ཀཱ་ལི་ལེ་ཡིས་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པ།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-31 10:11ལ་འགྲུབ།

ཀཱ་ལི་ལེ་ཡིས་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པ།

ཀཱ་ལི་ལེ་ཡིས་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པ།
ཀཱ་ལི་ལེ་ལ་རང་བྱུང་ཁམས་ཀྱི་ཆོས་ཉིད་ནི་རྙོག་འཛིང་མིན་ཞིང་རྟོགས་སླ་བ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱུང་ཞིང་། དེ་ལྟ་བུའི་ཡིད་ཆེས་ཀྱི་བསམ་པར་བརྟེན་ནས་ལྷུང་གཟུགས་ཀྱང་ཆེས་སྟབས་བདེ་བའི་འགྲོས་འགྱུར་འགུལ་སྐྱོད་ཅིག་ཡིན་ངེས། ཆེས་སྟབས་བདེ་བའི་འགྲོས་འགྱུར་འགུལ་སྐྱོད་ཀྱི་འགྲོས་ཚད་ནི་སྙོམས་འགྱུར་བྱེད་པ་ཞིག་ཡིན་པ་ཚོད་དཔག་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伽利略对自由落体运动的研究
1 ལོ་ཉིས་སྟོང་རིང་གི་ནོར་འཁྲུལ།

ལྷུང་གཟུགས་ཀྱི་འགུལ་སྐྱོད་ནི་རྒྱུན་པར་མཐོང་བའི་འགུལ་སྐྱོད་ཅིག་ཡིན་མོད། འོན་ཀྱང་མིའི་རིགས་ཀྱིས་ཕེལ་ཆེར་ལོ་ངོ་ཉིས་སྟོང་ལྷག་འགོར་རྗེས་ད་གཟོད་དེ་ངོས་ཟིན་པ་རེད། ཨིན་སུ་ཐེན་གྱིས་སྔར་སེམས་འགུལ་ཐེབས་པའི་སྒོ་ནས“ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འགུལ་སྐྱོད་ཐད་ཀྱི་གནད་དོན་དེ་ཧ་ཅང་རྙོག་འཛིང་ཆེ་བས་ངོས་འཛིན་གསལ་བོར་བྱེད་མི་ཐུབ”ཅེས་གསུངས་མྱོང་། གནའ་བོའི་གྷི་རིག་གི་ཡོན་ཏན་པ་ཡ་ལིས་ཧྲི་ཏོ་ཏེ་ཕལ་ཆེར་འགུལ་སྐྱོད་ཀྱི་གནད་དོན་ཐད་ལ་ཞིབ་འཇུག་བྱེད་མཁན་ཆེས་ཐོག་མ་རེད།

.jpg

དཔེ་རིས་དང་པོ། ཡ་ལིས་ཧྲི་ཏོ་ཏེ།(Aristotle སྤྱི་ལོ་སྔོན་གྱི384-སྤྱི་ལོ་སྔོན་གྱི322)

མར་ལྷུང་བའི་དངོས་གཟུགས་ཤིག་གི་དལ་མགྱོགས་དེ་རྒྱུ་རྐྱེན་ཅི་འདྲ་ཞིག་ལ་རག་ལས་པ་ཡིན་ཞེ་ན། རྒྱུན་དུ་ལྟ་ཞིབ་བྱས་པ་ལས་རྡེའུ་ཞིག་མར་ལྷུང་བ་ཤིང་ལོ་ལས་མགྱོགས་པ་ཤེས།    ཡ་ལིས་ཧྲི་ཏོ་དེས་དངོས་གཟུགས་མར་ལྷུང་བའི་དལ་མགྱོགས་ནི་དེ་དག་གི་ལྗིད་ཚད་ལ་རག་ལས་པར་འདོད། ཁོའི་བཤད་ཚུལ་དེ་མི་རྣམས་ཀྱི་རྒྱུན་ཤེས་དང་མཐུན་པས། དེའི་རྗེས་ཀྱི་ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ཚང་མས་དེ་གསུང་རབ་ཏུ་བརྩིས་ནས་བཀུར།

