འཛེར་སྒྲའི་གནོད་འཚེ་དང་ཚོད་འཛིན།སྔ་མའི་པར་གཞི་དེ ཀླུ་འབུམ་ཚེ་རིང་།༷  ནས 2017-08-31 11:17ལ་འགྲུབ།

འཛེར་སྒྲའི་གནོད་འཚེ་དང་ཚོད་འཛིན།

འཛེར་སྒྲའི་གནོད་འཚེ་དང་ཚོད་འཛིན།
སྒྲ་ལ་རྣམ་པ་སྣ་ཚོགས་ཡོད། སྙན་ཞིང་འཇེབས་པའི་སྒྲ་སྙན་གྱིས་མི་ལ་སྤྲོ་སྐྱིད་སློང་། ཟིང་ཟིང་གི་སྒྲ་སྟེ་འཛེར་སྒྲ་ཡིས་མི་ལ་སུན་སྣང་ཡིན་འཆོར་བྱེད་དུ་འཇུག འཛེར་སྒྲ་ནི་སྒྲ་འབྱིན་དངོས་གཟུགས་སྒྲིག་སྲོལ་མེད་པའི་འདར་འགུལ་བྱེད་སྐབས་བྱུང་བའི་སྒྲ་ཞིག་ཡིན། འཛེར་སྒྲ་ནི་མི་རྣམས་ཀྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་བཙོག་བཟོའི་ནང་ཚན་གཅིག་ཡིན། ཁོར་ཡུག་སྲུང་སྐྱོང་གི་ཐད་ནས་བལྟས་ན། མི་རྣམས་ཀྱི་རྒྱུན་ལྡན་ངལ་གསོ་དང་། སློབ་སྦྱོང་། བྱ་བར་བར་ཆད་གཏོང་བའི་སྒྲ་དང་། དེ་མིན་མི་རྣམས་ཀྱི་ཉན་དགོས་པའི་སྒྲ་ལ་གནོད་སྐྱེལ་བའི་སྒྲ་ཚང་མ་འཛེར་སྒྲར་གཏོགས་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
噪声的危害和控制
1 ​འཛེར་སྒྲའི་ཐོན་ཁུངས། 

འཛེར་སྒྲའི་ཐོན་ཁུངས་ཧ་ཅང་མང་། གཞུང་ལམ་སྟེང་གི་རླངས་འཁོར་གྱི་སྒྲ་དང་། ལྷིང་འཇགས་ཡིན་པའི་དཔེ་མཛོད་ཁང་གི་གླེང་མོལ། བཟོ་སྐྲུན་ལས་ཡུལ་གྱི་འཕྲུལ་ཆས་ཀྱི་སྒྲ། དེ་མིན་ཁྱིམ་མཚེས་བརྙན་འཕྲིན་གྱི་སྒྲ་ཆེས་དྲགས་པ་བཅས་ཚང་མ་འཛེར་སྒྲ་ཡིན། 

2 འཛེར་སྒྲའི་རིམ་པ་དང་གནོད་འཚེ།

མི་རྣམས་ཀྱི་ཧྥུན་པེལ་འཇལ་བྱེད་བྱས་ནས་སྒྲའི་དྲག་ཞན་མཚོན་པ་རེད། འཇལ་བྱེད་མཚོན་རྟགས་ནིdBཡིན།0dBནི་མིས་སྒྲ་ཐོས་ཐུབ་པ་ཙམ་གྱི་ཆེས་ཞན་པའི་སྒྲ་ཡིན་པ་དང་། 30dB~40dBནི་ཅུང་འདོད་མཐུན་གྱི་ལྷིང་འཇགས་ཁོར་ཡུག་ཡིན། 70dBཡིས་ཁ་བརྡ་ལ་བར་ཆད་གཏོང་བ་དང་བྱ་བའི་ལས་ཕྱོད་ལ་ཤུགས་རྐྱེན་བཟོ་སྲིད། 90dBཡན་གྱི་འཛེར་སྒྲའི་ཁོར་ཡུག་ཁྲོད་ནས་ཡུན་རིང་དུ་འཚོ་བ་རོལ་ན། ཚོར་ནུས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་མ་ཟད་དབང་རྩ་ཉམས་པ་དང་མགོ་ན་བ། ཁྲག་ཤེད་རྒྱས་པ་སོགས་ཀྱི་ནད་སློང་སྲིད། གལ་ཏེ་གློ་བར་དུ150dBལ་བསླེབས་པའི་ཁོར་ཡུག་ཁྲོད་དུ་ཞུགས་ན། རྣ་བའི་བར་སྐྱི་གས་ནས་ཁྲག་བཞུར་བ་དང་། རྣ་བ་གཉིས་ཀྱི་ཚོར་ནུས་རྩ་བ་ནས་ཉམས་སྲིད།

