ཕེང་ལི་ཡོན།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2018-07-02 14:35ལ་འགྲུབ།

ཕེང་ལི་ཡོན།

ཕེང་ལི་ཡོན།
ཕེང་ལི་ཡོན། 1962ལོའི་ཟླ11པའི་ཚེས20ཉིན་ཧྲན་ཏུང་ཞིང་ཆེན་ཧུ་ཙེ་གྲོང་ཁྱེར་ཡུན་ཁྲེང་རྫོང་དུ་སྐྱེས། ཀྲུང་གོའི་མིང་དུ་གྲགས་པའི་སྐྱེས་མའི་མཐོ་གདངས་གླུ་མ་དང་། ཀྲུང་གོའི་མི་རིགས་མགྲིན་དབྱངས་ཀྱི་རབ་འབྱམས་པ་དང་པོ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་སྲིད་གཞུང་གི་ཆེད་གནངས་དངུལ་ཕོགས་ལོངས་སུ་སྤྱོད་པ་དང་། 1985ལོའི་ཟླ7པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་ལ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཞི་དཔོན་ལས་བྱེད་པ་ཡིན་ལ། ཅུན་རིམ་པ་རྒན་པ་ལོངས་སུ་སྤྱོད། ཕེང་ལི་ཡོན་ནི་བསྟུད་མར་སྐབས་བརྒྱད་པ་དང་། སྐབས་དགུ་བ། སྐབས་བཅུ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་བསྐོས། 2005ལོར་ཀྲུང་ཧྭའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། 2009ལོར་ཀྲུང་གོའི་མི་རིགས་བཅིངས་འགྲོལ་དམག་སྤྱི་སྲིད་པུའི་གླུ་གར་ཚོགས་པའི་ཚོགས་གཙོར་བསྐོས། 2012ལོར་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་གླིང་གཙོར་བསྐོས། ཁོ་མོ་ད་ལྟ་ནི་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་དང་། ཀྲུང་གོའི་རོལ་མོ་བའི་མཐུན་ཚོགས་ཀྱི་འགན་འཛིན་པ། ཀྲུང་གོའི་གླུ་གཞས་ཟློས་གར་ཞིབ་འཇུག་ཚོགས་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན། ཀྲུང་གོའི་རོལ་མོ་སློབ་གླིང་གི་གདན་ཞུ་དགེ་རྒན་ཆེན་མོ་དང་། པེ་ཅིང་སློབ་ཆེན་དང་ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕེང་ལི་ཡོན།
རྒྱ་ཡིག་གི་མིང་།
彭丽媛
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ན་ཏུང་ཞིང་ཆེན་ཧུ་ཙེ་གྲོང་ཁྱེར་ཡུན་ཁྲེང་རྫོང་།
སྐྱེས་ལོ།
1962ལོའི་ཟླ11བའི་ཚེས20།
ལས་རིགས།
གླུ་མ་དང་། གླུ་གཞས་ཟློས་གར་གྱི་འཁྲབ་སྟོན་པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་གོའི་རོལ་མོ་སློབ་གླིང་།
འཐུས་ཚབ་བརྩམས་ཆོས།
དབྱི་མེང་ཧྲན་གཞས་ཆུང་། སུས་ཀྱང་ངེད་ཕ་ཡུལ་ལེགས་པ་བསྟོད། རེ་བའི་རྣང་ཞིང་དུ། ཁམ་སྡོང་དམར་པོར་བསྟོད་པ།
སྲིད་ཏང་།
ཀྲུང་གོའི་གུང་ཁྲན་ཏང་།
བཟའ་ཟླ།
ཞི་ཅིན་ཕུང་།
དཀར་ཆག
1   མི་ཚེའི་བརྒྱུད་རིམ།
2   མི་སྒེར་བརྩམས་ཆོས།
3   གླུ་གཞས་ཟློས་གར།
4   བརྙན་རིས་བརྩམས་ཆོས།
5   མི་སྒེར་གྱི་གཟེངས་རྟགས།
6   མི་སྒེར་འཚོ་བ།
7   སྤྱི་ཚོགས་བྱ་འགུལ།
7.1 སྤྱི་ཕན་བྱ་འགུལ།
7.2 གཞུང་ཚབ་ཆེན་མོའི་ཐོབ་ཐང་།
8   འཚམས་འདྲིའི་བྱ་འགུལ།
8.1 མོ་སི་ཁོ་རུ་བསྐྱོད་པ།
8.2 ཨུ་རུ་སུའི་དྭ་ཕྲུག་ལ་གཟིགས་རྟོགས་གནང་བ།
8.3 ཐན་ཙན་ནི་ཡའི་བུད་མེད་རྩ་འཛུགས་ལ་གཟིགས་ཞིབ་བྱེད་པ།
8.4 ཧྥེ་གླིང་ལྷོ་མའི་དགའ་བསུའི་གུང་གསོལ་ལ་ཞུགས།
8.5 APECའགོ་ཁྲིད་མི་སྣའི་བཟའ་ཟླའི་བྱ་འགུལ་དུ་ཞུགས་པ།
8.6 གདན་འདྲེན་ལྟར་ཡ་གླིང་ཡིད་རྟོན་འགོ་གཙོའི་ཚོགས་འདུའི་རྒྱལ་ཁབ་འགོ་ཁྲིད་མི་སྣའི་སྐུ་ལྕམ་ཡའུ་ཡོན་གླིང་ཀར་བསྐྱོད་པ།
9   སྤྱི་ཚོགས་ཀྱི་གདེང་འཇོག

