སྒྲའི་བེད་སྤྱོད།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-30 17:39ལ་འགྲུབ།

སྒྲའི་བེད་སྤྱོད།

སྒྲའི་བེད་སྤྱོད།
རྒྱང་རིང་དུ་འབྲུག་སྒྲ་ལྡིར་ལྡིར་གྲགས་པ་ནི་ཆར་བ་ཆེན་པོ་འབབ་པའི་སྔ་ལྟས་ཡིན། ལྕགས་ལམ་བཟོ་བས་ལྕགས་ཐོ་ཡིས་ལམ་ལྕགས་བརྡུངས་ན། རྒྱུན་ལྡན་མིན་པའི་སྒྲའི་ཁྲོད་དུ་སྦྲེལ་བྱེད་གཅུས་གཟེར་ལྷོད་ཡོད་པ་ཤེས་སྲིད། སྨན་པས་ཉན་བརྟགས་ཡོ་བྱད་བརྒྱུད་ནས་ནད་པའི་སྙིང་དང་། བློ་བའི་བྱ་བའི་ནུས་ཚད་རྒྱུས་ལོན་བྱས་ཆོག གནའ་རབས་སྨུག་ཞག་ཁྲོད་ཀྱི་མཚོ་འགྲུལ་པས་དུང་བརྡའི་བྲག་ཆར་བརྟེན་ནས་གཡང་གཟར་གྱི་བར་ཐག་གཏན་ཁེལ་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
声的利用
1 གསོ་བ་རིག་པའི་ཁྲོད་ཀྱི་སྒྲའི་བེད་སྤྱོད།

1.ཀྲུང་དབྱིའི་ནད་བརྟག་ལ་ལྟ་བརྟག་དང་། ཉན་བརྟག  འདྲི་བརྟག  བརྟག་དཔྱད་བཅས་ཐབས་ལམ་བཞི་ཡོད། དེའ་ནང་གི་ཉན་བརྟག་ནི་སྒྲར་བརྟེན་ནས་ནད་བརྟག་པའི་ཆེས་ཐོག་པའི་དཔེ་བརྗོད་ཅིག་ཡིན།

.jpg              .jpg

དཔེ་རིས་དང་པོ། གསོ་བ་རིག་པའི་ཁྲོད་ཀྱི་བེད་སྤྱོད།

2.ད་ལྟ་ཚད་བརྒལ་སྒྲ་རླབས་སྤྱད་ན་ལུས་པོའི་ནང་ཁོག་གི་ནད་ཀྱི་ཆ་འཕྲིན་དེ་བས་ཀྱང་ཡང་དག་པ་ཞིག་འཐོབ་ཐུབ། སྨན་པས་ནད་པའི་ལུས་ཁོག་ཏུ་ཚད་བརྒལ་སྒྲ་རླབས་གཏོང་བ་དང་། དུས་མཚུངས་སུ་ལུས་པོའི་དོན་སྣོད་ཀྱི་ལྡོག་འཕྲོའི་རླབས་བསྡུ་ལེན་བྱེད་པ། ལྡོག་འཕྲོའི་རླབས་ཀྱིས་བསྐྱལ་བའི་ཆ་འཕྲིན་ཐག་གཅོད་བྱས་རྗེས་བརྙན་ཡོལ་ཐོག་ཏུ་མངོན་པ་རེད། འདི་ནི་དུས་རྒྱུན་དུ་བཤད་པའི་རླབས་ཡིན། ཚད་བརྒལ་སྒྲ་ཡིས་མིའི་ལུས་ལ་བརྟག་བཤེར་བྱས་ན་གནོད་སྐྱོན་མེད། ཚད་བརྒལ་སྒྲ་རླབས་སྤྱད་ནས་སྦྲུམ་མ་ལ་རྒྱུན་སྲོལ་ཞིབ་བཤེར་བྱས་ན། མངལ་ཆགས་ཕྲུ་གུའི་འཚར་ལོངས་གནས་ཚུལ་གཏན་ཁེལ་བྱེད་ཐུབ།

