ཇོ་རུའི་ཅོག་ར།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2017-09-12 08:56ལ་འགྲུབ།

ཇོ་རུའི་ཅོག་ར།

ཇོ་རུའི་ཅོག་ར།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་ཁོལ་གཞོང་ཞེས་པའི་ས་ཁུལ་ཡངས་ཤིང་རྒྱ་ཆེ་ལ་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་རུ་ཀླུ་མོ་དེའུ་མགོ་ཟེར་བའི་རི་བོ་ཁེར་སྐྱེས་གཡང་དཀར་ལུག་གི་སྙིང་དང་འདྲ་བ་ཞིག་ལྷང་ངེར་མཆིས་ལ། རི་བོའི་རྩིབ་ཏུ་མིང་གྲགས་ཅན་གྱི་ཁོལ་ཆུ་རིང་མོ་ལྷུང་ལྷུང་དུ་འབབ་པ་དང་། རི་བོའི་རྩེ་རུ་གླིང་ཇོ་རུའི་ཅོག་ར་ཟེར་བའི་དོང་ཁ་དོག་ཅིང་ཕུགས་ཡངས་པ་ཅན་ཞིག་མཐོང་བའི་དབྱིབས་ནི་བྱིས་པའི་འཛོང་ཁུག་ཅིག་གྱེན་དུ་བསླངས་པ་དང་མཚུངས། ས་དེ་གའི་མི་རྣམས་ཀྱིས་རི་རྩེའི་དོང་དེ་ལ་གླིང་ཇོ་རུའི་ཅོག་ར་ཞེས་འབོད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
觉如的口袋
རིགས་དབྱེ།
གནའ་ཤུལ་གྲགས་ཅན།
ནས་ཡུལ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་ཁོལ་གཞོང་ཞེས་པའི་སར་ཡོད།
1 ངོ་སྤྲོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་དུ་ཁོལ་གཞོང་ཞེས་པའི་ས་ཁུལ་ཡངས་ཤིང་རྒྱ་ཆེ་ལ་འབྱོར་བ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་རུ་ཀླུ་མོ་དེའུ་མགོ་ཟེར་བའི་རི་བོ་ཁེར་སྐྱེས་གཡང་དཀར་ལུག་གི་སྙིང་དང་འདྲ་བ་ཞིག་ལྷང་ངེར་མཆིས་ལ། རི་བོའི་རྩིབ་ཏུ་མིང་གྲགས་ཅན་གྱི་ཁོལ་ཆུ་རིང་མོ་ལྷུང་ལྷུང་དུ་འབབ་པ་དང་། རི་བོའི་རྩེ་རུ་གླིང་ཇོ་རུའི་ཅོག་ར་ཟེར་བའི་དོང་ཁ་དོག་ཅིང་ཕུགས་ཡངས་པ་ཅན་ཞིག་མཐོང་བའི་དབྱིབས་ནི་བྱིས་པའི་འཛོང་ཁུག་ཅིག་གྱེན་དུ་བསླངས་པ་དང་མཚུངས། ས་དེ་གའི་མི་རྣམས་ཀྱིས་རི་རྩེའི་དོང་དེ་ལ་གླིང་ཇོ་རུའི་ཅོག་ར་ཞེས་འབོད་ཀྱིན་ཡོད་པ་དང་། དེ་ལ་ལྷ་སྲས་ཇོ་རུས་བྱ་ནག་སྤུན་གསུམ་བཏུལ་བའི་ལོ་རྒྱུས་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཀྱང་ཡོད་པ་མ་ཟད། ས་དེ་གའི་སྐྱེ་བོ་སུས་ཀྱང་ཡུལ་དེ་ལ་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཆེ་བ་དེ་ངལ་བ་མེད་པར་བརྗོད་བཞིན་ཡོད་སྐད་དོ།།