ཕེང་ལི་ཡོན། 1962ལོའི་ཟླ11པའི་ཚེས20ཉིན་ཧྲན་ཏུང་ཞིང་ཆེན་ཧུ་ཙེ་གྲོང་ཁྱེར་ཡུན་ཁྲེང་རྫོང་དུ་སྐྱེས། ཀྲུང་གོའི་མིང་དུ་གྲགས་པའི་སྐྱེས་མའི་མཐོ་གདངས་གླུ་མ་དང་། ཀྲུང་གོའི་མི་རིགས་མགྲིན་དབྱངས་ཀྱི་རབ་འབྱམས་པ་དང་པོ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་སྲིད་གཞུང་གི་ཆེད་གནངས་དངུལ་ཕོགས་ལོངས་སུ་སྤྱོད་པ་དང་། 1985ལོའི་ཟླ7པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་ལ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཞི་དཔོན་ལས་བྱེད་པ་ཡིན་ལ། ཅུན་རིམ་པ་རྒན་པ་ལོངས་སུ་སྤྱོད།

ཕེང་ལི་ཡོན་ནི་བསྟུད་མར་སྐབས་བརྒྱད་པ་དང་། སྐབས་དགུ་བ། སྐབས་བཅུ་བའི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་བསྐོས། 2005ལོར་ཀྲུང་ཧྭའི་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། 2009ལོར་ཀྲུང་གོའི་མི་རིགས་བཅིངས་འགྲོལ་དམག་སྤྱི་སྲིད་པུའི་གླུ་གར་ཚོགས་པའི་ཚོགས་གཙོར་བསྐོས། 2012ལོར་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་གླིང་གཙོར་བསྐོས།

ཁོ་མོ་ད་ལྟ་ནི་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་དང་། ཀྲུང་གོའི་རོལ་མོ་བའི་མཐུན་ཚོགས་ཀྱི་འགན་འཛིན་པ། ཀྲུང་གོའི་གླུ་གཞས་ཟློས་གར་ཞིབ་འཇུག་ཚོགས་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན། ཀྲུང་གོའི་རོལ་མོ་སློབ་གླིང་གི་གདན་ཞུ་དགེ་རྒན་ཆེན་མོ་དང་། པེ་ཅིང་སློབ་ཆེན་དང་ཧྲང་ཧེ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་ཡོད།

