ཝང་ཡུང་།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-30 08:23ལ་འགྲུབ།

ཝང་ཡུང་།

ཝང་ཡུང་།
ཝང་ཡུང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1955ལོའི་ཟླ12པར་ལིའོ་ཉིང་ཀའེ་ཀྲོའུ་རུ་སྐྱེས། སྤྱི་ལོ1969ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ8པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཧཱ་ཨེར་པིན་བཟོ་ལས་སློབ་ཆེན་ནས་ལག་རྩལ་དཔལ་འབྱོར་བཟོ་བཀོད་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན་ཞིང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་ཡོན་ཚད་ལྡན་ལ། ཞིབ་འཇུག་པ་ཡིན། ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་སྣུམ་རླངས་སྐྱེལ་འདྲེན་སྦུ་གུ་བདེ་འཇགས་མངོན་མེད་རྐྱེན་ངན་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王勇
བོད་ཡིག་གི་མིང་།
ཝང་ཡུང་།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ལིའོ་ཉིང་ཀའེ་ཀྲོའུ།
སྐྱེས་ལོ།
1955ལོའི་ཟླ12པ།
མཐར་ཕྱིན་སློབ་གྲྭ།
ཧྭ་ཨེར་པིང་བཟོ་ལས་སློབ་ཆེན།

ཝང་ཡུང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1955ལོའི་ཟླ12པར་ལིའོ་ཉིང་ཀའེ་ཀྲོའུ་རུ་སྐྱེས། སྤྱི་ལོ1969ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ8པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཧཱ་ཨེར་པིན་བཟོ་ལས་སློབ་ཆེན་ནས་ལག་རྩལ་དཔལ་འབྱོར་བཟོ་བཀོད་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན་ཞིང་། བཟོ་རྩལ་རིག་པའི་རབ་འབྱམས་པའི་ཡོན་ཚད་ལྡན་ལ། ཞིབ་འཇུག་པ་ཡིན།

ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་སྣུམ་རླངས་སྐྱེལ་འདྲེན་སྦུ་གུ་བདེ་འཇགས་མངོན་མེད་རྐྱེན་ངན་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཡིན།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1969ལོ་ནས་སྤྱི་ལོ1977ལོའི་བར། ཧེ་ལུང་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཧྲི་དང་པོ་སྡེ་གསུམ་པའི་ཤོག་སོ་གཅིག་གི་འཕྲུལ་དོན་ལྡིང་དཔོན་ཡིན།

སྤྱི་ལོ1977ལོ་ནས་སྤྱི་ལོ1979ལོའི་བར། འཕྲུལ་ཆས་པུའུ་བདུན་པའི230བཟོ་གྲྭའི་སྤྱི་ཁྱབ་སྒྲིག་སྦྱོར་འཁོར་ཁང་གི་ཚོད་སྒྲིག་པ་ཡིན།

སྤྱི་ལོ1979ལོ་ནས་སྤྱི་ལོ1982ལོའི་བར། པེ་ཅིང་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་ནས་གློག་རྡུལ་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1982ལོ་ནས་སྤྱི་ལོ1983ལོའི་བར། མཁའ་བསྐྱོད་པུའུ230བཟོ་གྲྭའི་ལག་རྩལ་ཁོའི་གཙོ་གཉེར་ལག་རྩལ་པ་ཡིན།

སྤྱི་ལོ1983ལོ་ནས་སྤྱི་ལོ1984ལོའི་བར། མཁའ་འགྲུལ་པུའུ230བཟོ་གྲྭའི་སྤྱི་ཁྱབ་སྒྲིག་སྦྱོར་འཁོར་ཁང་གི་ཁྲིད་སྟོན་གཞོན་པ་དང་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན།

སྤྱི་ལོ1984ལོ་ནས་སྤྱི་ལོ1989ལོའི་བར། མཁའ་འགྲུལ་པུའུ230བཟོ་གྲྭའི་ཆབ་སྲིད་པུའི་ཀྲུའུ་རིན་གཞོན་པ་དང་བཟོ་གྲྭའི་འགོ་གཙོའི་ལག་རོགས་སམ་སྤྱི་ཁྱབ་དཔལ་འབྱོར་པ་གཞོན་པའི་འགན་ཁུར།(དེའི་སྐབས་སུ། སྤྱི་ལོ1987ལོའི་ཟླ09བ་ནས་སྤྱི་ལོ1988ལོའི་ཟླ01པོར། ཧཱ་ཨེར་པིན་བཟོ་ལས་སློབ་ཆེན་དོ་དམ་སློབ་གླིང་གི་སྤྱིའི་བཟོ་བཀོད་མཁས་པའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1989ལོ་ནས་སྤྱི་ལོ1992ལོའི་བར། ཧཱ་ཨེར་པིང་བཟོ་ལས་སློབ་ཆེན་ལག་རྩལ་དཔལ་འབྱོར་བཟོ་བཀོད་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་བར། མཁའ་འགྲུལ་མཁའ་སྐྱོད་པུའི་སྒྲིག་གཞི་བཅོས་སྒྱུར་སི་རུ་བྱ་བ་གཉེར།

