ཀུའོ་ཧྲེང་ཁུན།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-08-30 08:23ལ་འགྲུབ།

ཀུའོ་ཧྲེང་ཁུན།

ཀུའོ་ཧྲེང་ཁུན།
ཀུའོ་ཧྲེང་ཁུན། ཕོ། རྒྱ་རིགས། སྤྱི་ལོ1954ལོའི་ཟླ10བར་ཅང་ཞི་ཞིང་ཀུའོ་ནས་སྐྱེས། སྤྱི་ལོ1973ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། པེ་ཅིང་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་དང་བཟོ་བཀོད་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཞིང་། དོ་དམ་རིག་པའི་འབུམ་རམས་པའི་མིང་རྟགས་བླངས། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན། ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་པུའི་པུའུ་ཀྲང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郭声琨
བོད་ཡིག་གི་མིང་།
ཀུའོ་ཧྲེང་ཁུན།
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་ཞི་ཞིང་ཀུའོ།
སྐྱེས་ལོ།
སྤྱི་ལོ1954ལོའི་ཟླ10བར།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་ཚན་རྩལ་སློབ་ཆེན།

ཀུའོ་ཧྲེང་ཁུན། ཕོ། རྒྱ་རིགས། སྤྱི་ལོ1954ལོའི་ཟླ10བར་ཅང་ཞི་ཞིང་ཀུའོ་ནས་སྐྱེས། སྤྱི་ལོ1973ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། པེ་ཅིང་ཚན་རྩལ་སློབ་ཆེན་དོ་དམ་ཚན་རིག་དང་བཟོ་བཀོད་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན་ཞིང་། དོ་དམ་རིག་པའི་འབུམ་རམས་པའི་མིང་རྟགས་བླངས། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཡིན།

ད་ཆ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་པུའི་པུའུ་ཀྲང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཡིན།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1973ལོའི་ཟླ8པ་ནས་སྤྱི་ལོ1977ལོའི་ཟླ3པར། ཅང་ཞི་ཞིང་ཆེན་ཞིང་ཀུའོ་རྫོང་ཝུའུ་ལི་ཐིང་ཀུང་ཧྲེའི་ཤེས་ལྡན་གཞོན་ནུ་ཡིན།

སྤྱི་ལོ1977ལོའི་ཟླ3པ་ནས་སྤྱི་ལོ1979ལོའི་ཟླ12པར། ཅང་ཞི་དབྱི་ཅིན་སློབ་གླིང་གཏེར་ལས་སྡེ་ཁག་གཏེར་འདེམ་ཆེད་ལས་ནས་སློབ་སྦྱོང་བྱས།

སྤྱི་ལོ1979ལོའི་ཟླ12པ་ནས་སྤྱི་ལོ1985ལོའི་ཟླ8པར། དབྱི་ཅིན་པུའི་ཧྭ་མེ་ཨའོ་ཝུའུ་གཏེར་ཁའི་འཕྲུལ་འདེམ་འཁོར་ཁང་གི་ལག་རྩལ་པ་དང་། ལན་ཚན་གྱི་འགོ་བ། ཏང་ཀྲི་པུའི་ཧྲུའུ་ཅི། ཐོན་སྐྱེད་ཀྱི་ཀྲུའུ་རིན་གཞོན་པ། སྲིད་འཛིན་གྱི་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན་བཅས་ཡིན།

སྤྱི་ལོ1985ལོའི་ཟླ8པ་ནས་སྤྱི་ལོ1990ལོའི་ཟླ5བར། ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱིའི་ཀུང་ཟིའི་ཧྭ་མེ་ཨའོ་ཝུའུ་གཏེར་ཁའི་འགོ་གཙོ་ཡིན།

སྤྱི་ལོ1990ལོའི་ཟླ5བ་ནས་སྤྱི་ལོ1992ལོའི་ཟླ11པར། ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱིའི་ཀུང་ཟིའི་ཧྭ་མེ་ཨའོ་ཝུའུ་གཏེར་ཁའི་འགོ་གཙོ་དང་ཀུའེ་ཞི་དངུལ་གཏེར་སྤྱི་ཁྱབ་བཀོད་འདོམས་པ་དང་ཏང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ1992ལོའི་ཟླ11པ་ནས་སྤྱི་ལོ1993ལོའི་ཟླ5བར། ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱིའི་ཀུང་ཟིའི་ཀུའེ་ཞི་དངུལ་ཁའི་འགོ་གཙོ་དང་ཏང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ1993ལོའི་ཟླ5བ་ནས་སྤྱི་ལོ1997ལོའི་ཟླ8པར། ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱིའི་ཀུང་ཟི་ནན་ཁྲང་ཀུང་ཟིའི་སྤྱི་གཉེར་བ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི(དེའི་སྐབས་སུ། སྤྱི་ལོ1995ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ7པར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་བ་དང་། སྤྱི་ལོ1994ལོའི་ཟླ9བ་ནས་སྤྱི་ལོ1996ལོའི་ཟླ5བར། ཀྲུང་ནན་བཟོ་ལས་སློབ་ཆེན་དོ་དམ་བཟོ་བཀོད་ཆེད་ལས་སློབ་སྦྱོང་གནང་སྟེ། དོ་དམ་རིག་པའི་རབ་འབྱམས་པའི་མིང་རྟགས་བླངས)ཡིན།