1 མི་ཚེའི་བརྒྱུད་རིམ།

1978ལོར། ལོ16ཅན་གྱི་ཕེང་ལི་ཡོན་ཡུན་ཁྲེང་ནས་ཅི་ནན་ལ་ཡོང་སྟེ། ཧྲན་ཏུང་ལྔ་བདུན་སྒྱུ་རྩལ་སློབ་གྲྭའི(1978ལོའི་ལོ་མཇུག་ཏུ་ཧྲན་ཏུང་སྒྱུ་རྩལ་སློབ་གླིང་དུ་བསྒྱུར)འབྲིང་རིམ་ཆེད་སྦྱོང་སྡེ་ཁག་ཏུ་སློབ་སྦྱོང་བྱས། ཧྲན་ཏུང་སྒྱུ་རྩལ་སློབ་གླིང་དུ་སློབ་སྦྱོང་བྱས་ཏེ་ཁོ་མོ་དངོས་སུ་སྒྱུ་རྩལ་གྱི་ལམ་བུར་བསྐྱོད། 1978ལོ་ནས་བཟུང་། ཕེང་ལི་ཡོན་གྱིས་དགེ་རྒན་ཆེན་མོ་ཝང་ཡིན་ཞོན་དགེ་རྒན་ལ་བསྟེན་ཏེ་ལོ་ངོ3ལ་ཉེ་བའི་རིང་ལ་སློབ་སྦྱོང་བྱས། དུས་སྐབས་འདིའི་ནང་ཁོ་མོས་གླུ་གཞས་ལེན་པའི་ཆེད་ལས་ལ་སྦྱངས་པ་མཐར་ཕྱིན་བྱས་ཏེ། རྒྱལ་ཡོངས་སུ་མཚན་སྙན་བླངས།

1980ལོར། ཕེང་ལི་ཡོན་གྱིས་ཧྲན་ཏུང་ཅི་ཉིང་སྒྱུ་རྩལ་སློབ་གྲྭའི་ཚབ་བྱས་ཏེ་པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་ལ་ཞུགས། པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་གནང་བ་ཕུལ་དུ་བྱུང་བས། རྒྱལ་ཁབ་ཀྱིས་ཕེང་ལི་ཡོན་མངགས་ཏེ་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་ཏུ་འཁྲབ་སྟོན་བྱས། ལོ་དེར། ཕེང་ལི་ཡོན་ནི་ཅི་ནན་དམག་ཁུལ་གྱི་སྔོན་སྲུང་གླུ་གར་ཚོགས་པར་ལས་བསྡུ་བྱས་ཏེ། དམག་དཔུང་གི་རིག་རྩལ་འཐབ་འཛིང་པ་ཞིག་ཏུ་གྱུར། རྗེས་ནས་ཀྲུང་གོའི་རོལ་མོ་སློབ་གླིང་རོལ་དབྱངས་སྡེ་ཁག་ཏུ་ཆེད་སྦྱོང་དང་། དངོས་གཞི། དེ་ནས་རབ་འབྱམས་པའི་བསླབས་གནས་བླངས། 

1981ལོའི་ཟླ4བར། ཕེང་ལི་ཡོན་གྱིས་རོལ་དབྱངས་སློབ་གསོ་བ་ཅིན་ཐིའེ་སེན་དགེ་རྒན་དུ་བསྟེན་པ་དང་། 1990ལོའི་ཟླ5བར། དཔྱད་རྩོམ་བགྲོ་གླེང་བརྒྱུད་ཕུལ་བྱུང་གྲུབ་འབྲས་ལས་རབ་འབྱམས་པའི་བསླབས་གནས་བླངས།

1982ལོར། ཕེང་ལི་ཡོན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐབས་དང་པོའི་དཔྱིད་གསར་མཉམ་སྤྲོ་དགོང་ཚོགས་ཀྱི་འཁྲབ་སྟོན་དུ་ཞུགས་ཏེ། གླུ་གཞས《རེ་བའི་རྣང་ཞིང་དུ》དང《ང་ཁྱེད་ལ་དགའ། ལྕགས་རི་རིང་པོའི་བྱང་ཕྱོགས་ཀྱི་ཁ་བ》ཕུལ་ཞིང་། ཀྲུང་གོའི་གཟིགས་མོ་བ་དག་གིས་རྒྱུས་སུ་ཡོད་པར་འགྱུར་མགོ་བརྩམས། 

1984ལོར། ཕེང་ལི་ཡོན་དངོས་སུ་སྔོན་སྲུང་གླུ་གར་ཚོགས་པ་ནས་སྤྱི་སྲིད་གླུ་གར་ཚོགས་པར་སྤར།