2 གཏན་ཚིགས་ཀྱི་སྟོབས་ཤུགས།

དུས་རབས16པའི་མཇུག་ཏུ། དབྱི་ཐ་ལིའི་པི་ས་སློབ་གྲྭ་ཆེན་མོའི་ན་གཞོན་ཡོན་ཏན་པ་ཀཱ་ལི་ལེ་ནི(Galilei,1564-1642)ཡ་ལིས་ཧྲི་ཏོ་ཏེའི་ཆོད་གཏམ་དེར་དོགས་པ་སྐྱེང་ཤིང་། ཁོས་སྤྱི་ལོ1638ལོར་དཔེ་སྐྲུན་བྱས་པའི《ཚན་རིག་གསར་བ་རིགས་ཉིས་ཀྱི་གླེང་མོལ》ཞེས་པའི་གསུང་རྩོམ་དུ་དེའི་ཐད་ལ་དཔྱད་གཏམ་བརྗོད་པ་རེད།

.jpg

དཔེ་རིས་གཉིས་པ། པོ་སིའི་ཡོ་འགྱིང་མཆོད་རྟེན། ངག་རྒྱུན་ལྟར་ན་ཀཱ་ལི་ལེ་ཡིས་གནས་དེ་རུ་དངོས་བཤེར་བསྒྲུབས་མྱོང་མོད། འོན་ཀྱང་དེའི་རྗེས་སུ་གཞན་གྱིས་ཁུངས་འཚོལ་རང་སྤྲོད་བྱས་ནས་དགག་པ་རེད། ཡིན་ན་ཡང་འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་མི་ཐམས་ཅད་དེ་རུ་ལྟ་སྐོར་དུ་སོང་ལ། ཁོ་ཚོས་གནའ་རབས་ཀྱི་མཆོད་རྟེན་དེ་ཀཱ་ལི་ལེའི་དྲན་རྟེན་རྡོ་རིང་དུ་བརྩིས།


ཡ་ལིས་ཧྲི་ཏོ་ཏེའི་ཆོད་གཏམ་ལྟར་ན། རྡོ་ཆེན་པོ་ཞིག་མར་ལྷུང་བའི་འགྲོས་ཚད་དེ་རྡེའུ་ཞིག་མར་ལྷུང་བའི་འགྲོས་ཚད་ལས་ཆེ་སྲིད་པ་རེད། གལ་ཏེ་རྡོ་ཆེན་པོ་མར་ལྷུང་བའི་འགྲོས་ཚད་ནི8དང་རྡེའུ་མར་ལྷུང་བའི་འགྲོས་ཚད་ནི4ཡིན་པར་ཆ་བཞག་སྟེ། ང་ཚོས་རྡོ་དེ་གཉིས་མཉམ་གཅིག་ཏུ་བསྡམས་ན། རྡོ་ཆེན་པོ་དེ་རྡེའུ་ཡིས་འཐེན་ནས་ཇེ་དལ་དུ་སོང་མཐར། བརྒྱུད་རིམ་ཧྲིལ་བོའི་འགྲོས་ཚད8ལས་ཆུང་ངེས་ཡིན། ཡིན་ན་ཡང་རྡོ་དེ་གཉིས་མཉམ་གཅིག་ཏུ་བསྡམས་ཚེ། སྤྱིའི་ལྗིད་ཚད་དེ་རྡོ་ཆེན་གྱི་ལྗིད་ཚད་ལས་ཀྱང་ལྕི་བས་བརྒྱུད་རིམ་ཧྲིལ་བོ་ལས་ལྷུང་བའི་འགྲོས་ཚད་དེ8ལས་ཀྱང་ཆེ་སྲིད། དེ་བཞིན་དུ“དངོས་གཟུགས་ལྕི་མོ་དེ་དངོས་གཟུགས་ཡང་མོ་ལས་མར་ལྷུང་བ་མགྱོགས”ཞེས་པའི་སྔོན་འགྲོའི་ཆ་རྐྱེན་གཞིར་བཟུང་ནས་ཕན་ཚུན་འགལ་བའི་སྡོམ་ཚིག་དེ་རིགས་འདེད་བྱས་པ་རེད། འདིས་ཡ་ལིས་ཧྲི་ཏོ་ཏེའི་གཞུང་ལུགས་དེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་དུ་བཅུག  དཀལ་ངལ་གྱི་གནས་དེ་ལས་ཐར་ཆེད། ཀཱ་ལི་ལེ་ཡིས་དངོས་གཟུགས་ལྕི་མོ་དང་དངོས་གཟུགས་ཡང་མོ་གཉིས་མར་ལྷུང་བའི་འགྲོས་ཚད་འདྲ་མཉམ་ཡིན་པར་སྙམ།

