོན་པ་ཡིན།