གློག་ཁུར།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-05 08:53ལ་འགྲུབ།

གློག་ཁུར།

གློག་ཁུར།
གློག་ཁུར་ཕོ་དང་གློག་ཁུར་མོ་ལྡན་པའི་རིལ་རྡུལ་ལ་གློག་ཁུར་ཟེར། ཕོ་གློག་ལྡན་པའི་རིལ་རྡུལ་ལ་གློག་ཁུར་ཕོ(མཚོན་རྟགས་ནི"+"ཡིན།)ཟེར་བ་དང་། མོ་གློག་ལྡན་པའི་རིལ་རྡུལ་ལ་གློག་ཁུར་མོ(མཚོན་རྟགས་ནི"-"ཡིན།)ཟེར་ལ། དེ་ནི་རིལ་རྡུལ་འགའི(དཔེར་ན་གློག་རྡུལ་དང་རྫས་རྡུལ་ལྟ་བུ)ངོ་བོ་ཡིན། གློག་ལྡན་དངོས་གཟུགས་བར་དུ་ཕན་ཚུན་ཕུད་འདེད་དང་ཕན་ཚུན་འགུག་འདྲེན་གྱི་བྱེད་ནུས་ལྡན། གློག་ཁུར་གྱི་འཇལ་བྱེད་ནི་ཁོའུ་ལོམ(coulomb)བསྡུས་མིང་ལ་ཁོའུ་ཟེར་ཞིང་།Cཡིས་མཚོན། གློག་ལྡན་པའི་རིལ་རྡུལ་གློག་ཁུར་ཟེར་བ་ལས་གློག་ཁུར་དངོས་ནི་རིལ་རྡུལ་མིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电荷
ཉེར་སྤྱོད་ཁྱབ་ཁོངས།
དངོས་ལུགས་རིག་པ།
ཕྱི་ཡིག་གི་མིང་།
electric charge
གློག་རྡུལ་གློག་ཁུར།
e
རིགས་དབྱེ།
ཚེག་གློག་ཁུར་དང་རིལ་རྡུལ་གྱི་གློག་ཁུར།
1 མདོར་བསྟན་པ།

སྤྱི་ལོ་སྔོན་གྱི་ལོ600ཡི་ཡས་མས་སུ་ཀེ་རི་སི་བ་ཐེ་ལི་སེ (Thales,སྤྱི་ལོ་སྔོན་གྱི་ལོ624-546)ཡིས་གཙུབ་བརྡར་བྱས་པའི་སྤོས་ཤེལ་གྱིས་ཡང་ཞིང་ཆུང་བའི་དངོས་གཟུགས་འདྲེན་ཐུབ་པ་རྟོགས། སྤྱོ་ལོའི་དུས་རབས1པོར་རང་རྒྱལ་གྱི་མཁས་པ་ཝང་ཁྲུང་གིས《དོ་མཉམ་སྨྲ་བ》ལས“རུས་སྦལ་གྱི་ལྕིབས་ཀྱིས་རྩྭ་རོ་འདྲེན་ཐུབ”ཅེས་བྲིས་ཡོད། དེའི་གོ་དོན་ནི་རུས་སྦལ་གྱི་ལྕིབས་ཀྱིས་ཡང་ཞིང་ཆུང་བའི་དངོས་གཟུགས་འདྲེན་ཐུབ་ཅེས་པའོ།། དུས་རབས16པར་དབྱིན་ཇིའི་སྨན་པ་ཅིར་པོ་ཐི(W,Gilbert,1544-1603)ཡིས་སྣང་ཚུལ་དེ་རིགས་ལ་ཞིབ་འཇུག་བྱེད་སྐབས་ཀེ་རི་སེའི་ཡི་གེ(སྤེལ་ཤེལ)གཞིར་བཟུང་ནས་དབྱིན་ཡིག་གི་མིང(གློག)གསར་གཏོད་བྱས། དེས་སྤོས་ཤེལ་གཙུབ་བརྡར་བྱས་རྗེས་དེར་ལྡན་པའི་རང་བཞིན་མཚོན་པ་མ་ཟད། གཙུབ་བརྡར་བྱས་ཟིན་པའི་སྤོས་ཤེལ་ལ་གློག་ཁུར(electric charge)ལྡན་པར་སྙམ། དེའི་རྗེས་སུ་མི་རྣམས་ཀྱིས་དངོས་པོ་མང་པོ་ཞིག་གཙུབ་བརྡར་བྱས་ན་གློག་ལྡན་པ་མ་ཟད། གློག་ལྡན་དངོས་གཟུགས་བར་དུ་ཕན་ཚུན་ཕུད་འདེད་དང་ཕན་ཚུན་འགུག་འདྲེན་གྱི་བྱེད་ནུས་ལྡན་པ་རྟོགས།

