དངོས་ལུགས་རིག་པའི་བྱུང་འཕེལ་མདོར་བསྡུས།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-30 09:28ལ་འགྲུབ།

དངོས་ལུགས་རིག་པའི་བྱུང་འཕེལ་མདོར་བསྡུས།

དངོས་ལུགས་རིག་པའི་བྱུང་འཕེལ་མདོར་བསྡུས།
དངོས་ལུགས་རིག་པ་ནི་དངོས་རྫས་འགུལ་སྐྱོད་ཀྱི་ཆེས་སྤྱིར་བཏང་གི་ཆོས་ཉིད་དང་དངོས་རྫས་ཀྱི་རྩ་བའི་གྲུབ་ཚུལ་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་སྟེ། རང་བྱུང་ཚན་རིག་གི་སྣེ་འཁྲིད་རིག་ཚན་ཡིན་པས། ཆེ་བ་འཇིག་རྟེན་ཁམས་དང་ཆུང་བ་རྩ་བའི་རིལ་རྡུལ་སོགས་དངོས་རྫས་ཡོད་ཚད་ཀྱི་ཆེས་རྩ་བའི་འགུལ་སྐྱོད་རྣམ་པ་དང་ཆོད་ཉིད་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚན་རིག་རིག་པ་ཞིག་སྟེ་རིག་ཚན་གཞན་སོགས་ལ་ཞིབ་འཇུག་བྱེད་པའི་རྨང་གཞིར་གྱུར།དངོས་ལུགས་རིག་པའི་བྱུང་རིམ་ལ་སྤྱིར་བཏང་དུ་གནའ་རབས་དངོས་ལུགས་རིག་པའི་དུས་སྐབས། རྨད་བྱུང་དངོས་ལུགས་རིག་པའི་དུས་སྐབས། དེང་རབས་དངོས་ལུགས་རིག་པའི་དུས་སྐབས་བཅས་རྣམ་པ་གསུམ་དུ་དབྱེ་ཆོག
1 གནའ་རབས་ཀྱི་དངོས་ལུགས་རིག་པའི་དུས་སྐབས།  

གནའ་རབས་དངོས་ལུགས་རིག་པའི་དུས་སྐབས་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བརྒྱད་པ་ནས་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་བར་ཡིན།  ཆེས་ཐོག་མའི་དངོས་ལུགས་རིག་པ་ནི་གཏན་ཚིགས་རིག་པའི་ཁོངས་ནས་ཆད་ལ། མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ངོས་འཛིན་ནི་ལྟ་ཞིབ་ཆ་མི་ཚང་བ་དང་། དེའི་རྨང་གཞིའི་སྟེང་ལ་ཐད་ཚོར་གྱི་ཚོད་དཔག་གིས་རང་བྱུང་སྣང་ཚུལ་བརྗོད་པ། ཉམས་མྱོང་ཕྱོགས་བསྡོམས་དང་ཚོད་དཔག་སོགས་ཀྱི་ཁོངས་སུ་གཏོགས།   འགྲོ་བ་མིའི་རིགས་ལ་འདུ་ཤེས་དང་བསམ་གཞིགས་ཡོད་པ་ནས་བཟུང་། འཛམ་གླིང་ནི་ཇི་ལྟར་གནས་པ།  ཅི་ཞིག་གིས་གྲུབ་པ་དང་ངོ་བོ་ནི་གང་ཞིག་ཡིན་ལྟ་བུའི་དོགས་གནད་ནི་ནམ་ཡང་རྒྱུན་མ་ཆད།  འདི་ནི་དངོས་ལུགས་རིག་པ་གྲུབ་པའི་ཤེས་བྱའི་བློ་སྒོ་འབྱེད་པའི་རྐྱེན་གཙོ་བོ་ཞིག་ཡིན།  དེ་བས་དུས་སྐབས་དེའི་དངོས་ལུགས་རིག་པའི་ཁྱད་ཆོས་ནི།  ཞིབ་འཇུག་བྱེད་ཐབས་ཀྱི་ཆ་ནས་གཙོ་བོ་ཕྱི་ཚུལ་ཙམ་ལ་ལྟ་དཔྱད།  ཐད་ཚོར་གྱིས་ཚོད་དཔག་དང་ཕྱི་ཚུལ་གྱི་གཏན་ཚིགས་རིག་པའི་གསལ་སྟོན་ཡིན།   ཤེས་བྱ་རྨང་གཞིའི་ཆ་ནས་རྣམ་པ་རང་བཞིན་བརྗོད་པ།  ཉམས་མྱོང་ཕྱོགས་བསྡུས། རྟོག་དཔྱོད་རང་བཞིན་གྱིས་ཚོད་དཔག་བྱེད་པ་ཙམ་ཡིན།  ནང་དོན་གྱི་ཆ་ནས་དངོས་གཟུགས་ཀྱི་འབྱུང་རྩའི་རྟོག་ཞིབ།  གནམ་དཔྱོད་རིག་པའི་འགུལ་སྐྱོད། འཇགས་ཤུགས་རིག་པ་དང་འོད་རིག་པ་བཅས་ལ་འབྲེལ་བའི་ཤེས་བྱ་ཡིན། དེ་ལས་ཤུགས་རིག་པའི་འཕེལ་རྒྱས་ནི་ཅུང་འཐུས་ཚང་བ་ཞིག་ཡིན། 

