ཧེ་བག་དང་ནུས་ལྡན་གྲངས་ཀ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-31 14:17ལ་འགྲུབ།

ཧེ་བག་དང་ནུས་ལྡན་གྲངས་ཀ།

ཧེ་བག་དང་ནུས་ལྡན་གྲངས་ཀ།
ཚད་བཅལ་བའི་མཐའ་འབྲས་གང་རུང་ཞིག་རྦད་དེ་ཡང་དག་པ་ཞིག་ཡིན་མི་སྲིད། བཅལ་བའི་གྲངས་ཐང་དང་གཞལ་བྱའི་དངོས་ལུགས་ཚད་ཀྱི་གྲངས་ཐང་དངོས་ཀྱི་བར་དུ་ནམ་ཡིན་ཡང་ཁྱད་ལྷག་ཡོད། ཁྱད་ལྷག་འདི་རིགས་ལ་ཧེ་བག་ཟེར། དཔྱད་ཆས་ལས་ཐད་ཀར་བཀླགས་པའི་གཞི་འཛིན་གྲངས་ལ་ཐད་ཀར་བཅལ་བའི་མཐའ་འབྲས་ཟེར། ཐད་ཀར་བཅལ་བའི་མཐའ་འབྲས་ཀྱི་ཧེ་བག་ནི་ཕྱོགས་གཉིས་ནས་བྱུང་བ་ཡིན་ཏེ། གཅིག་ནི་དཔྱད་ཆས་དེ་ཉིད་ལ་ཞན་ཆ་ཡོད་པ་སྟེ། དཔེར་ན་སྨི་ཁྲུའི་བརྐོས་ཚད་དེ་འདྲ་ཡང་དག་མིན་པ་དང་། ཐུར་སྲང་གི་དཔུང་བ་གཉིས་དེ་འདྲ་མི་མཉམ་པ་ལྟ་བུ། ཅིག་ཤོས་ནི་དངོས་བཤེར་སྒྲུབ་པ་པོས་བཀོལ་སྤྱོད་དང་གཞི་འཛིན་གྲངས་ཀློག་སྐབས་ཡང་དག་མིན་པ་སྟེ། དཔེར་ན་སྐར་ཆའི་དུས་ཚོད་འཁོར་ལོ་སྤྱད་ནས་དུས་ཚོད་འཇལ་སྐབས། རྒྱུར་པར་མཐེར་གནོན་མནན་པ་འགོར་འགྱངས་དང་ཡང་ན་གནོན་སྔ་བའི་གནས་ཚུལ་བྱུང་ལྟ་བུ། ཡང་དཔེར་ན་སློབ་འབྲིང་དངོས་བཤེར་ཁང་དུ་དྲོད་ཚད་རྩིས་ཆས་ཀྱི་འབྱེད་ཚད་གྲངས་ཐངས་ནི1ཡིན་ལ། མིག་གིས་བལྟས་ནས་སིལ་གྲངས་རྗེས་ཀྱི་གྲངས་ཀ་ཚོད་དཔག་བྱེད་སྐབས། 0.2℃ཡི་ཧེ་བག་ཡོད་སྲིད། དཔྱད་ཆས་ལེགས་བཅོས་བྱེད་པ་དང་གཟབ་ནན་གྱིས་བཀོལ་སྤྱོད་བྱས་ན། ཧེ་བག་ཇེ་ཆུང་དུ་གཏོང་ཐུབ། ཡིན་ཡང་ཚད་བཅལ་པ་གང་རུང་ལ་ཧེ་བག་གཏན་ནས་མེད་པ་ཡོད་མི་སྲིད། ཡིད་རྟོན་མེད་པའི་གྲངས་གནས་གཅིག་ལྡན་པའི་ཉེ་མཚུངས་གྲངས་འདི་རིགས་ལ་ནུས་ལྡན་གྲངས་ཀ་ཟེར། དངོས་བཤེར་གྱི་མཇུག་འབྲས་ནི་རྒྱུན་པར་ཐད་ཀར་ཚད་བཅལ་གྲངས་ཐང་དུ་མ་རྩིས་བརྒྱབ་ནས་ཐོབ་པ་ཡིན་ལ། ཐད་ཀར་ཚད་བཅལ་གྲངས་ཐང་རེའི་ཧེ་བག་གིས་མཇུག་མཐའི་རྩིས་འབྲས་ལ་ཤུགས་རྐྱེན་འདོན་སྲིད་པས། གྲངས་རིག་པའི་བྱེད་ཐབས་ངེས་ཅན་སྤྱད་ནས་རྩིས་འབྲས་ཀྱི་ནུས་ལྡན་གྲངས་ཀ་གཏན་ཁེལ་བྱེད་དགོས། ཡིན་ན་ཡང་འདི་ལྟར་ཐག་གཅོད་བྱས་པའི་རྩིས་འབྲས་ཅུང་རྙོག་འཛིང་ཆེ་བས།སློབ་འབྲིང་དུས་སྐབས་སུ་སྤྱིར་རྩིས་འབྲས་ལ་གནས་གཉིས་སམ་ཡང་ན་གནས་གསུམ་ཡོད་པའི་ནུས་ལྡན་གྲངས་ཀ་བླངས་པས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
误差和有效数字
1 སྟེས་དབང་ཧེ་བག་དང་རྒྱུད་ཁོངས་ཧེ་བག

