དངོས་ལུགས་རིག་པའི་དངོས་བཤེར་གྱི་གལ་ཆེན་རང་བཞིན།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-30 16:31ལ་འགྲུབ།

དངོས་ལུགས་རིག་པའི་དངོས་བཤེར་གྱི་གལ་ཆེན་རང་བཞིན།

དངོས་ལུགས་རིག་པའི་དངོས་བཤེར་གྱི་གལ་ཆེན་རང་བཞིན།
རིག་པ་རུ་དོན་སྤྱི་གྲུབ་པ་དང་ཆོས་ཉིད་རྟོགས་པ། གཞུང་ལུགས་གཏན་འབེབས་བྱས་པ་བཅས་ཚང་མ་དངོས་བཤེར་ལ་རག་ལས་ཤིང་། དེ་དག་གི་ཡང་དག་ཚད་ཀྱང་དངོས་བཤེར་ལ་བརྟེན་ནས་ཞིབ་བཤེར་བྱེད་དགོས་པ་ཡིན། ལོ་རྒྱུས་དང་དོན་དངོས་ཁྲོད་ཀྱི་དཔེ་མཚོན་གྲངས་ལས་འདས་པ་ཞིག་གིས་དངོས་ལུགས་རིག་པ་ནི་དངོས་བཤེར་དང་འབྲལ་ཐབས་མེད་པ་གསལ་སྟོན་བྱས་ཡོད།
1 དངོས་བཤེར་གྱིས་དངོས་ལུགས་རིག་པ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས།

ཀཱ་ལི་ལེ་ཡིས་ཚན་རིག་དངོས་བཤེར་གྱི་སྲོལ་བཏོད་ནས་དངོས་བཤེར་བྱེད་ཐབས་དེ་ཚན་རིག་ཞིབ་འཇུག་ཏུ་དྲངས་པ་ངོ་སྤྲོད་གསལ་བོ་བྱས། ཁོའི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཤུགས་རིག་པའི་གནད་དོན་ཡིན།

གློག་སྡུད་རིག་པར་ཞིབ་འཇུག་བྱེད་པའི་ཁྲོད། ཧྥ་ར་ཏས་ཀྱིས་ལོ་ངོ10ཡི་རིང་ལ་རྒྱུན་ཆད་མེད་པར་དངོས་བཤེར་བསྒྲུབས་ཏེ། གློག་སྡུད་ལྟོས་འབྱུང་གཏན་སྲོལ་འཛུགས་པའི་ཐད་ལ་རྨང་གཞི་བཞག་པ་དང་། མཱ་ཁི་སི་ཝེལ་གྱིས་རྨང་གཞི་དེའི་སྟེང་ནས་ཆོས་ཉིད་དེ་དང་གློག་སྡུད་རིག་པའི་དངོས་བཤེར་གྱི་གྲུབ་འབྲས་གཞན་པར་དབྱེ་ཞིབ་བྱེད་པའི་ཐོག་རང་ཉིད་ཀྱིས་ཆ་འཇོག་བྱས་ཏེ། དེར་གྲངས་རིག་པའི་རོལ་དབྱངས་བརྩམས་པ་རེད། སྤྱི་ལོ1864ལོར་གློག་སྡུད་ར་བའི་གཞུང་ལུགས་ཆ་ཚང་ཞིག་བཙུགས་པ་མ་ཟད། ད་དུང་གློག་སྡུད་རླབས་གནས་པ་སྔོན་དཔག་བྱས། 

.jpg

དཔེ་རིས་དང་པོ། ཧྥ་ར་ཏས་ཀྱིས་གློག་སྡུད་ལྟོས་འབྱུང་ལ་ཞིག་འཇུག་བྱེད་སྐབས་བཀོལ་བའི་དཀྲིས་སྐུད། 


