གསུང་རབ་ཤུགས་རིག་པའི་ཚད་བཀག་རང་བཞིན།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-09-05 09:09ལ་འགྲུབ།

གསུང་རབ་ཤུགས་རིག་པའི་ཚད་བཀག་རང་བཞིན།

གསུང་རབ་ཤུགས་རིག་པའི་ཚད་བཀག་རང་བཞིན།
ས་ངོས་ཀྱི་དངོས་གཟུགས་འགུལ་སྐྱོད་ནས་གནམ་གཟུགས་ཀྱི་འགུལ་སྐྱོད་དང་། རླུང་ཁམས་ཆེན་མོའི་རྒྱུག་འགུལ་ནས་ཤུན་གྱི་འགྱུར་ལྡོག ཆུ་རགས་དང་ཟམ་པ་བསྐྲུན་པ་ནས་འཕྲུལ་ཆས་སྣ་ཚོགས་ཇུས་འགོད་བྱེད་པ། ལྕགས་རྟ་ནས་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་དེང་རབས་འགྲིམ་འགྲུལ་ཡོ་ཆས་ཀྱི་འགུལ་སྐྱོད། སྤོ་ལོ་འཕེན་པ་ནས་འཕུར་མདེལ་དང་། མིས་བཟོས་འཁོར་སྐར། འཇིག་རྟེན་འཕུར་གྲུ་གཏོང་བ་སོགས་ཚང་མས་གསུང་རབ་ཤུགས་རིག་པའི་ཆོས་ཉིད་དང་ལེན་བྱས་ཡོད། གསུང་རབ་ཤུགས་རིག་པ་ནི་འདི་འདྲའི་ཚན་ཁོངས་རྒྱ་ཆེན་པོ་རུ་དོན་དངོས་དང་མཐུན་ཡོད་པས། དེ་ལས་ཉིའུ་ཏུན་འགུལ་སྐྱོད་གཏན་སྲོལ་གྱི་ཡང་དག་རང་བཞིན་དང་གསུང་རབ་ཤུགས་རིག་པའི་ཡིད་འཕྲོག་ནུས་པ་མངོན་པར་བྱས་ཡོད། ཡིན་ནའང་། ཚན་རིག་ཡོད་ཚད་དང་འདྲ་བར། གསུང་རབ་ཤུགས་རིག་པ་ཡང་བདེན་དོན་ཡོད་ཚད་ལ་མཐའ་གཅིག་ཏུ་ཁྱབ་མི་ཐུབ་པས། དེ་ལའང་ཚད་བཀག་རང་བཞིན་ལྡན་པ་དང་། དེ་ནི་ཚན་རིག་གཞུང་ལུགས་ཀུན་དང་འདྲ་བར། དཀྲོལ་ཚད་མེད་པའི་མཉམ་སྒྲོག་རོལ་དབྱངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经典力学的局限性
1 འགྲོས་དལ་ནས་འགྲོས་མགྱོགས།

དངོས་གཟུགས་སྣ་ཚོགས་ཀྱི་འགུལ་སྐྱོད་དང་། འགྲོས་ཚད་ཚང་མ་སྟོང་སངས་ཁྲོད་ཀྱི་འོད་འགྲོས་ལས་ཧ་ཅང་ཆུང་། འགུལ་སྐྱོད་དེ་དག་ཐག་གཅོད་པར་གསུང་རབ་ཤུགས་རིག་པ་བཀོལ་ན་ཧ་ཅང་འཚམ་པ་ཡིན། དུས་རབས20པའི་དུས་མགོར། དངོས་ལུགས་རིག་པ་བ་གྲགས་ཅན་ཨིན་སི་ཐེན་གྱི་ཁྱབ་ཅུང་ལྟོས་བཅས་སྨྲ་བ་བཏོན་པ་རེད། ཁྱབ་ཆུང་ལྟོས་བཅས་སྨྲ་བས་དངོས་གཟུགས་ཤིག་ཧ་ལམ་འོད་ཀྱི་འགྲོས་ཚད་ལྟར་འགུལ་སྐྱོད་བྱེད་སྐབས་བརྩི་སྲུང་བྱེད་པའི་ཆོས་ཉིད་ཞིབ་བརྗོད་བྱས་ཏེ། གསུང་རབ་ཤུགས་རིག་པ་དང་མི་མཐུན་པའི་ལྟ་བ་དང་སྡོམ་ཚིག་ཁ་ཤས་བཀོད་ཡོད།

