རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-05 15:17ལ་འགྲུབ།

རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད།

རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད།
དངོས་གཟུགས་མར་ལྷུང་བའི་འགུལ་སྐྱོད་ཅིག་ཡིན། སྐུད་པར་བཏགས་ནས་མར་དཔྱངས་པའི་དངོས་པོ་ལྕི་མོར་མཚོན་ན། གལ་ཏེ་སྐུད་པ་བཅད་ཚེ། ལྗིད་ཤུགས་ཀྱི་བྱེད་ནུས་ལ་བརྟེན་ནས་དྲང་ཐུར་དུ་མར་ལྷུང་བ་དང་། ལག་པ་ལས་བཏང་བའི་རྡོ་བ་ཡང་ལྗིད་ཤུགས་ཀྱི་བྱེད་ནུས་ལ་བརྟེན་ནས་དྲང་ཐུར་དུ་མར་ལྷུང་བ་རེད། ལྗིད་ཤུགས་ཀྱི་བྱེད་ནུས་ཁོ་ནར་བརྟེན་ནས་དངོས་གཟུགས་ཞི་འཇགས་ནས་མར་ལྷུང་མགོ་བརྩམས་པའི་འགུལ་སྐྱོད་ལ་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད (freefall motion) ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自由落体运动
ངོ་བོ།
རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ནི་ཐོག་མའི་འགྲོས་ཚད0ཡིན་པའི་འགྲོས་ཚད་སྙོམས་སྣོན་དྲང་ཐིག་འགུལ་སྐྱོད་ཡིན།
1 རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད།

ལྗིད་ཤུགས་ཀྱི་བྱེད་ནུས་ཁོ་ནར་བརྟེན་ནས་དངོས་གཟུགས་ཞི་འཇགས་ནས་མར་ལྷུང་མགོ་བརྩམས་པའི་འགུལ་སྐྱོད་ལ་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད (freefall motion)     ཟེར། འགུལ་སྐྱོད་འདི་རིགས་མཁའ་རླུང་མེད་པའི་བར་སྟོང་ཁོ་ནར་ད་གཟོད་འབྱུང་ཐུབ། མཁའ་རླུང་ཡོད་པའི་བར་སྟོང་དུ། གལ་ཏེ་མཁའ་རླུང་གི་འགོག་ཤུགས་ཀྱི་བྱེད་ནུས་ཅུང་ཆུང་ན་སྣང་མེད་དུ་བཞག་ཆོག་ཅིང་།  དངོས་གཟུགས་མར་ལྷུང་བ་དེའང་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་དུ་བལྟས་ཆོག    

དོན་དངོས་མང་པོ་ལས་མཚོན་པ་ལྟར་ན། རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ནི་ཐོག་མའི་འགྲོས་ཚད 0 ཡིན་པའི་འགྲོས་ཚད་སྙོམས་སྣོན་དྲང་ཐིག་འགུལ་སྐྱོད་ཡིན།

2 རང་དབང་ལྷུང་གཟུགས་ཀྱི་འགྲོས་སྣོན་ཚད།

དངོས་གཟུགས་མི་འདྲ་བ་སྤྱད་ནས་དངོས་གཤེར་ཡང་ཡང་བྱས་པ་ལས། ས་གནས་གཅིག་ཏུ་དངོས་གཟུགས་མཐའ་དག་རང་ཤུགས་ཀྱིས་མར་ལྷུང་བའི་འགྲོས་སྣོན་ཚད་འདྲ་མཚུངས་ཡིན་པ་གསལ་བོར་མཚོན།  འགྲོས་སྣོན་ཚད་དེར་རང་དབང་ལྷུང་གཟུགས་ཀྱི་འགྲོས་སྣོན་ཚད(fereefall acceleration)ཟེར།  ལྗིད་ཤུགས་འགྲོས་སྣོན་ཚད(gravitational acceleration)ཀྱང་ཟེར། རྒྱུན་པརgཡིས་མཚོན།