1985ལོར། ཕེང་ལི་ཡོན་ལ་རིག་གནས་པུས་སྤེལ་བའི་སྐབས་དང་པོའི“རྒྱལ་ཡོངས་ཉིའེ་ཨེར་དང་ཞིང་ཧའེ་སྒྲ་དབྱངས་བརྩམས་ཆོས་འགྲན་བསྡུར‘མི་རིགས་ཀྱི་ལེན་སྟངས་རུ་ཁག’”གི་གསེར་གྱི་རྟགས་མ་གནང་། རྗེས་ནས་ཀྱང་ཀྲུང་གོའི་གླུ་གཞས་ཟློས་གར་ཆེན་མོ《སྐྲ་དཀར་བུ་མོ》ཞེས་པར་གཙོ་འཁྲབ་གནང་བས་སྐབས་གསུམ་པའི་དཔྱིད་འགོའི་མེ་ཏོག་རྟགས་མའི་བྱ་དགའ་ཐོབ། ལོ་དེའི་ཟླ7པར། ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་པ་མ་ཟད་ཀྲུང་གོའི་རོལ་མོ་བའི་མཐུན་ཚོགས་ཀྱི་འགན་འཛིན་དུ་བདམས་ཤིང་། རྗེས་ནས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་གྱུར། 

1986ལོར། ཕེང་ལི་ཡོན་དང་ཞི་ཅིན་ཕིང་གཉིས་མིས་མཚམས་སྦྱོར་བྱས་ཏེ་ཕན་ཚུན་ངོ་ཤེས།

1987ལོའི་ཟླ9བའི་ཚེས1ཉིན། ཕེང་ལི་ཡོན་དང་ཞི་ཅིན་ཕིང་གཉིས་བཟའ་སྒྲིག་བྱས། 

1990ལོར། ཕེང་ལི་ཡོན་གྱིས་སྔ་གཞུག་ཏུ་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ། སིང་ཀ་ཕོར་བཅས་སུ་རྐྱང་ལེན་རོལ་མོའི་འདུ་ཚོགས་ཆེན་མོ་སྤེལ་བ་མ་ཟད། ཐེངས་དུ་མར་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་འཛམ་གླིང་གི་ས་ཆ་སོ་སོར་འཚམས་འདྲིའི་འཁྲབ་སྟོན་གནང་སྟེ། རྒྱལ་ཁབ50ལྷག་ལ་བསྐྱོད་མྱོང་། 

1992ལོར། ཕེང་ལི་ཡོན་གྱིས་བུ་མོ་ཞི་མིང་ཙེ་སྐྱེས། 

2005ལོའི་ཟླ9བར། ཕེང་ལི་ཡོན་གྱིས“མཉམ་འབྲེལ་རྒྱལ་ཚོགས་ལོ་འཁོར60ལོན་པའི”རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་གདན་ཞུ་ལྟར། ཨ་རིའི་ཉིའུ་ཡོར་གྱི་ལིན་ཁིན་སྒྱུ་རྩལ་ལྟེ་གནས་སུ་ཀྲུང་གོའི་གླུ་གཞས་ཟློས་གར《མུའུ་ལན་སྙན་རྩོམ》ཐོག་དང་པོར་འཁྲབ་སྟོན་བྱས་པ་མ་ཟད། ལིན་ཁིན་སྒྱུ་རྩལ་ལྟེ་གནས་སྒྱུ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་གནང་བའི་ཕུལ་བྱུང་སྒྱུ་རྩལ་པའི་བྱ་དགའ་ཐོབ།

2007ལོའི་ཟླ8པའི་ཚེས1ཉིན། ཕེང་ལི་ཡོན་གྱིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ཏེ། མོའི་ཆེད་བསྒྲིགས་བརྙན་འཁོར《ངའི་དམག་མི་སྤུན་ཟླ》ཞེས་པ་བཀྲམ།

2008ལོར། ཕེང་ལི་ཡོན་གྱིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཝི་ཨེན་ན་རྒྱལ་ཁབ་གྱི་གླུ་གཞས་ཟློས་གར་གླིང་གིས་གདན་འདྲེན་ལྟར་གླུ་གཞས་ཟློས་གར《མུའུ་ལན་སྙན་རྩོམ》གཙོ་འཁྲབ་བྱས་ཏེ། ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཟློས་གར་གླིང་ཨུ་ཡོན་ལྷན་ཚོགས་དང་ཝི་ཨེན་ན་རྒྱལ་ཁབ་གླུ་གཞས་ཟློས་གར་གླིང་གཉིས་མཉམ་འབྲེལ་སྒོས་ཁོ་མོར་སྒྱུ་རྩལ་ཕུལ་བྱུང་མཛད་རྗེས་ཀྱི་བྱ་དགའ་གནང་།