དཔེར་ན། གསུང་རབ་ཤུགས་རིག་པ་རུ། དངོས་གཟུགས་ཀྱི་སྤུས་ཚདmནི་འགུལ་སྐྱོད་ཀྱི་རྣམ་པ་དང་བསྟུན་ནས་མི་འགྱུར། ཡིན་ནའང་ཁྱབ་ཆུང་ལྟོས་བཅས་སྨྲ་བ་ལས། སྤུས་ཚད་ནི་དངོས་གཟུགས་འགུལ་སྐྱོད་ཀྱི་འགྲོས་ཚད་ཇེ་ཆེར་གྱུར་པ་དང་བསྟུན་ནས་ཇེ་ཆེར་འགྱུར་དགོས་ཞེས་བསྟན་ཡོད་དེ།

མཚོན་ཚུལ་ལསm0ནི་དངོས་གཟུགས་ཞི་འཇགས་སུ་གནས་སྐབས་ཀྱི་སྤུས་ཚད་ཡིན་ལ། mནི་དངོས་གཟུགས་ཀྱི་འགྲོས་ཚདυཡིན་སྐབས་ཀྱི་སྤུས་ཚད་དང་། cནི་སྟོང་སངས་ཀྱི་འོད་འགྲོས་ཡིན།

གོང་གི་མཚོན་ཚུལ་ལྟར་བརྩི་བརྒྱབ་ན། འགྲོས་དལ་འགུལ་སྐྱོད་དུ། དཔེར་ན་སའི་གོ་ལ་འགྲོས་ཚད3×104m/sལྟར་ཉི་མར་སྤྱི་འཁོར་བྱེད་སྐབས། དེའི་སྤུས་ཚད་ཇེ་ཆེར་གྱུར་པ་ཧ་ཅང་ཆུང་བས་མེད་པར་བལྟས་ཆོག དེར་གསུང་རབ་ཤུགས་རིག་པ་སྤྱོད་འོས། ཡིན་ནའང་དངོས་གཟུགས་ཀྱི་འགྲོས་ཚད་ནི་འོད་འགྲོསcདང་ཉེ་བ་སྟེ། དཔེར་ན་འགྲོས་ཚདυ=0.8cསྐབས། དངོས་གཟུགས་ཀྱི་སྤུས་ཚད་ཇེ་ཆེར་གྱུར་ནས་ཧ་ལམ་ཞི་འཇགས་སྐབས་ཀྱི་ལྡབ1.7ཡིན་པས། སྐབས་དེར་གསུང་རབ་ཤུགས་རིག་པ་སྤྱོད་མི་འོས།

ཡང་དཔེར་ན། ཆུ་བོ་ཞིག་འགྲམ་ངོགས་ལ་བལྟོས་ན་འགྲོས་ཚདυཆུ་ངོགསལྟར་བཞུར་བ་དང་། ཆུ་ཐོག་གི་གྲུ་གཟིངས་ཆུ་བོ་ལ་བལྟོས་ན་འགྲོས་ཚདυགྲུ་ཆུ ལྟར་ཆུའི་བཞུར་ཕྱོགས་དང་བསྟུན་ནས་བསྐྱོད་པ་རེད། གསུང་རབ་ཤུགས་རིག་པ་རུ། འགྲམ་ངོགས་ལ་བལྟོས་ན་གྲུ་གཟིངས་ཀྱི་འགྲོས་ཚད་ནི།