.jpg

དཔེ་རིས་དང་པོ།

ཚོར་ནུས་སྲུང་སྐྱོབ་བྱེད་ཆེད།  སྒྲ 90dBལས་བརྒལ་མི་རུང་བ་དང་། བྱ་བ་དང་སློབ་སྦྱོང་ལ་ཁག་ཐེག་བྱེད་ཆེད།  སྒྲ70dBལས་བརྒལ་མི་རུང་བ་དང་། ངལ་གསོ་དང་གཉིད་ཉལ་ལ་ཁག་ཐེག་བྱེད་ཆེད། སྒྲ 50dBལས་བརྒལ་མི་རུང་།

གཤམ་གྱི་རེའུ་མིག་ཏུ་སྒྲ་དྲག་ཞན་གྱི་ཧྥུན་པེལ་གྲངས་ཀ་དང་མི་རྣམས་ཀྱ་ལྟོས་ཟླའི་ཚོར་སྣང་བཀོད་ཡོད། 

རང་སྣང་ཚོར་བ།  (dB)

སྒྲ།


བཟོད་ཐབས་མེད་པ།    

150-མེ་ཤུགས་འཕུར་མདའ་དང་འཕུར་མདེལ་གཏོང་བ།  

140-རླུང་འབུད་གནམ་གྲུ་འཕུར་བ།

130-དུང་འཁྱིལ་འབུད་འདེད་གནམ་གྲུ་འཕུར་བ།


ན་ཟུག་སྐྱེས་པ།

120-ལྕགས་རིལ་དབུར་བརྡར་འཕྲུལ་འཁོར་གྱིས་བྱ་བ་བྱེད་པ།


110-གློག་སྒུལ་སོག་ལེས་བྱ་བ་བྱེད་པ།


འུར་ཟིང་ཧ་ཅང་ཆེ་བ། 


100-འདྲུད་འཐེན་འཁོར་ལོ་སྐོར་བ།

                   

90-འུར་ཟིང་ཧ་ཅང་ཆེ་བའི་གཞུང་ལམ།


འུར་ཟིང་ཅུང་ཟད་ཆེ་བ།     

80-རླངས་འཁོར་དཀྱུས་མ་སྐྱོད་པ།


70-སྐད་མཐོན་པོས་ཁ་བརྡ་བྱེད་པ།


ཅུང་ལྷིང་འཇགས་ཡིན་པ།


60-སྤྱིར་བཏང་དུ་ཁ་བརྡ་བྱེད་པ།


50-གཞུང་སྒྲུབ་ཁང་།


ལྷིང་འཇགས་ཡིན་པ།

50-གཞུང་སྒྲུབ་ཁང་།

 40-དཔེ་མཛོད་ཁང་གི་ལྟ་ཀློག་ཁང་།

30-མལ་ཁང་།


ཧ་ཅང་ལྷིང་འཇགས་ཡིན་པ།   

20-སྐད་དམའ་མོས་ཤབ་ཤུབ་བཤད་པ།

 10-རླུང་གཡུགས་ནས་སྡོང་ལོ་ལྷུང་བའི་ཤག་སྒྲ།

0-སྒྲ་ཐོས་ཐུབ་པ་ཙམ།



3 འཛེར་སྒྲ་ཚོད་འཛིན་བྱེད་པ།

འཛེར་སྒྲས་མི་རྣམས་ཀྱི་བྱ་བ་དང་འཚོ་བར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པས། འཛེར་སྒྲ་ཚོད་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་ཤེས་གསལ་ལྟར། སྒྲ་བྱུང་བ་ནས་ཐོས་ཚོར་སློང་བའི་བར་རིམ་པ་གསུམ་ཡོད་པ་སྟེ།  

སྒྲ་ཁུངས་ཀྱི་འདར་འགུལ་ལས་སྒྲ་འབྱིན་པ།→མཁའ་རླུང་སོགས་བར་རྫས་ཀྱི་ཁྱབ་མཆེད། →རྣ་བའི་བར་སྐྱིའི་འདར་འགུལ།

དེར་བརྟེན།  འཛེར་སྒྲ་ཚོད་འཛིན་བྱེད་པར་ཡང་ཕྱོགས་འདི་གསུམ་ནས་མགོ་རྩོམ་དགོས་ཏེ། འཛེར་སྒྲ་འབྱུང་བར་སྔོན་འགོག་བྱེད་པ་དང་། དེའི་ཁྱབ་མཆེད་བཀག་འགོག་བྱེད་པ། རྣ་བར་ཞུགས་པ་སྔོན་འགོག་བྱེད་པ་བཅས་གསུམ་ནི་གཤམ་གྱི་རི་མོ་ལས་མཚོན། 


.jpg

དཔེ་རིས་གཉིས་པ། འཛེར་སྒྲ་ཚོད་འཛིན་བྱེད་ཐབས་འགའ།།།


བརྡ་འགྲེལ་གདོང་འཛར།

འཛེར་སྒྲ། གནོད་འཚེ།