ལྗིད་ཤུགས་འགྲོས་སྣོན་ཚད་ཀྱི་ཁ་ཕྱོགས་དྲང་ཐུར་དུ་ཕྱོགས་པ་དང་། དེའི་ཆེ་ཆུང་ཐབས་སྣ་ཚོགས་སྤྱད་དེ་དངོས་བཤེར་གྱི་ལམ་ནས་ཚད་འཇལ་ཆོག

ཞིབ་ཚགས་གྱིས་དངོས་བཤེར་བྱས་པ་ལས་རྟོགས་པ་སྟེ། སའི་གོ་ལའི་སྟེང་གི་ས་གནས་མི་འདྲ་བརgཡི་ཆེ་ཆུང་ཡང་མི་འདྲ་སྟེ། ཐིག་དམར་དུg=9.780m/sདང་།པེ་ཅིན་དུ g=9.801m/s2 ཡིན།   སྤྱིར་བཏང་གི་རྩིས་རྒྱག་སྐབས།  g=9.8m/s2ཡང་ནg=10m/sབླངས་ཆོག  སློབ་དེབ་འདིའི་ནང་དུ་གལ་ཏེ་དམིགས་བསལ་གྱིས་གསལ་བཤད་བྱས་མེད་ན།  ཡོད་ཚད་ལ g=10m/s2 ཡིན་པར་བྱས་ནས་རྩིས་ཆོག

རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ནི་ཐོག་མའི་འགྲོས་ཚད0ཡིན་པའི་འགྲོས་ཚད་སྙོམས་སྣོན་དྲང་ཐིག་འགུལ་སྐྱོད་ཡིན་པས།  འགྲོས་ཚད་སྙོམས་འགྱུར་དྲང་ཐིག་འགུལ་སྐྱོད་ཀྱི་རྩ་བའི་སྤྱི་འགྲོས་དང་དེའི་རིགས་བསྒྲེ་ཐམས་ཅད་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ལ་འཚམས།  སྤྱི་འགྲོས་འདི་དག་ནང་གི་ཐོག་མའི་འགྲོས་ཚད υ དེ0དང་།  འགྲོས་སྣོན་ཚདαདེgཡིས་ཚབ་བྱས་པས་ཆོག

3 རང་དབང་ལྷུང་གཟུགས་འགུལ་སྐྱོད་ཀྱི་ཁྱད་ཆོས་གཙོ་བོ།

1.རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ནི་ཐོག་མའི་འགྲོས་ཚད 0 ཡིན་པའི་འགྲོས་ཚད་སྙོམས་སྣོན་དྲང་ཐིག་འགུལ་སྐྱོད་ཅིག་ཡིན།

2.དངོས་གཟུགས་ཤིག་ཞི་འཇགས་ཀྱི་རྣམ་པ་ནས་མར་ལྷུང་བའི་བརྒྱུད་རིམ་དུ་ལྗིད་ཤུགས་ཀྱི་བྱེད་ནུས་ཁོ་ནར་བརྟེན་པའམ་ཐེབས་པའི་སྡོམ་ཤུགས0ཡིན།

3.དངོས་གཟུགས་གང་དང་གང་ཞིག་མཐོ་ཚད་འདྲ་མཚུངས་ཡིན་པ་ལས་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་བྱེད་སྐབས་མར་ལྷུང་བའི་དུས་ཚོད་འདྲ་མཚུངས་ཡིན།

4 རང་དབང་ལྷུང་གཟུགས་འགུལ་སྐྱོད་ཀྱི་སྤྱི་འགྲོས།
.jpg


ཐོག་མའི་འགྲོས་ཚད།

.jpg


མཐའ་མའི་འགྲོས་ཚད།

.jpg


མར་ལྷུང་བའི་མཐོ་ཚད།

.jpg


མར་ལྷུང་བའི་དུས་ཚོད།

.jpg