སྤྱི་ལོ1997ལོའི་ཟླ8པ་ནས་སྤྱི་ལོ1998ལོའི་ཟླ3པར། ཀྲུང་གོའི་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱི་ཁྱབ་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན།

སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ1999ལོའི་ཟླ2པར། རྒྱལ་ཁབ་མདོག་ལྡན་ལྕགས་རིགས་བཟོ་ལས་ཅུའི་ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན།

སྤྱི་ལོ1999ལོའི་ཟླ2པ་ནས་སྤྱི་ལོ2000ལོའི་ཟླ6པར། རྒྱལ་ཁབ་མདོག་ལྡན་ལྕགས་རིགས་བཟོ་ལས་ཅུའི་ཅུའུ་ཀྲང་གཞོན་པ་དང་ཏང་རྩ་འཛུགས་ཀྱི་ཚོགས་མི་ཡིན།

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2000ལོའི་ཟླ8པར། རྒྱལ་དབང་གཙོ་གནད་ཁེ་ལས་ཆེ་གྲས་ཀྱི་ལྟ་ཞིབ་ལས་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན།

སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ2པར། རྒྱལ་དབང་གཙོ་གནད་ཁེ་ལས་ཆེ་གྲས་ཀྱི་ལྟ་ཞིབ་ལས་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་གོའི་ཧ་ཡང་ལས་རིགས་ཀུང་ཟིའི་གྲ་སྒྲིག་ཚན་ཆུང་གི་ཚོགས་གཙོ་ཡིན།

སྤྱི་ལོ2001ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ9བར། ཀྲུང་གོའི་ཧ་ཡང་ལས་རིགས་ཀུང་ཟིའི་སྤྱི་ཁྱབ་ལས་གཉེར་བ་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

སྤྱི་ལོ2001ལོའི་ཟླ9བ་ནས་སྤྱི་ལོ2004ལོའི་ཟླ4བར། ཀྲུང་གོའི་ཧ་ཡང་ལས་རིགས་ཀུང་ཟིའི་སྤྱི་ཁྱབ་ལས་གཉེར་བ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུང་གོའི་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་དང་། གཙོ་འཛིན(དེའི་སྐབས་སུ། སྤྱི་ལོ2002ལོའི་ཟླ3པ་ནས་སྤྱི་ལོ2002ལོའི་ཟླ5བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)ཡིན།

སྤྱི་ལོ2004ལོའི་ཟླ4བ་ནས་སྤྱི་ལོ2004ལོའི་ཟླ6པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན།

སྤྱི་ལོ2004ལོའི་ཟླ6པ་ནས་སྤྱི་ལོ2007ལོའི་ཟླ11པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ(དེའི་སྐབས་སུ། སྤྱི་ལོ2003ལོའི་ཟླ9བ་ནས་སྤྱི་ལོ2007ལོའི་ཟླ7པར། པེ་ཅིང་ཚན་རྩལ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་འབུམ་རམས་པའི་འཛིན་གྲྭར་དོ་དམ་ཚན་རིག་དང་བཟོ་བཀོད་ཆེད་ལས་ལ་ལས་ཐོག་སློབ་སྦྱོང་བྱས་ཏེ། དོ་དམ་རིག་པའི་འབུམ་རམས་པའི་མིང་རྟགས་བླངས)ཡིན།

སྤྱི་ལོ2007ལོའི་ཟླ11པ་ནས་སྤྱི་ལོ2007ལོའི་ཟླ12པར། ཀྲུང་གོའི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་ཡིན།

སྤྱི་ལོ2007ལོའི་ཟླ12པ་ནས་སྤྱི་ལོ2008ལོའི་ཟླ1པོར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ2008ལོའི་ཟླ1པོ་ནས་སྤྱི་ལོ2012ལོའི་ཟླ12པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་དང་། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན།

སྤྱི་ལོ2012ལོའི་ཟླ12པ་ནས་སྤྱི་ལོ2013ལོའི་ཟླ3པར། སྤྱི་བདེ་པུའི་པུའུ་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ2013ལོའི་ཟླ3པ་ནས། རྒྱལ་སྲིད་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་བདེ་པུའི་པུའུ་ཀྲང་། ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་ཡིན།

2 ལས་འགན་ཁུར་བའི་སྐོར།

ཀྲུང་གུང་སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ཡིན།