གཙུབ་བརྡར་བྱས་པའི་དངོས་གཟུགས་ལ་གློག་ཁུར་རིགས་གཉིས་ལྡན་ཏེ། གཅིག་ནི་དར་གོས་ཀྱི་ཕྱིས་པའི་ཤེལ་དབྱུག་ལ་ལྡན་པའི་གློག་ཁུར་དང་། ཅིག་ཤོས་ནི་པགས་པས་ཕྱིས་པའི་འགྱིག་དབྱུག་སྲ་མོ་ལ་ལྡན་པའི་གློག་ཁུར་དེ་ཡིན། རིགས་མཐུན་པའི་གློག་ཁུར་གྱིས་ཕན་ཚུན་ཕུད་འདེད་བྱེད་པ་དང་རིགས་ཐ་དད་པའི་གློག་ཁུར་གྱིས་ཕན་ཚུན་འགུག་འདྲེན་བྱེད་པ་རེད། མི་རྣམས་ཀྱིས་གོང་གསལ་གྱི་གློག་ཁུར་རིགས་གཉིས་ཚང་མ་ཕུད་འདེད་དམ་ཡང་ན་འགུག་འདྲེན་བྱེད་པའི་གློག་ཁུར་གཞན་ཞིག་མཐོང་མ་མྱོང་། དེ་ལས་རང་བྱུང་ཁམས་སུ་གློག་ཁུར་རིགས་གཉིས་ལས་མེད་པ་མཚོན། ཨ་མེ་རི་ཁའི་ཚན་རིག་པ་ཧྥི་རན་ཁི་ལིན(B.Franklin.1706-1790)གྱིས་སྔ་མ་ལ་གློག་ཁུར་ཕོ(positve charge)དང་། ཕྱི་མར་གློག་ཁུར་མོ(negative charge)ཞེས་མིང་བཏགས་པ་རེད།

དུས་རབས20པར་སླེབས་རྗེས་དངོས་ལུགས་རིག་པས་དངོས་རྫས་ཀྱི་ཆ་རྡུལ་དང་མ་རྡུལ་ནང་རོལ་གྱི་ཆགས་གཞིའི་གསང་བ་བརྟོལ་བས། མི་རྣམས་ཀྱིས་གློག་སྣང་ཚུལ་གྱི་ངོ་བོ་ལ་སྔར་ལས་ལྷག་པར་རྒྱུས་ལོན་པ་རེད།

གློག་ཁུར་ཚད་ནི་དངོས་རྫས། མ་རྡུལ་ལམ་གློག་རྡུལ་སོགས་ལ་ལྡན་པའི་གློག་གི་ཚད་དེ། འཇལ་བྱེད་ནི་ཁོའུ་ལོམབསྡུས་མིང་ལ་ཁོའུ་ཟེར་ཞིང་།ཡིས་མཚོན། གློག་ལྡན་པའི་རིལ་རྡུལ་གློག་ཁུར་ཟེར་བ་ལས་གློག་ཁུར་དངོས་ནི་རིལ་རྡུལ་མིན།

2 གཞུང་ལུགས།

དུས་རྒྱུན་ང་ཚོས་གློག་ཁྱེར་བའི་རིལ་རྡུལ་ལ་གློག་ཁུར་ཟེར། གློག་རིའི་བྱེད་ནུས་ཤུགས་ཀྱི་ཁ་ཕྱོགས་རང་བཞིན་ལྟར་ན། གློག་ཁུར་ནི་གློག་ཁུར་ཕོ་དང་གློག་ཁུར་མོ་གཉིས་སུ་དབྱེ་ལ་གློག་རྡུལ་ལ་གློག་ཁུར་མོ་ལྡན།

གློག་ཁུར་ཕོ།  མི་རྣམས་ཀྱིས་ངེས་གཏན་བྱས་པ་ལྟར་དར་གོས་ཀྱིས་ཤེལ་དབྱུག་ལ་ཡང་ཡང་ཕྱིས་ཚེ་ཤེལ་དབྱུག་ལ་ལྡན་པ་ནི་གློག་ཁུར་ཕོ།