2 དམག་དོན་ཐད་ཀྱི་སྒྲའི་བེད་སྤྱོད།

1.སྐུད་མེད་གློག་གནས་ངེས་ཆས།_རེག་བརྡ།

ཕ་ཝང་གིས་རྒྱུན་པར་མཚན་མོར་འགུལ་སྐྱོད་བྱས་ཏེ་གཟན་འཚོལ་བ་རེད། ཡིན་ནའང་ཁོ་ཚོ་གྱང་ངོས་དང་སྡོང་བོའི་ཡལ་གར་གདོང་གཏུག་གཏན་ནས་རྒྱག་མི་སྲིད་པ་མ་ཟད། ཞིབ་གཙིགས་མཐོ་བའི་སྒོ་ནས་དམིགས་ཡུལ་ངོས་འཛིན་བྱེད་ཐུབ། ཁོ་ཚོའི་རྩལ་མཆོག་འདི་དག་ཅི་ཞིག་ལ་བརྟེན་པ་ཡིན་ཞེ་ན། མ་གཞིར་ཕ་ཝང་འཕུར་སྐྱོད་བྱེད་སྐབས་ཚད་བརྒལ་སྒྲ་རླབས་འབྱིན་སྲིད་པ་དང་། སྒྲ་རླབས་འདི་དག་གྱང་ངོས་སམ་ཡང་ན་འབུ་སྲིན་ལ་འཕྲད་སྐབས་ལྡོག་འཕྲོ་བྱེད་སྲིད། ཕ་ཝང་གིས་བྲག་ཆ་འཁོར་བའི་ཁ་ཕྱོགས་དང་དུས་ཚོད་གཞིར་བཟུང་ནས། དམིགས་ཡུལ་གྱི་གནས་ས་དང་བར་ཐག་གཏན་ཁེལ་བྱེད་པ་རེད། ཁ་ཚོས་ཐ་ན་ད་དུང་ཕྱིར་ལྡོག་འཕྲོ་བྱེད་པའི་སྒྲ་རླབས་བརྒྱུད་ནས་འབུ་མེ་ལྕེབ་དང་སྦྲང་ནག་གི་དབྱེ་བ་འབྱེད་ཐུབ།


.jpg

དཔེ་རིས་གཉིས་པ། ཕ་ཝང་གིས་ཚད་བརྒལ་སྒྲ་རླབས་ལ་བརྟེན་ནས་འཕུར་སྐྱོད་ཁྲོད་ཀྱི་གེགས་ཆ་དང་འབུ་སྲིད་རྙེད་པར་འཚོལ་ཞིབ་བྱེད་པ།


དེང་དུས་དམག་དོན་ཐད་དུ་བཀོལ་བཞིན་པའི་སྐུད་མེད་གློག་གནས་ངེས་ཆས།_རེག་བརྡ་ནི་ཕ་ཝང་གིས་ཚད་བརྒལ་རླབས་ལ་བརྟེན་ནས་འཕུར་སྐྱོད་ཁྲོད་ཀྱི་གེགས་ཆ་དང་འབུ་སྲིན་རྙེད་པར་འཚོར་ཞིབ་བྱེད་པའི་ཐབས་ལམ་ལྟར་ཇུས་འགོད་བྱས་པ་རེད།


.jpg

དཔེ་རིས་གསུམ་པ། རེག་བརྡ།

2.སྒྲ་ནཱ།   

ཕ་ཝང་གིས་སྤྱད་པའི་ཐབས་ལ་བྲག་ཆའི་གནས་གཏན་ཟེར། བྲག་ཆའི་གནས་གཏན་གྱི་རིགས་པ་ལྟར། ཚན་རིག་པས་སྒྲ་ནཱ་གསར་གཏོད་བྱས་པ་རེད། སྒྲ་ནཱའི་མ་ལག་བེད་སྤྱད་ན། མི་རྣམས་ཀྱིས་རྒྱ་མཚོའི་གཏིང་ཚད་ལ་འཚོལ་འཇལ་བྱེད་ཆོག་པ་དང་། ཆུའི་འོག་གི་སྨི་སྟོང་ཕྲག་འགའི་གནས་ཀྱི་ས་དབྱིབས་རི་མོ་བྲིས་ཆོག  ཉ་འཛིན་སྐབས་ཉ་པས་སྒྲ་ནཱ་སྤྱད་ནས་ཆུའི་ནང་གི་ཉ་ཁྱུའི་ཆ་འཕྲིན་ལེན་པ་རེད། 


.jpg

དཔེ་རིས་བཞི་པ། སྒྲ་ནཱ།


བརྡ་འགྲེལ་གདོང་འཛར།

རེག་བརྡ། སྒྲ་ནཱ།