མིས་དཔྱད་ཆས་ཀློག་སྐབས།  མིག་གིས་ལྟ་སའི་གནས་དེ་སྐབས་འགར་ཅུང་ཙམ་གཡོན་དུ་ཡོ་བ་སྐབས་འགར་ཅུང་ཙམ་གཡས་སུ་ཡོ་སྲིད་པ་དང་། དཔྱད་ཆས་ཀྱི་སྟོན་ཁབ་སྐྱོད་མཚམས་འཇོག་སའི་གནས་ཀྱང་སྟོན་ཁབ་དང་མདའ་གཙུབ་བརྡར་བྱས་པའི་དབང་གིས་སྐབས་འགར་ཅུང་ཆེ་ལ་སྐབས་འགར་ཅུང་ཆུང་སྲིད། ཧེ་བག་དེ་དག་ནི་སྟེས་དབང་གི་རྐྱེན་ལས་གྲུབ་པ་ཡིན། དེར་སྟེས་དབང་ཧེ་བག(accidentalerror)ཟེར། སྟེས་དབང་ཧེ་བག་གི་ཁྱད་ཆོས་ནི། ཚད་འཇལ་གཅིག་པ་ཐེངས་མང་དུ་བསྐྱར་ཟློས་བྱས་ན། ཆེ་དྲགས་པ་དང་ཆུང་དྲགས་པའི་སྲིད་ཕྱོད་ཅུང་ཙམ་ཉེ་བས། ཆ་སྙོམས་གྲངས་བླབས་ནས་སྟེས་དབང་ཧེ་བག་ཇེ་ཆུང་དུ་བཏང་ཆོག

རྒྱུད་ཁོངས་ཧེ་བག(systematic error)ནི་དཔྱད་ཆས་ཀྱི་སྒྲིག་གཞི་ལ་ཞན་ཆ་ལྡན་ཞིང་། དངོས་བཤེར་བྱེད་ཐབས་འོས་ཤིང་འཚམ་པ་ཞིག་མིན་པ་ལས་བྱུང་བ་ཡིན། དཔེར་ན། ཐུར་སྲང་གི་དཔུང་བ་གཉིས་ཡོངས་སུ་མཚུངས་པ་མ་ཡིན་ཚེ་རྒྱུན་ཁོངས་ཧེ་བག་འབྱུང་སྲིད་པ་ལྟ་བུ། ལྗིད་ཤུགས་འགྲོས་སྣོན་ཚད་འཇལ་སྐབས་མཁའ་རླུང་ལ་སོགས་པའི་འགོག་ཤུགས་སེལ་མེད་པས། དེས་ཀྱང་རྒྱུད་ཁོངས་ཧེ་བག་བསླང་སྲིད་པ་ལྟ་བུ། རྒྱུད་ཁོངས་ཧེ་བག་གི་ཁྱད་ཆོས་ནི་ཚད་འཇལ་ཐེངས་མང་དུ་བྱས་པའི་མཇུག་འབྲས་དེ་ནམ་ཡིན་ཡང་གཞལ་བྱའི་གྲངས་ཐང་དངོས་ལས་ཆེ་བ་ཡིན་པས། བྱུང་བའི་མཇུག་འབྲས་སྣ་གཅིག་ཡིན།