3 ཚོད་དཔག་དང་ཆ་བཞག

ཀཱ་ལི་ལེ་ཡིས་མཚམས་མ་བཞག་པར་དངོས་བཤེར་ལ་བརྟེན་ནས་རང་དབང་ལྷུང་གཟུགས་འགུལ་སྐྱོད་ཀྱི་ཆོས་ཉིད་ལ་མུ་མཐུད་དུ་ཞིབ་འཇུག་བྱས་པ་རེད།

སྐབས་དེར་མི་རྣམས་ཀྱིས་འགྲོས་ཚད་ལ་མཚན་ཉིད་གསལ་བོ་ཞིག་ཀྱང་བཞག་མེད་པས། ཀཱ་ལི་ལེའི་མདུན་དུ་ལྷགས་པའི་ཐོག་མའི་དཀའ་ཁག་ནི་དེའི་དོན་སྤྱི་ཐད་ཀྱི་གནད་དོན་ཡིན།  དེའི་རྐྱེན་གྱིས་ཀཱ་ལི་ལེ་ལ་མཚོན་ན། ཐོག་མར་ངེས་པར་དུ་འགུལ་སྐྱོད་ཞིབ་བརྗོད་བྱེད་པར་མཁོ་བའི་དོན་སྤྱི་འཛུགས་དགོས། སྔོན་དུ་ང་ཚོས་བསླབས་ཟིན་པའི་དོན་སྤྱི། དཔེར་ན་ཆ་སྙོམས་འགྲོས་ཚད་དང་སྐད་ཅིག་འགྲོས་ཚད། དེ་མིན་འགྲོས་སྣོན་ཚད་ལ་སོགས་པའི་དོན་སྤྱི་ནི་ཀཱ་ལ་ལེ་ཡིས་གསར་དུ་བཙུགས་པ་རེད།

ཀཱ་ལི་ལེ་ལ་རང་བྱུང་ཁམས་ཀྱི་ཆོས་ཉིད་ནི་རྙོག་འཛིང་མིན་ཞིང་རྟོགས་སླ་བ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་བྱུང་ཞིང་། དེ་ལྟ་བུའི་ཡིད་ཆེས་ཀྱི་བསམ་པ་བརྟེན་ནས་ལྷུང་གཟུགས་ཀྱང་ཆེས་སྟབས་བདེ་བའི་འགྲོས་འགྱུར་འགུལ་སྐྱོད་ཅིག་ཡིན་ངེས། ཆེས་སྟབས་བདེ་བའི་འགྲོས་འགྱུར་འགུལ་སྐྱོད་ཀྱི་འགྲོས་ཚད་ནི་སྙོམས་འགྱུར་བྱེད་པ་ཞིག་ཡིན་པ་ཚོད་དཔག་བྱས་པ་རེད།