གློག་ཁུར་མོ། མི་རྣམས་ཀྱིས་ངེས་གཏན་བྱས་པ་ལྟར་པགས་པས་འགྱིག་དབྱུག་ལ་ཡང་ཡང་ཕྱིས་ཚེ་འགྱིག་དབྱུག་ལ་ལྡན་པ་ནི་གློག་ཁུར་མོ་ཡིན།



.jpg

དཔེ་རིས་དང་པོ། གློག་ཁུར་ཕོ་དང་གློག་ཁུར་མོ།

3 གློག་ཁུར་བརྟན་སྲུང་གཏན་སྲོལ།
3_1 དང་པོ།

གློག་ཁུར་གསར་གཏོད་བྱེད་མི་ཐུབ་ལ། མེད་པར་ཡང་གཏོང་མི་ཐུབ། དེ་དག་དངོས་གཟུགས་ཤིག་ནས་དངོས་གཟུགས་གཞན་ཞིག་ཏུ་སྤོར་བའམ་ཡང་ན་དངོས་གཟུགས་ཀྱི་ཆ་ཤས་ཤིག་ནས་ཆ་ཤས་གཞན་ཞིག་ལ་སྤར་བ་ཙམ་ཡིན། སྤོར་བའི་བརྒྱུད་རིམ་དུ་གློག་ཁུར་གྱི་སྤྱིའི་གྲངས་ཚད་མི་འགྱུར།

3_2 གཉིས་པ། 

ཕྱི་རོལ་ཡུལ་དང་གློག་ཁུར་བརྗེ་རེས་བྱས་མེད་པའི་རྒྱུད་ཁོངས་སུ། གློག་ཁུར་གྱི་ཚབ་གྲངས་སྡོམ་ལ་འགྱུར་ལྡོག་མེད།

གློག་ཁུར་ཚད། གློག་ཁུར་གྱི་མང་ཉུང་ལ་གོ།

ཆེས་ཆུང་བའི་གློག་ཁུར་ཚད། གློག་རྡུལ་ལ་ལྡན་པའི་གློག་ཁུར་ཚད་ལ་གོ

རྒྱུ་གློག་ཁུར། ཆེས་ཆུང་བའི་གློག་ཁུར་སྟེ། eཡིས་མཚོན་པ་དང་།

ང་ཚོས་རྩིས་རྒྱག་སྐབས་ལེན་པ་ནི།

4 དངོས་གཟུགས་ལ་གློག་འབྱུང་བའི་ཚུལ།

གློག་ཁུར་ལ་གློག་ཅེས་བརྗོད་ཆོག་སྟེ་དངོས་པོའི་རང་བཞིན་ལྡན་ལ། གློག་རྡུལ་དང་རྫས་རྡུལ་དང་བྲལ་ཏེ་གནས་མི་ཐུབ། དངོས་གཟུགས་ལ་གློག་ལྡན་པ་ནི་དོན་དངོས་སུ་གློག་རྡུལ་ཐོབ་པར་འཇུག་པའམ་གློག་རྡུལ་ཤོར་བར་བཅུག་པའི་བརྒྱུད་རིམ་ཡིན། དངོས་གཟུགས་ལ་གློག་འབྱུང་བའི་ཚུལ་ནི།

4_1 གཙུབ་བརྡར་གློག་འབྱུང་།

གློག་རྡུལ་ནི་རིགས་མི་མཐུན་པའི་དངོས་གཟུགས་བར་གྱི་སྤོ་འགུལ་ཏེ།    དངོས་གཟུགས་གཉིས་ཕན་ཚུན་གཙུབ་བརྡར་བྱས་ན་འཆིང་གཅུན་དམ་པོ་མིན་པའི་གློག་རྡུལ་ཁ་ཤས་དངོས་གཟུགས་གཅིག་གནས་དངོས་གཟུགས་ཅིག་ཤོས་སུ་སྤོ་བ་རེད། དེའི་ཕྱིའི་མ་གཞིར་གློག་མ་ནིང་རང་བཞིན་ལྡན་པའི་དངོས་གཟུགས་ལ་གློག་རྡུལ་ཐོབ་པའི་རྐྱེན་གྱིས་མོ་གློག་ལྡན་པ་དང་། གློག་རྡུལ་ཤོར་བའི་དངོས་གཟུགས་ལ་ཕོ་གློག་ལྡན་པ་རེད། འདི་ནི་གཙུབ་བརྡར་གློག་འབྱུང་གི་འབྱུང་རྐྱེན་ཡིན། དཔེར་ན་དར་གོས་ཀྱི་ཤེལ་དབྱུག་ལ་ཡང་ཡང་ཕྱིས་ཚེ་ཤེལ་དབྱུག་སྟེང་གི་གློག་རྡུལ་ཁ་ཤས་དར་གོས་སུ་སྦོ་བས། ཤེལ་དབྱུག་ལ་གློག་རྡུལ་དཀོན་པའི་ཕྱིར་ཕོ་གློག་ལྡན་པ་དང་། དར་གོས་སུ་གློག་རྡུལ་ལྷག་མ་ཡོད་པའི་རྐྱེན་གྱིས་མོ་གློག་ལྡན།