.jpg

དཔེ་རིས་དང་པོ། ཐུར་སྲང་འདིའི་གཡས་དཔུང་དེ་གཡོན་དཔུང་ལས་ཅུང་ཙམ་རིང་བར་ཆ་བཞག་བཀོལ་སྐྱོད་ལ་ནོར་འཁྲུལ་མེད་པའི་གནས་ཚུལ་འོག་ཏུ། རྒྱུད་ཁོངས་ཧེ་བག་ཅི་ཞིག་འབྱུང་སྲིད།

 


2 ལྟོས་མེད་ཧེ་བག་དང་ལྟོས་བཅས་ཧེ་བག

སྨི་ཁྲུ་ཡིས་ཟངས་སྐུད་དུམ་བུ་ཞིག་གི་ཚངས་ཐིག་བཅལ་པའི་ཀློག་གྲངས་ནི1.2mmཡིན་པར་ཆ་བཞག  སྨི་ཁྲུའི་ཞིབ་གཙིགས་ཚད་ཀྱི་བཀག་རྒྱའི་དབང་གིས་འབྱེད་ཚད་གྲངས་ཐང(1mm) གི་བཅུ་ཆའི་གཅིག་མ་གཏོགས་ཚོད་དཔག་བྱེད་མི་ཐུབ། ཚོད་དཔག་བྱས་པ་ཡང་དག་མིན་པས།  བྱུང་བའི་ཧེ་བག0.2mmཡིན་སྲིད་ལ་ཐ་ན་དེ་བས་ཀྱང་ཆེ།  ང་ཚོས་གནས་སྐབས་སུ་ཐེངས་འདིར་ཚད་བཅལ་པ་ལས་བྱུང་བའི་ཧེ་བག་ནི0.2mmཡིན་པར་འདོད་ཆོག་སྟེ། ཧེ་བག་དང་ཚད་བཅལ་གྲངས་ཐང་གི་བསྡུར་ནི།

གལ་ཏེ་ཟངས་སྐུད་དེ་ཤིང་དབྱུག་ཅིག་གི་སྟེང་དུ་དཀྲིས་ན་དཀྲི་སྐོར10ཡོད་ལ། དཀྲི་སྐོར10ཡི་ཚངས་ཐིག་བཅལ་པའི་སྡོམ་ནི12.3mm  ཡིན། སྨི་ཁྲུ་གཅིག་བཀོལ་བའི་དབང་གིས1mmཡི་བཅུ་ཆའི་གཅིག་ཚོད་དཔག་བྱས་ཆོག་སྟེ། ཧེ་བག་ད་དུང 0.2mmཡིན་པར་བསམ་ཆོག   ཡིན་ཡང་། ཧེ་བག་འདི་དང་ཚད་བཅལ་གྲངས་ཐང་གི་བསྡུར་གཤམ་ལྟར་གྱུར།

ང་ཚོས་གོང་དུ་བཅལ་པ་ལས་བྱུང་བའི་ཧེ་བག0.2mmལ་ལྟོས་མེད་ཧེ་བག (absolute) ཟེར་ལ།  གོང་དུ་བརྩིས་པའི་གྲངས་ཐང 17%    དང  1.6%  ལ་ལྟོས་བཅས་ཧེ་བག (relative error) ཟེར་ཏེ།

.jpg


ཆ་རྐྱེན་གཅིག་མཐུན་གྱི་འོག་ཏུ་ཚད་བཅལ་པའི་དག་ཚད་མཐོར་འདེགས་བྱེད་ཆེད། གང་ནུས་ཀྱིས་ལྟོས་བཅས་ཧེ་བག་ཇེ་ཆུང་དུ་གཏོང་དགོས་པར་བསམ་བློ་གཏོང་དགོས། དཔེར་ན། ཚེག་འགོད་དུས་བགྲང་ཆས་ཀྱིས་ཆ་སྙོམས་འགྲོས་ཚད་འཇལ་སྐབས།  གནས་སྤོ་ཅུང་རིང་པོ་ཞིག་འདེམ་དགོས་པ་དང་། སྐར་ཆའི་དུས་ཚོད་འཁོར་ལོ་སྤྱད་ནས་གཡོ་ཐོའི་འདར་འགུལ་འཁོར་ཡུན་འཇལ་སྐབས། འདར་འགུལ་ཐེངས་བཅུ་ཕྲག་འགར་བྱས་པའི་དུས་ཚོད་བཅལ་སྡེབ་རྩིས་བྱས་རྗེས།  འདར་འགུལ་གྱི་ཐེངས་གྲངས་ཀྱིས་བགོ་དགོས་པ་ལྟ་བུ། ཡང་དཔར་ན  30gཡས་མས་ཀྱི་ལྕགས་རིལ་ཞིག་གི་སྤུས་ཚད་འཇལ་སྐབས།ཚོར་ཚད0.1gཡིན་པའི་ཐུར་སྲང་འདེམ་དགོས་ཤིང་། ལྟོས་བཅས་ཧེ་བག་ནི་ཕལ་ཆེལ0.3%  ཡིན།  ཡང300g    ཡས་མས་ཀྱི་འཁོར་ལོའི་སྤུས་ཚད་འཇལ་སྐབས།  ཚོར་ཚད1g    ཡིན་པའི་ཐུར་སྲང་སྦོམ་པོ་བདམས་པས་ཆོག  སྐབས་དེའི་ལྟོས་བཅས་ཧེ་བག་ཀྱང་ཕལ་ཆེར0.3%     ཙམ་མ་གཏོགས་མེད།