ཡིན་ན་ཡང་འགྲོས་ཚད་ཀྱི་འགྱུར་ལྡོག་དེ་ཅི་འདྲ་ཞིག་ཡིན་ན་ད་གཟོད་སྙོམས་པོ་ཡིན་པར་བལྟས་ཆོག་ཅེ་ན། ཁོས་འབྱུང་སྲིད་པའི་གནས་ཚུལ་རིགས་གཉིས་ལ་བསམ་གཞིག་བྱས་པ་སྟེ། རིགས་གཅིག་ནི་འགྲོས་ཚད་ཀྱི་འགྱུར་ལྡོག་དེ་དུས་ཚོད་ལ་བལྟས་ན་ས་བཤད་ན་སྙོམས་པོ་ཡིན་པ་སྟེ།  υདངtམཐུན་སྡུར་དུ་གྲུབ་པ་ཡིན། དཔེར་ན། 1sརེ་འགོར་ན་འགྲོས་ཚད་ཀྱི་འགྱུར་ཚད་ནི2m/sཡིན་པ་ལྟ་བུ། རིགས་ཅིག་ཤོས་ནི་འགྲོས་ཚད་ཀྱི་འགྱུར་ལྡོག་དེ་གནས་སྤོ་ལ་བལྟས་ནས་བཤད་ན་སྙོམས་པོ་ཡིན་པ་སྟེ། υདངxམཐུན་སྡུར་དུ་གྲུབ་པ་ཡིན། དཔེར་ན  1mརེ་མར་ལྷུང་ན་འགྲོས་ཚད་ཀྱི་འགྱུར་ཚད2m/sཡིནཔ་ལྟ་བུ །

4 དངོས་བཤེར་གྱིས་ར་སྤྲོད་བྱེད་པ།

དེའི་རྗེས་སུ་རྟོགས་པ་ལྟར་ན། གལ་ཏེυདངxམཐུན་སྡུར་དུ་གྲུབ་པ་ཡིན་ན། ཧ་ཅང་རྙོག་འཛིང་ཆེ་བའི་སྡོམ་ཚིག་ཅིག་རིགས་འདེད་བྱེད་ཐུབ་པ་རེད། དེའི་རྐྱེན་གྱིས་ཀཱ་ལི་ལེ་ཡིས་དངོས་བཤེར་སྤྱད་ནསυདངtམཐུན་སྡུར་དུ་གྲུབ་པར་འདོད་པའི་ཚོད་དཔག་དེ་དངོས་གནས་ཡིན་མིན་ལ་ཞིབ་དཔྱད་བྱེད་མགོ་བརྩམས་པ་རེད།

ཀཱ་ལི་ལེ་ཡི་དུས་རབས་སུ། ལག་རྩལ་དེ་འདྲ་དར་སྤེལ་བྱུང་མེད་ལ་ཐད་ཀར་སྐད་ཅིག་འགྲོས་ཚད་འཇལ་གཅོད་བྱེད་མི་ཐུབ་པས། འགྲོས་ཚད་ཀྱི་འགྱུར་ལྡོག་ཆོས་ཉིད་འཐོབ་མི་ཐུབ་མོད། འོན་ཀྱང་ཀཱ་ལི་ལེ་ཡིས་གྲངས་རིག་པས་རིགས་འདེད་བྱས་ནས་སྡོམ་ཚིག་ཐོབ་པ་སྟེ། གལ་ཏེ་ཐོག་མའི་འགྲོས་ཚད0ཡིན་ཞིང་འགྲོས་ཚད་དེ་དུས་དང་བསྟུན་ནས་སྙོམས་འགྱུར་བྱེད་པ་སྟེ།   υ∝tཡིན་ཞིང་། དེ་བརྒྱུད་པའི་གནས་སྤོ་ནི་དེར་བཀོལ་བའི་དུས་ཚོད་ཀྱི་རང་ཉིས་སྒྱུར་དང་མཐུན་སྡུར་དུ་གྲུབ་པ་སྟེ། υ∝t2ཡིན། འདི་ལྟར་བྱས་ན་དངོས་གཟུགས་དེ་གནས་སྤོ་མི་འདྲ་བ་བརྒྱུད་པར་བཀོལ་བའི་དུས་ཚོད་བཅལ་ཚེ། དངོས་གཟུགས་འདིའི་འགྲོས་ཚད་དེ་དུས་ཚོད་དང་བསྟུན་ནས་སྙོམས་འགྱུར་བྱེད་མིན་ལ་ཞིབ་དཔྱད་བྱེད་ཐུབ།