སྤྱི་ལོ1993ལོ་ནས་སྤྱི་ལོ1994ལོའི་བར། མཁའ་འགྲུལ་ཀུང་ཟི་སྤྱིའི230བཟོ་གྲྭའི་འགོ་གཙོ་གཞོན་པ་ཡིན།

སྤྱི་ལོ1994ལོ་ནས་སྤྱི་ལོ1995ལོའི་བར། མཁའ་འགྲུལ་ཀུང་ཟི་སྤྱིའི230བཟོ་གྲྭའི་རྒྱུན་ལས་འགོ་གཙོ་གཞོན་པ་ཡིན།

སྤྱི་ལོ1995ལོ་ནས་སྤྱི་ལོ1997ལོའི་བར། མཁའ་འགྲུལ་ཀུང་ཟི་སྤྱིའི230བཟོ་གྲྭའི་འགོ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ (ཅུའུ་རིམ་རྒན་པ) ཡིན།

སྤྱི་ལོ1997ལོ་ནས་སྤྱི་ལོ1997ལོའི་བར། མཁའ་འགྲུལ་ཀུང་ཟི་སྤྱིའི་ཆབ་སྲིད་པུའི་ཀྲུའུ་རིན་གཞོན་པ་ཡིན།

སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར། མཁའ་འགྲུལ་ཀུང་ཟ་སྤྱིའི་ཆབ་སྲིད་པུའི་ཀྲུའུ་རིན་གཞོན་པ་དང་ཅིང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར། མཁའ་འགྲུལ་ཀུང་ཟི་སྤྱིའི་མི་དོན་ངལ་རྩོལ་སློབ་གསོ་ཅུའི་འགན་ཁུར་བ་ཡིན།

སྤྱི་ལོ1999ལོ་ནས་སྤྱི་ལོ2000ལོའི་བར། ཀྲུང་གོའི་མཁའ་འགྲུལ་འཕྲུལ་གློག་སྡེ་ཚོགས་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན།

སྤྱི་ལོ2000པ་ནས་ སྤྱི་ལོ2001ལོའི་བར། ཀྲུང་དབྱང་རྩ་འཛུགས་པུའུ་ཁེ་ལས་ལས་བྱེད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡིན།

སྤྱི་ལོ2001ལོ་ནས་སྤྱི་ལོ2003ལོའི་བར། ཀྲུང་དབྱང་རྩ་འཛུགས་པུའི་ཅུའུ་ཁག་ལྔ་བའི་ཅུའུ་ཀྲང་ཡིན།

སྤྱི་ལོ2003ལོ་ནས་ སྤྱི་ལོ2005ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཨུའི་ཚོགས་མི་ཡིན།

སྤྱི་ལོ2005ལོ་ནས་སྤྱི་ལོ2008ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།

སྤྱི་ལོ2008ལོ་ནས་སྤྱི་ལོ2008ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ལས་ཁུངས་ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན།

སྤྱི་ལོ2008ལོ་ནས་སྤྱི་ལོ2010ལོའི་བར། རྒྱལ་ཁབ་སྤུས་ཚད་ལྟ་ཞིབ་བརྟག་བཤེར་རིམས་དཔྱད་སྤྱི་ཁྱབ་ཅུའི་ཅུའུ་ཀྲང་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

སྤྱི་ལོ2010ལོ་ནས་སྤྱི་ལོ2013ལོའི་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ2013ལོ་ནས། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། རྒྱལ་ཁབ་གནོད་སྐྱུང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན(སྤྱི་ལོ2013ལོའི་ཟླ5བར་འཁུར)དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་ཞིབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཏང་ཨུའི་ཧྲུའུ་ཅི(སྤྱི་ལོ2013ལོའི་ཟླ3པའི་བར)ཡིན།

སྤྱི་ལོ2014ལོའི་ཟླ10བ་ནས། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་སྣུམ་རླངས་སྐྱེལ་འདྲེན་སྦུ་གུ་བདེ་འཇགས་མངོན་མེད་རྐྱེན་ངན་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ཡིན།

2 གཞན་དག

ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་གུང་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།