.jpg

ཉམས་མྱོང་ལྟར་ན། འདི་ནི་དངོས་གཟུགས་ལུགས་མཐུན་སྨོས་མེད་ཅིག་ཡིན། ཡིན་ནའང་ཞིབ་མོར་བལྟས་ཚེ།  འབྲེལ་བའི་ཚུལ་འདི་གོམས་གཤིས་ཟུར་ལྟའི་མ་ལག་མི་མཐུན་པ་གཉིས་དང་འབྲེལ་བ་ཡོད་ལ། འགྲོས་ཚད་ནམ་ཡང་གནས་སྤོ(བར་སྟོང་རིང་ཚད)དང་དུས་ཚོད་བར་ཆོད་འཇལ་བ་དང་འབྲེལ་བ་ཡོད། ཉིའུ་ཏུན་གྱིས་གནས་སྤོ་དང་དུས་ཚོད་ཀྱི་ཚད་འཇལ་བ་དེ་ཟུར་ལྟའི་མ་ལག་དང་འབྲེལ་བ་མེད་པར་འདོད། དུས་དང་བར་སྟོང་གི་ལྟ་བ་ལྟར་ན། གོང་གི་མཚོན་ཚུལ་ད་གཟོད་ཚུགས་ཐུབ་པ་ཡིན། ཡིན་ནའང་། ལྟོས་བཅས་སྨྲ་བ་ལྟར་ན་གོ་རིམ་གཅིག་པའི་གནས་སྤོ་དང་དུས་ཚོད་ཀྱི་ཚད་བཅལ་བ་དེ་ཟུར་ལྟའི་མ་ལག་མི་མཐུན་པར་གཅིག་པ་མིན་པས། གོང་གི་མཚོན་ཚུལ་མི་ཐུབ་ལ། གསུང་རབ་ཤུགས་རིག་པའང་དེར་སྤྱོད་མི་འོས།

2 ཆེ་མཐོང་ནས་ཕྲ་མཐོང་།

དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་མགོར། དངོས་ལུགས་རིག་པས་ཕྲ་མཐོང་འཇིག་རྟེན་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། གློག་རྡུལ་དང་། སྤུས་རྡུལ་སོགས་ཀྱི་ཕྲ་མཐོང་རིལ་རྡུལ་རྙེད་པ་མ་ཟད། དེ་དག་ལ་རིལ་རྡུལ་རང་བཞིན་ལས་གཞན། ད་དུང་རླབས་འགུལ་རང་བཞིན་ལྡན་པའང་རྟོགས་བྱུང་། གནས་ཚུལ་མང་པོ་ཞིག་ཏུ་དེ་དག་གི་འགུལ་སྐྱོད་ཆོས་ཉིད་དེ་གསུང་རབ་ཤུགས་རིག་པའི་ལམ་ནས་གསལ་བཤད་བྱེད་མི་ཐུབ། དུས་རབས20པའི་ལོ་རབས20ལ་ཚད་རྡུལ་ཤུགས་རིག་པ་བྱུང་ཅིང་། དེས་ཕྲ་མཐོང་རིལ་རྡུལ་འགུལ་སྐྱོད་ཀྱི་ཆོས་ཉིད་ཡང་དག་པར་ཞིབ་བརྗོད་བྱས་པ་མ་ཟད། དེང་རབས་ཚན་རིག་ལག་རྩལ་ལ་བྱེད་ནུས་གལ་ཆེན་བཏོན་ཡོད། གསལ་བོར་བཤད་ན། གསུང་རབ་ཤུགས་རིག་པ་ནི་སྤྱིར་བཏང་དུ་ཕྲ་མཐོང་རིལ་རྡུལ་གྱི་ཐད་ལ་སྤྱོད་མི་འོས་པ་བསྟན་ཡོད།

ལྟོས་བཅས་སྨྲ་བ་དང་ཚད་རྡུལ་ཤུགས་རིག་པ་བྱུང་བ་ལས་འགྲོ་བ་མིས་རང་བྱུང་ཁམས་ལ་ངོས་བཟུང་བ་དེ་བས་རྒྱ་ཆེ་ཞིང་གཏིང་ཟབ་ཏུ་གྱུར་པ་མཚོན་པ་ལས། གསུང་རབས་ཤུགས་རིག་པར་དོན་སྙིང་མེད་པ་མིན། དེས་མི་རྣམས་ལ་གསུང་རབ་ཤུགས་རིག་པར་རང་ཉིད་ཀྱི་སྤྱོད་ཁོངས་ཡོད་པ་སྟེ། འགྲོས་དལ་འགུལ་སྐྱོད་དུ་སྤྱོད་འོས་པས། འགྲོས་མགྱོགས་འགུལ་སྐྱོད་དུ་སྤྱོད་མི་འོས་པ་དང་། ཆེ་མཐོང་འཇིག་རྟེན་དུ་སྤྱོད་འོས་པ་ལས། ཕྲ་མཐོང་འཇིག་རྟེན་དུ་སྤྱོད་མི་འོས་པ་ངོས་ཟིན་དུ་བཅུག་ཡོད།