ཡིན་ན་ཡང་། ལྷུང་གཟུགས་མར་ལྷུང་བ་ཧ་ཅང་མགྱོགས་ཤིང་། སྐབས་དེར་ཆུ་གཏིག་དཔྱད་ཆས་ཁོ་ནར་བརྟེན་དགོས་ཚེ།  དེ་ལྟ་བུའི་དུས་ཚོད་བགྲང་ཆས་ཀྱིས་ད་དུང་རང་དབང་ལྷུང་གཟུགས་འགུལ་སྐྱོད་བྱེད་པར་བཀོལ་བའི་དུས་ཚོད་འཇལ་མི་ཐུབ།  ཀཱ་ལི་ལེ་ཡིས་ཐབས་ངོ་མཚར་ཞིག་སྤྱད་དེ་ལྗིད་ཤུགས་ཇེ་ཆུང་དུ་བཏང་བ་རེད། ཁོས་ཟངས་རིལ་ཞིག་འགོག་ཤུགས་ཧ་ཅང་ཆུང་བའི་གསེག་ངོས་ནས་མར་བསྒྲིལ་པ་ན། ཟངས་རིལ་དེ་གསེག་ངོས་སུ་འགུལ་སྐྱོད་བྱེད་པའི་འགྲོས་སྣོན་ཚད་ནི་དེ་དྲང་ཐུར་དུ་མར་ལྷུང་བའི་འགྲོས་ཚད་ལས་ཧ་ཅང་ཆུང་ཞིང་བཀོལ་བའི་དུས་ཚོད་ཧ་ཅང་རིང་བས་ཚད་འཇལ་བྱེད་སླ་བ་རེད།

ཀཱ་ལི་ལེས་ཡིས་དངོས་བཤེར་ཐེངས་བརྒྱ་ལྷག་བསྒྲུབས་མཐར་གསལ་བོར་བསྟན་དོན། རིལ་བུ་གསེག་ངོས་བརྒྱུད་ནས་མར་འགྲིལ་བའི་འགུལ་སྐྱོད་དེ་དངོས་གནས་འགྲོས་ཚད་སྙོམས་སྣོན་དྲང་ཐིག་འགུལ་སྐྱོད་ཡིན་ཞིང་། སྤུས་ཚད་མི་འདྲ་བའི་རིལ་བུ་མཐོ་ཚད་མི་འདྲ་བ་ནས་མར་འགྲིལ་སྐབས། གསེག་ངོས་ཀྱི་གསེག་ཟུར་ངེས་གཏན་ཡིན་ན། རིལ་བུའི་འགྲོས་སྣོན་ཚད་མཐའ་དག་གཅིག་འདྲ་ཡིན།

གསེག་ངོས་ཀྱི་གསེག་ཟུར་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། གོང་གི་དངོས་བཤེར་ཡང་བསྐྱར་བསྒྲུབས་ན། རིལ་བུའི་འགྲོས་སྣོན་ཚད་དེ་གསེག་ངོས་ཀྱི་གསེག་ཟུར་ཇེ་ཆེར་སོང་བ་བསྟུན་ནས་ཇེ་ཆེར་འགྲོ་བ་ཤེས་ཐུབ།

.jpg

དཔེ་རིས་གསུམ་པ། ཀཱ་ལི་ལེར་ཡིས་གསེག་ངོས་ནས་ཟངས་རིལ་སྒྲིལ་བའི་དངོས་བཤེར་བསྒྲུབས་པའི་ཚུལ།