དེང་སང་ཚང་མ་གློག་སྡུད་རླབས་ལ་ཆ་རྒྱུས་ཡོད་མོད། འོན་ཀྱང་དུས་རབས19པའི་དུས་དཀྱིལ་དུ་གློག་སྡུད་རླབས་ནི་ཅི་ཞིག་ཡིན་པ་སུས་ཀྱང་མི་ཤེས། མཱ་ཁི་སི་ཝེལ་གྱི་སྔོན་དཔག་དེ་ཡང་དག་ཡིན་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ་བར་གྱུར། ལོ་ངོ23འགོར་རྗེས་འཇར་མན་གྱི་ཚན་རིག་པ་ཧེར་ཚི་ཡིས་གློག་སྡུད་རླབས་འཕྲོ་གཏོང་དང་སྡུད་ལེན་ཐུབ་པའི་སྒྲིག་ཆས་ཤིག་བཟོས་ཏེ། དངོས་བཤེར་བྱས་ནས་གློག་སྡུད་རླབས་གནས་པ་བདེན་དཔང་བྱས་པ་མ་ཟད། ད་དུང་ཚང་མས་ཤེས་ཡོད་པའི་འོད་དེ་ནི་མཱ་ཁི་སི་ཝེལ་གྱིས་བཤད་པ་ལྟར་གློག་སྡུད་རླབས་རིགས་ཤིག་ཡིན་པ་བདེན་དཔང་བྱས་པས། མི་རྣམས་ཀྱིས་ད་གཟོད་མཱ་ཁི་སི་ཝེལ་གྱི་སྔོན་དཔག་དང་ལེན་བྱས་པ་རེད། དེའི་རྗེས་སུ་མཱ་ཁི་སི་ཝེལ་གྱི་གློག་སྡུད་ར་བའི་གཞུང་ལུགས་རྨང་གཞི་བྱས་ཏེ། གློག་སྡུད་རླབས་ཀྱི་འཕྲོ་གཏོང་དང་ཁྱབ་སྤེལ། སྡུད་ལེན་བཅས་སྐོར་གྱི་སྡོམ་ཚིག་སྣ་ཚོགས་ཐོབ་པ་རེད། སྡོམ་ཚིག་དེ་དག་ཚང་མ་ཚན་རིག་དངོས་བཤེར་དང་གནམ་དཔྱད་བརྟག་དཔྱད་བྱས་པའི་དོན་དངོས་དང་གཅིག་མཐུན་ཡིན་ལ། ལྷག་པར་དུ་དུས་རབས20པའི་དུས་དཀྱིལ་དུ། མཱ་ཁི་སི་ཝེལ་གྱི་གློག་སྡུད་གཞུང་ལུགས་དང་ཚན་རིག་གི་གྲུབ་འབྲས་གཞན་དག་རྨང་གཞིར་བཟུང་བའི་སྐུད་མེད་གློག་གློག་རྡུལ་རིག་པས་མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག


.jpg

དཔེ་རིས་གཉིས་པ། ཧེར་ཚིས་གློག་སྡུད་རླབས་ལ་ཞིབ་འཇུག་བྱེད་པར་བཀོལ་བའི་སྒྲིག་ཆས།(མཚོན་རིལ)  

 

.jpg

དཔེ་རིས་གསུམ་པ། འཕྲོ་གློག་རྒྱང་ཤེལ་ཆེན་པོ་འདི་འཇིག་རྟེན་གྱི་ཕུགས་རིང་སར་བསྟན་ཏེ། རྒྱང་རིང་གནམ་གཟུགས་ནས་ཐོན་པའི་ཆ་འཕྲིན་སྡུད་ལེན་བྱེད་པ་ཡིན། མི་ལ་ལས་བྱེད་ཐབས་འདི་སྤྱད་ནས་སའི་གོ་ལའི་ཕྱི་རོལ་གྱི་ཤེས་རིག་དང་འབྲེལ་བ་འཛུགས་པར་རེ་བ་བྱེད་པ་རེད།ཁྱོད་ཀྱིས་འདི་དག་ཧྥ་ར་ཏས་དང་ཧེར་ཚིའི་དངོས་བཤེར་ལ་ཟུང་འབྲེལ་བྱེད་ཐུབ་བམ། 