3 འགུག་ཤུགས་ཞན་པ་ནས་འགུག་ཤུགས་དྲག་པོ།

ཀུན་ལྡན་འགུག་ཤུགས་གཏན་སྲོལ་གསར་རྟོགས་བྱུང་བ་ལས་གནམ་གཟུགས་འགུལ་སྐྱོད་ཀྱི་ཆོས་ཉིད་འགྲེལ་བརྒྱབ་པ་མ་ཟད། སྔོན་དཔག་ལྟར་སྐར་མ་གནམ་རྒྱལ་དང་ཉི་མའི་ཁྱིམ་རྒྱུད་ཀྱི་གནམ་གཟུགས་གཞན་པ་གསར་དུ་རྙེད། དེས་ད་དུང་ས་ངོས་དངོས་གཟུགས་ཀྱི་འགུལ་སྐྱོད་ཆོས་ཉིད་དང་ནམ་མཁའི་སྐར་གཟུགས་ཀྱི་འགུལ་སྐྱོད་ཆོས་ཉིད་ཐོག་མར་གཅིག་གྱུར་བྱས་ཏེ། གསུང་རབ་ཤུགས་རིག་པ་སྐབས་དེའི་ཚན་རིག་གི་ཡང་རྩེར་སོན་དུ་བཅུག་པ་རེད།

ཡིན་ནའང་། ཉིའུ་ཏུན་གྱི་ཀུན་ལྡན་འགུག་ཤུགས་གཏན་སྲོལ་ལྟར་བརྩིས་ན། རྒྱུ་སྐར་གྱི་འགུལ་སྐྱོད་འཇོང་དབྱིབས་སམ་སྒོར་དབྱིབས་ཡིན་དགོས། རྒྱུ་སྐར་ནི་འཇོང་དབྱིབས་སམ་སྒོར་དབྱིབས་ལྟར་འཁོར་ཡུན་རང་བཞིན་གྱི་འགུལ་སྐྱོད་བྱེད་པ་ཡིན། ཡིན་ནའང་། གནམ་དཔྱད་ལྟ་འཇལ་བྱས་པ་ལྟར་ན། རྒྱུ་སྐར་འཁོར་ལམ་གྱི་ཁ་དམ་པོར་ཟུམ་ཞིང་འཕྲོད་པ་ཞིག་མིན་པར། དེ་དག་གི་ཉི་ཉེ་གནས་རྒྱུན་མ་ཆད་པར་ནང་འཁོར་བྱེད་པ་དཔེ་རིས་དང་པོ་ལྟར་ཡིན།