རིལ་བུ་གསེག་ངོས་བརྒྱུད་ནས་ཐུར་དུ་འགུལ་སྐྱོད་བྱས་པ་དེ་ལྷུང་གཟུགས་འགུལ་སྐྱོད་མིན་མོད། འོན་ཀྱང་ཀཱ་ལི་ལེ་ཡིས་གོང་སྨོས་སྡོམ་ཚིག་ལ་རིགས་འདེད་འོས་འཚམ་བྱས་པ་སྟེ། གསེག་ངོས་ཀྱི་གསེག་ཟུར་ཧ་ཅང་ཆེ་སྐབས། རིལ་བུའི་འགུལ་སྐྱོད་དེ་ལྷུང་གཟུགས་འགུལ་སྐྱོད་དང་ཕལ་ཆེར་མཚུངས་པ་མ་ཡིན་ནམ། གལ་ཏེ་གསེག་ངོས་ཀྱི་གསེག་ཟུར་དེ་ཇེ་ཆེར་བཏང་ནས90℃ལ་སླེབས་ཚེ། རིག་བུའི་འགུལ་སྐྱོད་དེ་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་དུ་གྱུར་པ་མ་ཡིན་ནམ། ཀཱ་ལི་ལེའི་བསམ་ཚུལ་ལྟར་ན། སྐབས་དེར་རིལ་བུས་སྔར་བཞིན་འགྲོས་ཚད་སྙོམས་སྣོན་འགུལ་སྐྱོད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་པར་མ་ཟད། དངོས་གཟུགས་མཐའ་དག་མར་ལྷུང་སྐབས་ཀྱི་འགྲོས་སྣོན་ཚད་ཐམས་ཅད་འདྲ་མཚུངས་ཡིན་པར་འདོད།

.jpg

དཔེ་རིས་བཞི་པ། ཀཱ་ལི་ལེར་ཡིས་བསམ་ཚུལ་བྱས་པ་ལྟར་ན། གསེག་ངོས་ཀྱི་གསེར་ཟུར་དེ90℃ཇི་ལྟར་ཉེ་ན། རིལ་བུ་གསེག་ངོས་བརྒྱུད་ནས་མར་འགྲིལ་བའི་འགུལ་སྐྱོད་དེ་རང་དབང་ལྷུང་གཟུགས་ཀྱི་འགུལ་སྐྱོད་དང་དེ་ལྟར་ཉེ།


ཀཱ་ལི་ལེར་གཏན་ཚིགས་དང་དངོས་བཤེར་ལ་མི་རྣམས་ཀྱིས་བརྩི་འཇོག་དང་ཡིན་སྨོན་བྱེད་པ་བཤད་མི་དགོས་མོད། ཡིན་ན་ཡང་མི་རྣམས་ཀྱིས་རྒྱུན་ལྡན་གྱི་འཚོ་བ་རུ་དངོས་གཟུགས་ལྕི་མོ་མར་ལྷུང་བ་ཅུང་ཙམ་མགྱོགས་པའི་རྒྱུ་མཚན་ཅི་ཡིན་ཞེས་དོགས་འདྲི་བྱེད་སྲིད། ཀཱ་ལི་ལེ་ཡིས་དེ་ནི་འཁའ་རླུང་གི་འགོག་ཤུགས་ཀྱིས་དངོས་གཟུགས་མི་མཐུན་པར་བཏོན་པའི་བྱེད་ནུས་མི་འདྲ་བའི་རྐྱེན་ཡིན་པར་འདོད། ཁོས“གལ་ཏེ་མཁའ་རླུང་གི་འགོག་ཤུགས་དེ་ཡོངས་སུ་མེད་པར་བཏང་ན། དངོས་གཟུསག་མཐའ་དག་མར་ལྷུང་བའི་འགྲོས་ཚད་གཅིག་འདྲ་ཡིན”ཞེས་བསྟན་ཡོད། དེ་ལྟར་ཡིན་ན་ལྷུང་གཟུགས་འགུལ་སྐྱོད་ཀྱང་དངོས་གནས་རང་དབང་ལྷུང་གཟུགས་འགུལ་སྐྱོད་དུ་གྱུར་པ་དང་། དེའི་ཕྱིར་ཀཱ་ལི་ལེ་ཡིས་ཚན་རིག་ཞིབ་འཇུག་ལས། ཅི་ཞིག་སྣང་མེད་དུ་འཇོག་དགོས་པ་དེ་སྐབས་འགར་ཅི་ཞིག་ལ་མཐོང་ཆེན་བྱེད་ཤེས་དགོས་པ་དང་འདྲ་བར་གལ་ཆེན་ཡིན་ཞེས་ཆེད་དུ་བསྟན་པ་རེད།