སྤུས་རྡུལ་དང་མ་ནིང་རྡུལ། གློག་རྡུལ། དེ་མིན་རིལ་རྡུལ་གཞན་པ་སྣ་ཚོགས་ལ་ཞིབ་འཇུག་བྱེད་པའི་དངོས་ལུགས་རིག་པའི་ཡན་ལག་ལ་རིལ་རྡུལ་དངོས་ལུགས་རིག་པ་ཟེར། རིལ་རྡུལ་དངོས་ལུགས་རིག་པ་རུ་དབྱིངས་འགྲིག་ཅེས་པའི་དངོས་ལུགས་ཚད་ཅིག་ཡོད། དངོས་ལུགས་རིག་པ་བ་རྣམས་ཀྱིས་སྔར་རིལ་རྡུལ་བརྒྱུད་པའི་བརྒྱུད་རིམ་སྣ་ཚོགས་ལས་དབྱིངས་འགྲིག་རྣམས་ནི་བརྟན་སྲུང་ཡིན་པར་འདོད།  སྤྱི་ལོ1956ལོར་དབྱང་ཀྲེན་ཉིང་དང་ལི་ཀྲེན་ཏའོ་ཡིས་གཞུང་ལུགས་ལ་བརྟེན་ནས་དབྱེ་ཞིབ་བྱས་ཏེ། གལ་ཏེ་བརྒྱུད་རིམ་ཞིག་ཏུ་ཕན་ཚུན་བྱེད་ནུས་དྲག་པོ་དང་གློག་སྡུད་ཕན་ཚུན་བྱེད་ནུས་ཁོ་ན་མ་གཏོགས་མེད་ཚེ། དཔེར་ནβའཕྲོ་ཐིག་བྱེད་པའི་བརྒྱུད་རིམ་དུ་དབྱིངས་འགྲིག་བརྟན་སྲིང་མིན་པར་འདོད། ཆོད་གཏམ་འདི་ལ་དངོས་ལུགས་རིག་པ་བ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས་པ་རེད། སྤྱི་ལོ1956ལོར་ལོ་མཇུག་ནས་སྤྱི་ལོ1957ལོར་ལོ་སྟོད་དུ། ཝུའུ་ཅུན་ཞུང་དང་མོའི་ལས་གྲོགས་རྣམས་ཀྱིས་མཉམ་གཅིག་ཏུ་དངོས་བཤེར་ཞིག་ཇུས་འགོད་བྱས་ཏེ། βརྒུད་འགྱུར་བྱེད་སྐབས་ཁོབ60གནས་མཐུན་རྒྱུ་ཡིས་གློག་རྡུལ་ཕྱོགས་སོ་སོར་འཕྲོ་གཏོང་བྱས་པའི་གྲངས་ཚད་སྡོམ་རྩིས་བྱས་མཐར། བརྒྱུར་རིམ་དེ་རུ་དབྱིངས་འགྲིག་དངོས་གནས་བརྟན་སྲུང་མིན་པ་བདེན་དཔང་བྱས་པ་རེད།

.jpg

   དཔེ་རིས་བཞི་པ།      ཝུའུ་ཅན་ཞང(1912-1997)ནི་ཨ་མེ་རི་ཁ་ན་ཡོད་པའི་ཀྲུང་གོའི་དངོས་ལུགས་རིག་པ་བ་ཡིན། ཁོ་མོས་དངོས་བཤེར་བྱས་ནས་དབྱིངས་འགྲིག་ནི་བརྟན་སྲུང་མིན་པ་ར་སྤྲོད་བྱས་པ་ལས་གཞན།ད་དུང་དངོས་བཤེར་ལས་གློག་སྡུད་ཕན་ཚུན་བྱེད་ནུས་ཞན་པའི་བར་དུ་འབྲེལ་བ་དམ་པོ་ཡོད་པའང་ར་སྤྲོད་བྱས་པས། དེའི་རྗེས་ཀྱི་གློག་དང་ཞན་པ་གཅིག་གྱུར་གཞུང་ལུགས་འདོན་པར་བྱེད་ནུས་གལ་ཆེན་ཐོན་པ་རེད།