2012ལོར། ཕེང་ལི་ཡོན་ནི་བཅིངས་འགྲོལ་དམག་སྤྱི་སྲིད་གླུ་གར་ཚོགས་པའི་ཚོགས་གཙོ་ནས་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་གི་གླིང་གཙོར་འཕར།

2 མི་སྒེར་བརྩམས་ཆོས།

.jpg

3 གླུ་གཞས་ཟློས་གར།

《མུའུ་ལན་སྙན་རྩོམ》།《མཛེས་མ》།《སྐྲ་དཀར་བུ་མོ》།《ཏང་གི་བུ་མོ》།

4 བརྙན་རིས་བརྩམས་ཆོས།

མཐོང་ཆུང་ལ་རྒོལ་བའི་སྤྱི་ཕན་བརྙན་ཐུང《ནམ་ཡང་མཉམ་དུ་གནས་པ》།

《ཕ་ཡུལ་གྱི་རྒན་རབས་ཉེ་དུ》ཕབ་བསྐྲུན་བྱས།

5 མི་སྒེར་གྱི་གཟེངས་རྟགས།

1985ལོར། ཕེང་ལི་ཡོན་ལ་རིག་གནས་པུས་སྤེལ་བའི་སྐབས་དང་པོའི“རྒྱལ་ཡོངས་ཉིའེ་ཨེར་དང་ཞིང་ཧའེ་སྒྲ་དབྱངས་བརྩམས་ཆོས་འགྲན་བསྡུར‘མི་རིགས་ཀྱི་ལེན་སྟངས་རུ་ཁག’”གི་གསེར་གྱི་རྟགས་མ་བླངས། རྗེས་ནས་ཀྱང་ཀྲུང་གོའི་གླུ་གཞས་ཟློས་གར་ཆེན་མོ《སྐྲ་དཀར་བུ་མོ》ཞེས་པར་གཙོ་འཁྲབ་གནང་བས་སྐབས་གསུམ་པའི་དཔྱིད་འགོའི་མེ་ཏོག་རྟགས་མའི་བྱ་དགའ་ཐོབ།

1986ལོར། CCTVན་གཞོན་གླུ་བའི་བརྙན་འཕྲིན་བྱ་དགའ་ཆེན་མོའི་འགྲན་བསྡུར་ཆེད་ལས་རྩ་འཛུགས་ཀྱི་ཨང་དང་པོ་བླངས། 

2005ལོའི་ཟླ9བར། ལིན་ཁིན་སྒྱུ་རྩལ་ལྟེ་གནས་སྒྱུ་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་གནང་བའི་ཕུལ་བྱུང་སྒྱུ་རྩལ་པའི་བྱ་དགའ་ཐོབ། 

2011ལོའི་ཟླ12བར། སྐབས་དང་པོའི་ཀྲུང་ཧྭའི་སྒྱུ་རྩལ་རིག་གནས་ཀྱི་བྱ་དགའ་ཐོབ།

2013ལོའི་ཟླ4བའི་ཚེས18ཉིན། 《དུས་རབས》ཞེས་པའི་དུས་དེབ་ཀྱི་ཤུགས་རྐྱེན་ཆེན་མོའི་མི་སྣར་ཚུད།

2013ལོའི་ཟླ5བའི་ཚེས22ཉིན། ཨ་རིའི《ཧྥུ་པུའུ་སི》དུས་དེབ་ཀྱི2013ལོའི“འཛམ་གླིང་དུ་ཆེས་དབང་ཆ་ལྡན་པའི་སྐྱེས་མའི་མིང་ཐོར”བདམས།