5 ཀཱ་ལི་ལེའི་ཚན་རིག་བྱེད་ཐབས།

ཀཱ་ལི་ལེ་ཡིས་འགུལ་སྐྱོད་ཀྱི་ཞིབ་འཇུག་ལས་འགུལ་སྐྱོད་ཞིབ་བརྗོད་བྱེད་པར་བཀོལ་བའི་དོན་སྤྱི་གང་མང་ཞིག་གཏན་ཁེལ་བྱས་པ་མ་ཟད།  ཉེ་རབས་ཀྱི་ཚན་རིག་འཕེལ་རྒྱས་འབྱུང་བར་ཕན་པའི་ཚན་རིག་གི་བྱེད་ཐབས་ཤིག་ཀྱང་གསར་སྐྲུན་བྱས་པའམ་ཡང་ན་ཚན་རིག་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་གྱི་རྩ་བའི་རྒྱུ་ཆ་གཏན་དུ་ཕབ་པ་རེད། རྒྱུ་ཆ་འདི་དག་ཏུ་གཤམ་གྱི་རིགས་འགའ་འདུ་བ་སྟེ།

ཀཱ་ལི་ལེའི་ཚན་རིག་དང་མཐུན་པའི་བསམ་བློ་བྱེད་ཐབས་ཀྱི་སྙིང་བོ་ནི་དངོས་བཤེར་དང་གཏན་ཚིགས་རིགས་འདེད་ཟུང་འབྲེལ་འོས་འཚམ་བྱས་ཏེ། མིའི་རིགས་ཀྱི་ཚན་རིག་གོ་རྟོགས་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཆེན་པོ་ཐོན་པ་རེད།

.jpg

དཔེ་རིས་ལྔ་པ།  ཀཱ་ལི་ལེའི་ཚན་རིག་བྱེད་ཐབས།

ཀཱ་ལི་ལེར་སྔོན་གྱི་ཚན་རིག་ཞིབ་འཇུག་ནི་འདམ་རྫབ་དང་གྲམ་ཐང་དུ་ལོ་ངོ་སྟོང་ཕྲག་ལྷག་ལ་ཕར་འགྲོ་ཚུར་འོང་བྱས་ཏེ་འགོར་འགྱངས་བྱས་པ་རེད། ཀཱ་ལི་ལེ་ནས་བཟུང་མཁས་ཆེན་མང་པོ་བྱུང་ཞིང་གསུང་རབ་ཀྱང་ཆར་རྗེས་ཀྱི་སྨྱུག་རྒོད་ལྟར་བསྟུད་མར་བྱུང་ནས། ཉེ་རབས་ཚན་རིག་གི་སྒོ་མོ་ཡང་སྐབས་དེ་ནས་བཟུང་ཡོངས་སུ་ཕྱེ་བ་རེད།  


བརྡ་འགྲེལ་གདོང་འཛར།

ཀཱ་ལི་ལེ། རང་དབང་ལྷུང་གཟུགས།