དེང་སྐབས། དངོས་ལུགས་རིག་པ་རུ་བཤད་ཚུལ་མང་པོ་ཞིག་ད་དུང་དངོས་བཤེར་ལ་བརྟེན་ནས་བདེན་དཔང་བྱེད་པའམ་ཡང་ན་དགག་པ་རྒྱག་པར་སྒུག་ཡོད།

ཚང་མས་ཤེས་པ་ལྟར། སྡུད་སྣེ་ཡིས་སྡུད་སྣེ་གཞན་པ་དང་། གློག་ཁུར་གྱིས་གློག་ཁུར་གཞན་པ་ལ་ཤུགས་ཀྱི་བྱེད་ནུས་འདོན་པ་ནི་དེ་དག་གིས་བར་སྟོང་དུ་སྡུད་ར་དང་གློག་ར་འབྱུང་དུ་བཅུག་པའི་རྐྱེན་ཡིན། གལ་ཏེ་སྡུད་སྣེའམ་ཡང་ན་གློག་ཁུར་འདར་འགུལ་བྱས་ན། དེའི་མཐའ་སྐོར་གྱི་སྡུད་ར་དང་གློག་ར་ནི་དེ་དང་བསྟུན་ནས་དུས་འཁོར་རང་བཞིན་གྱི་འགྱུར་ལྡོག་འབྱུང་སྲིད་པ་རེད། དེ་ལྟ་བུའི་འགྱུར་ལྡོག་ཡོངས་སུ་ཁྱབ་སྤེལ་བྱས་པ་ན་གློག་སྡུད་རླབས་བྱུང་བ་རེད།

དངོས་གཟུགས་དང་དངོས་གཟུགས་བར་དུ་ཀུན་ལྡན་འགུག་ཤུགས་ཡོད། གལ་ཏེ་དངོས་གཟུགས་ཤིག་འདར་འགུལ་ལམ་ཡང་ན་འཁོར་བ་དང་། ཡང་ན་ཆོས་ཉིད་ལྡན་པའི་སྒོ་ནས་དབྱིབས་འགྱུར་བྱས་ན། འགུག་ཤུགས་རླབས་ཁྱབ་སྤེལ་བྱེད་ཐུབ་བམ་ཞེ་ན། འདི་ནི་བསམ་ཚུལ་འོས་མཐུན་ཞིག་ཡིན། དོན་དངོས་སུ་སྤྱི་ལོ1916ལོར་ཨིན་སི་ཐེན་གྱིས་ཁོའི་ཁྱབ་ཆེ་ལྟོས་བཅས་སྨྲ་བ་གཞིར་བཟུང་སྟེ་འགུག་ཤུགས་རླབས་གནས་པར་འདོད། དེའི་རྗེས་སུ་དངོས་ལུགས་རིག་པ་བ་རྣམས་ཀྱིས་གཞུང་ལུགས་ལ་ཞིབ་འཇུག་བྱས་ཏེ། འགུག་ཤུགས་རླབས་ཀྱི་ངོ་བོ་སྔོན་དཔག་བྱས་པ་རེད། སྔོན་དཔག་དེ་དག་ཚན་རིག་རིག་གི་བདེན་དོན་དུ་འགྱུར་དགོས་ན། ངེས་པར་དངོས་བཤེར་གྱི་དཔུང་རྟགས་མང་པོ་ཞིག་ཡོད་དགོས། ཡིན་ན་ཡང་འགུག་ཤུགས་རླབས་ཧ་ཅང་ཞན་པས་སྡུད་ལེན་བྱེད་དཀའ་ཞིང་ར་སྤྲོད་བྱ་རྒྱུ་ཡང་ལས་སླ་མོ་ཞིག་ག་ལ་ཡིན།