2 རྨད་བྱུང་དངོས་ལུགས་རིག་པའི་དུས་སྐབས།

ཉེ་རབས་དངོས་ལུགས་རིག་པའི་དུས་སྐབས་ལ་རྨད་བྱུང་དངོས་ལུགས་རིག་པའི་དུས་སྐབས་ཀྱང་ཟེར། དུས་སྐབས་འདི་ནི་དུས་རབས་བཅུ་དྲུག་ནས་དུས་རབས་བཅུ་དགུ་བར་ཏེ། རྨད་བྱུང་དངོས་ལུགས་རིག་པ་དབུ་བརྙེས་པ་དང་འཕེལ་རྒྱས་བྱུང་བ། འཐུས་ཚང་དུ་གྱུར་བ་བཅས་ཀྱི་དུས་སྐབས་ཤིག་ཡིན། ཉེ་རབས་དངོས་ལུགས་རིག་པ་ནི་གནམ་རིག་གི་ཐོད་བརྒལ་ནས་མགོ་བརྩམས་པ་སྟེ། སྤྱི་ལོ་སྔོན་གྱི་དུས་རབས་བཞི་བར་གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་ཡ་ལི་ཧྲི་ཏུའོ་ཏེ  (亚里士多德) ཡིས“ ས་སྙིང་སྨྲ་བ”བཏོན།  སྤྱི་ལོ140ལོར་གནའ་བོའི་ཀེ་རི་སེའི་སྔོན་རབས་པའི་མཁས་པའི་བྱ་གཞག་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་ས་སྙིང་སྨྲ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་གཏན་འཁེལ་བྱས་པ་རེད། སྤྱི་ལོའི་དུས་རབས་བཅོ་ལྔ་བར་ཀོ་པའེ་ཉིས་ལོ་མང་པོའི་རིང་གནམ་རིག་གི་སྐོར་ལ་ཞིབ་འཇུག་བྱས་མཐར། ཚན་རིག་དང་མཐུན་པའི་ཉི་ལྟེ་སྨྲ་བ་གསར་དུ་བཏོན། དུས་རབས་བཅུ་དྲུག་པའི་དུས་འགོར།   ཁེ་ཕི་ལེར(开普勒)གྱིས་རྒྱུ་སྐར་གྱི་འགུལ་སྐྱོད་གཏན་སྲོལ་གསུམ་རིམ་བཞིན་བཏོན། ཁེ་ཕི་ལེར་ཀྱི་རིགས་པའི་གཞུང་ལུགས་དེ་ཉིའུ་ཏུན་རྨད་བྱུང་ཤུགས་རིག་པ་འཛུགས་རྒྱུར་རྨང་གཞི་གལ་ཆེན་བཏིངས། ཁེ་ཕི་ལེར་གྱི་དུས་ནས་བཟུང་། གནམ་རིག་སྐར་རྩིས་ནི་གནད་ལ་འཕིགས་པའི་ཚན་རིག་ཞིག་ཏུ་གྱུར་ཏེ་ཉེ་རབས་ཚན་རིག་རིག་པར་བགྲོད་ལམ་ལེགས་པོ་ཞིག་བསྟན།