3 ནུས་ལྡན་གྲངས་ཀ

དཔེ་རིས་གཉིས་པར། སྨི་ཁྲུའི་བརྐོས་ཚད་གཞིར་བཟུང་ནས་ཚེགA ཡི་གནས་ས XA ཀློག་ཐུབ་པ་རེད།  དཔེ་རིས་ལས་བལྟོས་ན།  འབྱེད་ཚད་གྲངས་ཐང1mm  ཡིན་པའི་ཁྲུ་ཙེ་བཀོལ་བ་མ་ཟད།  ཧའོ་སྨི་གྲངས་ཀྱི་གྲངས་གནས་རྗེས་མ་ཚོད་དཔག་བྱས་ན་ཐོབ་པ་སྟེ།  

ཡང་ན།


རྩིས་ཕྲེང་ཁྲོད་ཀྱི་གྲངས་གནས་རྗེས་མའི་གྲངས་ཀ3ནི་ཚོད་དཔག་བྱས་པ་ཡིན་པས་ཡིད་རྟོན་མི་རུང་།XAཡི་གྲངས་ཐང་དངོས་ནི13mmདང14mm  བར་ན་ཡོད། ཡིན་ན་ཡང་ཡིད་རྟོན་མི་རུང་བའི་གྲངས་ཀ 3 ནི་དགོས་མཁོ་ཡོད་པའི་རྐྱེན་གྱིས་སྔར་བཞིན་འབྲི་དགོས།  རྒྱུ་མཚན་ནི་དེས་ཚེགAཡི་གནས་ས་དེ་བརྐོས་ཐིག13mm དང14mmཡི་བར་གྱི་དཀྱིལ་ཚེག་དང་ཉེ་ཞིང13mmདང་ཅུང་ཙམ་ཉེ་བའི་གནས་སུ་ཡོད་པ་མཚོན་པའི་རྐྱེན་ཡིན།

.jpg

དཔེ་རིས་གཉིས་པ། གྲངས་ཀ་ཀློག་སྐབས་ཚོད་དཔག་བྱས་པའི་གྲངས་གནས་གཅིག་བཀླགས་ཆོག

ཡིད་རྟོན་མེད་པའི་གྲངས་གནས་གཅིག་ལྡན་པའི་ཉེ་མཚུངས་གྲངས་འདི་རིགས་ལ་ནུས་ལྡན་གྲངས་ཀ(significant figure)ཟེར།    དཔེར་ན། 13.3mmནི་གནས་གསུམ་ནུས་ལྡན་གྲངས་ཀ་ཡིན་ཞིང་།1.33cm དང་།ཡང་ན།0.0133mརུ་བསྒྱུར་ཚེ་སྔར་བཞིན་གནས་གསུམ་ནུས་ལྡན་གྲངས་ཀ་ཡིན། 

.jpg

དཔེ་རིས་གསུམ་པ། ཚོད་དཔག་བྱས་པའི་གྲངས་ཀ་ནི0ཡིན་ངེས།

གལ་ཏེ་སྔར་བཞིན་སྨི་ཁྲུ་དེ་སྤྱད་ནས་ཚེག   ཡི་གནས་ས་འཇལ་སྐབས།ཚེག B ཡི་ལྟེ་བ་དེ   ཡི་བརྐོས་ཐིག་ཏག་ཏག་ལ་ཁེལ(  དཔེ་རིས་གསུམ་པ) ཡོད་ན།  ཐོ་འགོད་ཇི་ལྟར་བྱེད་དགོས།  ཡང་དག་པ་ནི།