.jpg

དཔེ་རིས་དང་པོ། སྐར་མ་ལྷག་པའི་སྤྱི་འཁོར་འཁོར་ལམ་མུ་མཐུད་དུ་ནང་འཁོར་བྱེད་པ།

གསུང་རབ་ཤུགས་རིག་པས་འགྲེལ་བ་རགས་ཙམ་བརྒྱབ་ཆོག ཡིན་ནའང་། སྐར་མ་ལྷག་པ་ནང་འཁོར་བྱས་པའི་ལྟ་འཇལ་གྲངས་ཐང་དངོས་དེ་གསུང་རབ་ཤུགས་རིག་པའི་སྔོན་དཔག་གྲངས་ཐང་ལས་ཆེ་བ་རེད། དུས་རབས19པ་ནས་བཟུང་། ཚན་རིག་པ་ཚོས་གནད་དོན་དེར་དོ་སྣང་བྱས་ཀྱང་། ཡིན་ནའང་འགྲེལ་བ་དཔྱིས་ཕྱིན་པ་ཞིག་རྒྱག་མ་ཐུབ། སྤྱི་ལོ1915ལོར་ཨིན་སི་ཐེན་གྱིས་ཁྱབ་ཆེའི་ལྟོས་བཅས་སྨྲ་བ་གསར་གཏོད་བྱས་པ་དང་། དེ་ནི་དུས་སྟོང་དང་འགུག་ཤུགས་ཀྱི་གཞུང་ལུགས་གསར་བ་ཞིག་ཡིན། ཁོང་གིས་ཁྱབ་ཆེའི་ལྟོས་བཅས་སྨྲ་བ་ལྟར་སྐར་མ་ལྷག་པ་ཉི་ཉེ་གནས་སུ་ནང་འཁོར་བྱེད་པར་ལོ་ངོ་བརྒྱ་རེར་ཟུར་བསྣན་གྲངས་ཐང43ཡིན་པར་བརྩིས་པ་དང་། དུས་མཚུངས་སུ་ད་དུང་འོད་ཐིག་སྤུས་ཚད་ཆེ་བའི་སྐར་གཟུགས་ཀྱི་ཉེ་འགྲམ་དུ་བརྒྱུད་པ་སྟེ། དཔེར་ན་ཉི་མའི་ཉེ་འགྲམ་དུ་བརྒྱུད་སྐབས་ཡོ་འཁོར་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པར་སྔོན་དཔག་མཛད། དེ་དག་ཚང་མ་ལྟ་འཇལ་ལས་ར་སྤྲོད་བྱས་ཟིན།

ཉིའུ་ཏུན་ཀུན་ལྡན་འགུག་ཤུགས་གཏན་སྲོལ་གཞིར་བཟུང་ན། ཟླུམ་དབྱིབས་གནམ་གཟུགས་ཤིག་གི་སྤྱིའི་སྤུས་ཚད་མི་འགྱུར་བར། དེའི་ཚངས་ཕྱེད་གནོན་འཁུམ་བྱས་ནས་ཇེ་ཆུང་དུ་བཏང་བར་ཆ་བཞག་ན། གནམ་གཟུགས་ཕྱི་ངོས་ཀྱི་འགུག་ཤུགས་ཇེ་ཆེར་གྱུར་སྲིད། ཚངས་ཕྱེད་སྔར་གྱི་ཉིས་ཆའི་གཅིག་ཏུ་ཇེ་ཆུང་དུ་བཏང་ན། འགུག་ཤུགས་དེ་སྔར་གྱི་ཉིས་ཆའི་གཅིག་ཏུ་ཇེ་ཆུང་དུ་བཏང་ན། འགུག་ཤུགས་དེ་སྔར་གྱི་ལྡབ་བཞི་རུ་འཕར་བ་ཡིན། འདི་ནི་རྒྱུན་དུ་བཤད་པའི་རང་ཉིས་སྒྱུར་ལྡོག་སྡུར་ཆོས་ཉིད་ཡིན། ཨིན་སི་ཐེན་འགུག་ཤུགས་གཞུང་ལུགས་ལས། ཤུགས་དེ་དོན་དངོས་སུ་འཕར་བ་དེ་བས་ཀྱང་མགྱོགས་པ་མཚོན། གནམ་གཟུགས་ཀྱི་ཚངས་ཕྱེད་ཇི་ལྟར་ཆུང་ན། ཧེ་བག་དེ་ལྟར་ཆེ་བ་ཡིན།

ཉི་མའམ་ཡང་ན་རྒྱུ་སྐར་གྱི་འགུག་ཤུགས་ར་བ་ནས། ཨིན་སི་ཐེན་ནམ་ཡང་ན་ཉིའུ་ཏུན་གྱི་གཞུང་ལུགས་ལས་ཐོབ་པའི་འགུག་ཤུགས་ལ་ཧེ་བག་ཆེན་པོ་མེད། ཡིན་ནའང་འཇིག་རྟེན་གྱི་གནམ་གཟུགས་ལ་ལ་སྟེ། དཔེར་ན་དཀར་ཆུང་བརྟན་སྐར་ལྟ་བུའོ།། སྤུས་ཚད་ཉི་མ་དང་ཉེ་ན། ཚངས་ཕྱེད་ཕལ་ཆེར་སའི་གོ་ལ་དང་འདྲ་བས། སྟུག་ཚད108~1010kg/m3ལ་སླེབས་པ་དང་། མ་ནིང་རྡུལ་སྐར་མའི་སྟུག་ཚད1016~1019kg/m3ལ་སླེབས་པ་རེད། གནམ་གཟུགས་དེ་དག་ནི་ཕྱི་ངོས་ཀྱི་འགུག་ཤུགས་རྒྱུན་དུ་མཐོང་བའི་འགུག་ཤུགས་ལས་ཧ་ཅང་དྲག་པོ་ཡིན་པས། དེ་དག་ལ་ཉིའུ་ཏུན་གྱི་འགུག་ཤུགས་གཞུང་ལུགས་སྤྱོད་མི་འོས།