                .jpg                      .jpg


དཔེ་རིས་དང་པོ། ཀཱ་ལི་ལེ་དང་ཉིའུ་ཏུན།


ཉེ་རབས་དངོས་ལུགས་རིག་པའི་ཡབ་ཆེན་ཀཱ་ལི་ལེ(伽利略) ཁོང་གིས་རང་དབང་ལྷུང་གཟུགས་འགུལ་སྐྱོད་གཏན་སྲོལ་གསར་རྙེད་བྱུང་བ་དང་གོམས་གཤིས་གཞུང་ལུགས་བཏོན་ཏེ། དངོས་ལུགས་རིག་པའི་གཞུང་ལུགས་ནི་གཏན་ཚིགས་སྨྲ་བའི་རིག་གཞུང་ལས་ཐ་དད་དགར་བར་རྨང་གཞི་བརྟན་པོ་ཞིག་བསྐྲུན། དེ་ནས་བཟུང་དངོས་ལུགས་རིག་པ་དངོས་སུ་འགོ་བརྩམས། དུས་རབས་བཅུ་དྲུག་པར་ཉིའུ་ཏུན( 牛顿)གྱིས་སྔོན་རབས་པ་རྣམས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་ཕྱོགས་བསྡོམས་དང་རྒྱུད་ཁོངས་རང་བཞིན་གྱི་སྒོ་ནས་ཤུགས་རིག་པའི་འགུལ་སྐྱོད་གཏན་སྲོལ་ཆེན་པོ་གསུམ་བཏོན་ཏེ་རྨད་བྱུང་ཤུགས་རིག་པ་གཅིག་གྱུར་བྱས། དུས་རབས་བཅུ་དྲུག་པའི་དུས་མཇུག་ཏུ་ཀུན་ལྡན་འགུག་ཤུགས་གཏན་སྲོལ་གསར་གཏོད་བྱས་ཏེ། དངོས་ལུགས་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་ལམ་ཚད་རྡོ་རིང་ལྟ་བུའི་རླབས་ཆེན་གྱི་བྱས་རྗེས་བཞག ཕྱིས་སུ་ཧྥ་ར་ཏེ  (法拉第)དངོས་བཤེར་བྱེད་ཐབས་སྤྱད་ནས་གློག་དང་སྡུད་གཉིས་ལ་ཕན་ཚུན་འཕོ་འགྱུར་བྱུང་བ་མ་ཟད། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ར་བའི་མཚན་ཉིད་བཏོན།  དུས་རབས་བཅུ་དགུ་བར། མའེ་ཁུ་སི་ཝེས(麦克斯韦)ཧྥ་ར་ཏེ་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག་ཕུལ་ཏུ་བྱུང་བའི་གློག་སྡུད་ར་བའི་མཉམ་བྱ་གསར་གཏོད་གནང་པ་དང་། གྲངས་རིག་གི་རྣམ་པའི་སྟེང་ནས་གློག་དང་སྡུད་གཉིས་ཕྱོགས་བསྡུས་ཆེན་པོ་བྱས།   

3 དེང་རབས་ཀྱི་དངོས་ལུགས་རིག་པའི་དུས་སྐབས།

དེང་རབས་དངོས་ལུགས་རིག་པའི་དུས་སྐབས་ཏེ། དུས་རབས་བཅུ་དགུ་པའི་མཇུག་ནས་དེང་དུས་སུ་ཐོན་པ་དང་གསར་བརྗེའི་རང་བཞིན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་ཐོབ།  དུས་རབས་ཉི་ཤུ་བའི་དུས་འགོར། ཨིན་སི་ཐེན་གྱིས་ཁྱབ་ཆུང་བལྟོས་བཅས་སྨྲ་བ་སྲོལ་བཏོད་ཅིང་། ཡུན་གནས་རང་བཞིན་གྱི་སྒོ་ནས་འོད་འགྲོས་མི་འགྱུར་བའི་གནད་དོན་ཐག་གཅོད་བྱས།

.jpg

དཔེ་རིས་གཉིས་པ། སྤྱི་ལོ1925ལོར་པེར་ཀྲེམ་གྱི་པུ་རུ་སེར་དུ་བསྡུས་པའི་རྒྱལ་སྤྱིའི་དངོས་ལུགས་རིག་པའི་གྲོས་ཚོགས་སྐབས་ལྔ་པ། 


ལོ་བཅུའི་རྗེས་སུ།  ཨིན་སི་ཐེན་གྱིས་འབྲས་མཚུངས་རིག་པ་དང་ཁྱབ་ཆེན་བསྟུན་འགྱུར་རིག་པ་གཉིས་ཀྱི་རྟོག་བཟོ་བཏོན་པ་མ་ཟད། དེའི་རྨང་གཞིའི་སྟེང་དུ་ཁྱབ་ཆེན་བལྟོས་བཅས་སྨྲ་བ་བཏོན་ནས་ཀུན་ལྡན་འགུག་ཤུགས་ཀྱི་ངོ་བོ་མངོན་པར་བྱས། ཚན་རྩལ་ཤུགས་རིག་པ་དང་བལྟོས་བཅས་ཤུགས་རིག་པ་གཉིས་བྱུང་བ་ནི་དེང་རབས་དངོས་ལུགས་རིག་པ་འཕེལ་རྒྱུས་ཆེན་པོ་བྱུང་བའི་མཚོན་རྟགས་ཤིག་ཡིན་ལ། དེའི་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་རིང་སྟེ། སྤྱི་ལོ1927ལོར་ནས་ད་བར་དུ་དེང་རབས་དངོས་ལུགས་རིག་པ་འཕེལ་རྒྱས་ཆེན་པོ་བྱུང་། དུས་སྐབས་དེར་ཚད་རྡུལ་ར་བའི་གཞུང་ལུགས། མ་རྡུལ་རྙིང་དངོས་ལུགས་རིག་པ། རིལ་རྡུལ་དངོས་ལུགས་རིག་པ། འདྲེན་ཕྱེད་གཟུགས་དངོས་ལུགས་རིག་པ། དེང་རབས་འཇིག་རྟེན་དངོས་ལུགས་རིག་པ། དེང་རབས་དངོས་ལུགས་ལག་རྩལ་ལྟ་བུའི་དངོས་ལུགས་རིག་པའི་རིག་གཞུང་མང་དུ་བྱུང་།