4_1_1 རང་དབང་གློག་རྡུལ།

དཔེར་ན། ལྕགས་རིགས་སུ་མ་རྡུལ་ཉིང་དང་ཐག་ཆེས་རིང་བའི་གློག་རྡུལ་ཕལ་ཆེར་མ་རྡུལ་ཉིང་གི་འཆིང་གཅུན་ལས་ཐར་ནས་ལྕགས་རིགས་ནང་དུ་རང་དབང་གིས་འགུལ་སྐྱོད་བྱེད་པ་རེད། གློག་རྡུལ་དེའི་རིགས་ལ་རང་དབང་གློག་རྡུལ་ཟེར་ཞིང་། གློག་རྡུལ་དེའི་རིགས་ཤོར་བའི་མ་རྡུལ་ནི་ཕོ་གློག་ལྡན་པའི་གྱེས་རྡུལ་དུ་གྱུར་བ་དང་། དེ་དག་ལྕགས་རིགས་ནང་ཁག་ཏུ་སྟར་སྒྲིག་བྱས་ཤིང་། གྱེས་རྡུལ་ཕོ་སོ་སོ་རང་གི་དོ་མཉམ་གནས་སུ་འདར་འགུལ་བྱེད་པ་ལས་གནས་གཞན་དུ་སྤོ་མི་སྲིད་ལ། རང་དབང་གློག་རྡུལ་ཁོ་ན་དེ་དག་གི་བར་དུ་ཕན་ཚུར་རྒྱུ་བཞིན་ཡོད་པས། ལྕགས་རིགས་འདྲེན་གཟུགས་སུ་བསྒྱུར། འབྲེལ་གཅོད་གཟུགས་སུ་རང་དབང་གློག་རྡུལ་དེ་རིགས་མེད།

4_2 ལྟོས་འབྱུང་གློག་འདོན།

གློག་ལྡན་གཟུགས་ཤིག་འདྲེན་གཟུགས་ལ་བཅར་ཚེ་གློག་ཁུར་བར་དུ་ཕན་ཚུན་ཕུད་འདེད་དམ་འགུག་འདྲེན་བྱེད་པས། འདྲེན་གཟུགས་སུ་རང་དབང་གློག་རྡུལ་ནི་གློག་ལྡན་དངོས་གཟུགས་སུ་སྤོ་བའམ་བྲལ་བར་བྱས་ཏེ། གློག་ལྡན་དངོས་གཟུགས་དང་བར་ཐག་ཉེ་བའི་འདྲེན་གཟུགས་ཀྱི་སྣེར་རྟགས་ཐ་དད་པའི་གློག་ཁུར་ལྡན་པ་དང་བར་ཐག་རིང་བའི་འདྲེན་གཟུགས་ཀྱི་སྣེ་ལ་རྟགས་མཐུན་པའི་གློག་ཁུར་ལྡན། སྣང་ཚུལ་དེ་རིགས་ལ་ཞི་གློག་ལྟོས་འབྱུང་ཟེར།  ཞི་གློག་ལྟོས་འབྱོང་སྤྱད་ནས་ལྕིགས་རིགས་འདྲེན་གཟུགས་ལ་གློག་ལྡན་པར་བྱེད་པའི་གོ་རིམ་དེར་ལྟོས་འབྱུང་གློག་འདོན་ཟེར།


4_3 འཕྲད་རེག་གློག་འདོན།

གློག་ཁུར་དངོས་གཟུགས་ཤིག་ནས་དངོས་གཟུགས་གཞིན་ཞིག་ཏུ་སྤོ་བ་ལ་ཟེར།