ཚན་རིག་འཕེལ་རྒྱས་ཀྱི་བྱུང་རིམ་འདི་ལྟ་བུ་ལ། དབྱིན་ཇིའི་འཁྲབ་གཞུང་རྩོམ་མཁན་ཞའོ་པའོ་ན་ཡིས་རྩེད་མཚར་གྱི་ཚུལ་དུ“ཚན་རིག་ནི་ནམ་ཡང་ཡང་དག་ནས་ནོར་འཁྲུལ་གྱི་ཕྱོགས་སུ་འགྲོ་བ་རེད”ཅེས་པའི་གཏམ་འདི་བཞད་གད་ཀྱི་ལམ་ནས་ཞིབ་བརྗོད་བྱེད་སྟངས་ཤིག་ཏུ་བརྩིས་ནའང་མི་ཆོག་རྒྱུ་མེད།

ཡིན་ནའང་། ལོ་རྒྱུས་སྟེང་གི་ཚན་རིག་གྲུབ་འབྲས་དེ་ཚན་རིག་གྲུབ་འབྲས་གསར་བས་དགག་མི་སྲིད་པར། ཆ་རྐྱེན་ག་གེ་མོ་ཞིག་གི་གནས་ཚུལ་ཁག་གཅིག་ཏུ་བརྩིས་ནས་ཚན་རིག་གྲུབ་འབྲས་གསར་བའི་ཁོངས་སུ་སྡུད་པ་ཡིན། དངོས་གཟུགས་འགུལ་སྐྱོད་ཀྱི་འགྲོས་ཚད་དེ་འོད་འགྲོསcལས་ཧ་ཅང་ཆུང་སྐབས། ལྟོས་བཅས་སྨྲ་བའི་དངོས་ལུགས་རིག་པ་དང་གསུང་རབ་དངོས་ལུགས་རིག་པའི་སྡོམ་ཚིག་ལ་ཁྱད་པར་མེད། གལ་ཆེ་བའི་རྒྱུན་གྲངས་གཞན་པ་ཞིག་སྟེ་ཕི་ལན་ཁི་རྒྱུ་ཚད་ལ་བསམ་བློ་གཏོང་མི་དགོས་པའི་སྐབས་སུ། ཚད་རྡུལ་ཤུགས་རིག་པ་དང་གསུང་རབ་ཤུགས་རིག་པའི་སྡོམ་ཚིག་ལ་ཁྱད་པར་མེད། ལྟོས་བཅས་སྨྲ་བ་དང་ཚད་རྡུལ་ཤུགས་རིག་པས་སྔོན་ཆད་ཀྱི་ཚན་རིག་ཁས་མ་བླངས་པ་མིན་པར། སྔོན་ཆད་ཀྱི་ཚན་རིག་ནི་རང་གི་ཆ་རྐྱེན་ངེས་ཅན་གྱི་གནས་ཚུལ་དམིགས་བསལ་ཅན་ཡིན་པར་ངོས་བཟུང་བ་རེད། ལྟོས་བཅས་སྨྲ་བ་དང་ཚད་རྡུལ་ཤུགས་རིག་པ་ལས་གང་ཞིག་གཞུང་ལུགས་ཆེན་མོའི་གནས་ཚུལ་དམིགས་བསལ་ཅན་ཡིན་ཞེ་ན། ང་ཚོས་ད་ལྟ་ད་དུང་ཤེས་མི་ཐུབ།


བརྡ་འགྲེལ་གདོང་འཛར།

ཤུགས་རིག་པ། འགྲོས་ཚད། འགུག་ཤུགས།