ཡིན་པ་ལས19mmལྟར་འབྲི་མ་འོས།གནས་ཚུལ་འདི་འདྲའི་འོག་ཏུ། 1དང9ནི་ཡིད་རྟོན་རུང་བའི་གྲངས་ཀ་ཡིན་པས། གལ་ཏེ19mmལྟར་བྲིས་ན།གྲངས་ཀ9ནི་ཡིད་རྟོན་མི་རུང་བའི་གྲངས་ཀ་འགྱུར་སྲིད་པས།  དེ་དང་ཚད་འཇལ་དཔྱད་ཆས་ཀྱི་དག་ཚད་དངོས་མི་མཐུན་པ་རེད།  དེ་ལས0   མིན་གྲངས་ཀ་ཡིན་པའི་གྲངས་གནས་ཆེས་རྗེས་མའི་གཞུག་གི་གྲངས་ཀ0ལ་དོན་སྙིང་ཡོད་པ་ཤེས་ཐུབ་པས།  གང་འདོད་དུ་འདོར་བའམ་ཡང་ན་ཁ་སྣོན་བྱེད་མི་ཆོག   འོན་ཀྱང་སིལ་གྲངས་སུ་ཆེས་སྔོན་གནས་ཀྱི0  མིན་པའི་གྲངས་ཀའི་སྔོན་གྱི0 གིས་སིལ་གྲངས་ཚེག་གི་གནས་ས་མཚོན་པ་ལས།   ནུས་ལྡན་གྲངས་ཀ་མིན།  དཔེར་ན  0.92s、0.085kg、0.0063m    བཅས་ལྟ་བུ་ཚང་མ་གནས་གཉིས་ནུས་ལྡན་གྲངས་ཀ་ཡིན། ནུས་ལྡན་གྲངས་ཀ་ཡང་དག་པར་འགོད་ཆེད། ཧ་ཅང་ཆེབའམ་ཡང་ན་ཧ་ཅང་ཆུང་བའི་གྲངས་ཀ་ཐམས་ཅད་ཚན་རིག་གྲངས་འགོད་ཐབས་སྤྱད་ནས་འགོད་དགོས་ཏེ།  དཔེར་ན།   ཟླ་བའི་གོ་ལ་ནས་སའི་གོ་ལའི་ཆ་སྙོམས་བར་ཐག་ནི3.84 ×105kmདང་ཝུ་མ་རྡུལ་གྱི་ཚངས་ཕྱེད་ནི 1.37 ×10-10mལྟར་བཀོད་པ་ལྟ་བུ།

དངོས་བཤེར་གྱི་མཇུག་འབྲས་ནི་རྒྱུན་པར་ཐད་ཀར་ཚད་བཅལ་གྲངས་ཐང་དུ་མ་རྩིས་བརྒྱབ་ནས་ཐོབ་པ་ཡིན་ལ།  ཐད་ཀར་ཚད་བཅལ་གྲངས་ཐང་རེའི་ཧེ་བག་གིས་མཇུག་མཐའི་རྩིས་འབྲས་ལ་ཤུགས་རྐྱེན་འདོན་སྲིད་པས།  གྲངས་རིག་པའི་བྱེད་ཐབས་ངེས་ཅན་སྤྱད་ནས་རྩིས་འབྲས་ཀྱི་ནུས་ལྡན་གྲངས་ཀ་གཏན་ཁེལ་བྱེད་དགོས། ཡིན་ན་ཡང་འདི་ལྟར་ཐག་གཅོད་བྱས་པའི་རྩིས་འབྲས་ཅུང་རྙོག་འཛིང་ཆེ་བས། སློབ་འབྲིང་དུས་སྐབས་སུ་སྤྱིར་རྩིས་འབྲས་ལ་གནས་གཉིས་སམ་ཡང་ན་གནས་གསུམ་ཡོད་པའི་ནུས་ལྡན་གྲངས་ཀ་བླངས་པས་ཆོག



བརྡ་འགྲེལ་གདོང་འཛར།

ཧེ་བག ནུས་ལྡན་གྲངས་ཀ