ལོ་རབས70པའི་དུས་འགོར། ཨ་མ་རི་ཁའི་མ་ལེ་ལན་སློབ་གྲྭ་ཆེན་མོའིJ.ཝེ་པེར་གྱིས་ཧ་ཡང་དབྱུ་གུ་གནམ་སྐུད་བྱས་ཏེ། གནམ་གཟུགས་ལས་རྩིབས་འཕྲོ་བྱས་པའི་འགུག་ཤུགས་རླབས་སྡུད་ལེན་བྱེད་པའི་སྲོལ་བཏོད་པ་རེད། སྐྱེན་ཚད་ཇེ་མཐོར་གཏོང་ཆེད། གནམ་སྐུད་ཧ་ཅང་ལྕི་ཞིང་རྒྱུན་དུ་ཏུན་འགའ་རུ་སླེབས་ཐུབ། འགལ་རྐྱེན་མི་ཐེབས་པར་བྱེད་ཆེད། གནམས་སྐུད་དེ-270℃ཡས་མས་ཀྱི་ཚད་བརྒལ་དམའ་དྲོད་ཁོར་ཡུག་ཏུ་བཞག་པ་རེད། སྐབས་དེར་ཚོ་ཆུང་བཅུ་ལྷག་བྱ་བཞག་དེར་ཞུགས་མོད། འོན་ཀྱང་ཝེ་པེར་གཅིག་པུས་ཕལ་ཆེར་གནམ་གཟུགས་གཞན་ལས་ཐོན་པའི་འགུག་ཤུགས་རླབས་ཀྱི་བརྡ་རྟགས་ལ་ལྟ་དཔྱད་བྱེད་ཐུབ་སོང་ཞེས་བསྒྲགས། དེའི་རྗེས་སུ་མི་ལ་ལས་རྒྱུན་ཆད་མེད་པར་དངོས་བཤེར་དེ་ཡང་ཡང་བསྒྲུབས་མོད། འོན་ཀྱང་མཇུག་འབྲས་གསལ་བོ་ཞིག་འཐོབ་མ་ཐུབ། 

.png

དཔེ་རིས་ལྔ་པ། འགྲོས་མཐོ་སྒོས་འཁོར་སྐྱོད་བྱེད་པའི་འཁྲིག་སྐར་ཀྱིས་འགུགས་ཤུགས་རླབས་འཕྲོ་གཏོང་བྱེད་སྲིད། 


ལོ་རབས70པའི་དུས་མཇུག་ཏུ། J.Hཐའེ་ལོར་སོགས་ཀྱིས་ཐུན་མོང་གི་སྤུས་ལྟེར་བསྐོར་ནས་འགྲོས་མཐོ་བའི་སྒོ་ནས་འཁོར་སྤྱོད་བྱེད་པའི་འཁྲིག་སྐར་ལ་ལྟ་དཔྱད་བྱེད་སྐབས། འཁོར་སྐྱེད་བྱེད་པའི་འཁོར་ཡུན་དེ་རིམ་བཞིན་ཇེ་ཐུང་དུ་སོང་བ་རྟོགས་པས་ན། དེ་ནི་དེ་དག་གི་འགུག་ཤུགས་རླབས་རྩིབས་འཕྲོ་བྱེད་སྐབས་ནུས་ཚད་ཤོར་བའི་རྐྱེན་ཡིན་པ་རིགས་འདེད་བྱས།

འགུག་ཤུགས་རླབས་དངོས་གནས་ཡོད་དམ། དངོས་གནས་ཡོད་ན་དེའི་ངོ་བོ་ནི་གཞུང་ལུགས་སྟེང་ནས་སྔོན་དཔག་བྱས་པ་དང་ཡོངས་སུ་མཚུངས་སམ། འདི་དག་ཐམས་ཅད་ད་དུང་དངོས་བཤེར་དང་ལྟ་དཔྱད་ཀྱི་མཇུག་འབྲས་ལས་ར་སྤྲོད་བྱེད་དགོས་པ་རེད།