6 མི་སྒེར་འཚོ་བ།

ཁྱོ་ག  ཞི་ཅིན་ཕིང་།

བུ་མོ། ཞི་མིང་ཙེ།

7 སྤྱི་ཚོགས་བྱ་འགུལ།
7_1 སྤྱི་ཕན་བྱ་འགུལ།

ཕེང་ལི་ཡོན་གྱིས་དུས་ཡུན་རིང་བོར་སྤྱི་ཕན་གྱི་ལས་ལ་འབད་ཅིང་། ཀྲུང་གོའི་ཨེ་ཙི་སྔོན་འགོག་བྱེད་པའི་དྲིལ་སྒྲོག་པ་ཡིན། 2012ལོའི་ཟླ12པར། 2012ལོའི་འཛམ་གླིང་ཨེ་ཙི་ནད་ཀྱི་ཉིན་མོ་དྲིལ་སྒྲོག་བྱ་འགུལ་དུ་ཞུགས་ལ། ཨེ་ཙིའི་དྭ་ཕྲུག་རྣམས་ཀྱིས་མོ་ལ་ཕེང་ཨ་མ་ཞེས་འབོད།

ཕེང་ལི་ཡོན་ཐེངས་གྲངས་མེད་དུ་གཞི་རིམ་ལ་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ལ་འཚམས་འདྲིའི་འཁྲབ་སྟོན་གནང་ཞིང་། 2003ལོར་པེ་ཅིང་ཞའོ་ཐང་ཧྲན་དུ“དམིགས་བསལ་གློ་ཚད”ལ་འགོག་རྒོལ་དང་། 2008ལོར་ཝུན་ཁྲོན་ས་ཡོམ་ཆེན་མོའི་གནོད་ཁུལ། 2010ལོར་ཅང་ཞི་ཅིའུ་ཅང་དུ་ཆུ་ལོག་ལ་འགོག་རྒོལ་བཅས་བྱས་ཏེ་མོའི་འཚམས་འདྲིའི་འཁྲབ་སྟོན་གྱིས་ཤུགས་རྐྱེན་མི་དམན་པ་བཞག

7_2 གཞུང་ཚབ་ཆེན་མོའི་ཐོབ་ཐང་།

2004ལོའི་ཟླ11པའི་ཟླ་མཇུག་ཏུ། མོས་སཱ་པེ་ཉིན་དང་ཝང་ཞའོ་ཡ་དང་མཉམ་དུ་ཐོག་དང་པོར་ཆོག་མཆན་ཐོབ་པའི“སང་ཉིན་གྱི་ཆེད་དུ་བྱམས་བརྩེ་ཕུལ་བའི་ཕོ་ཉ”རུ་གྱུར་ཞིང་། ན་གཞོན་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པར་བརྩོན་པ་ཡིན།

2007ལོར། ཕེང་ལི་ཡོན་ལ“རྒྱལ་ཡོངས་འདུས་འདྲིལ་ནད་འགོག་བཅོས་ཀྱི་སྣང་གཟུགས་ཕོ་ཉའི”མཚན་བཟང་བསྩལ།

2009ལོའི་ཟླ10བའི་ཚེས13ཉིན། ཕེང་ལི་ཡོན་ནི་ཀྲུང་གོའི་དུ་འཐེན་ཚོད་འཛིན་མཐུན་ཚོགས་ཀྱིས“དུ་འཐེན་ཚོད་འཛིན་སྣང་གཟུགས་ཕོ་ཉར”གདན་འདྲེན་ཞུས།

2011ལོའི་ཟླ6པའི་ཚེས3ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“འདུས་འདྲིལ་ནད་འགོག་རྒོལ་དང་ཨེ་ཙིའི་མཐུན་འབྲེལ་ཕོ་ཉར”གདན་འདྲེན་ཞུས།

2014ལོའི་ཟླ8པའི་ཚེས8ཉིན། ཕེང་ལི་ཡོན་གྱིས“འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཨེ་ཙིའི་ནད་འགོག་བཅོས་མཐུན་འབྲེལ་ཕོ་ཉའི”ཐོབ་ཐང་སྒོས། “བྱམས་བརྩེའི་ཉི་འོད་འོག ཨེ་ཙིའི་ནད་ཀྱིས་དྭ་ཕྲུག་ཏུ་ལུས་པའི་བྱིས་པའི་དབྱར་སྒར”ལས་གཉེར་བྱེད་སྒོར་ཞུགས།

8 འཚམས་འདྲིའི་བྱ་འགུལ།
8_1 མོ་སི་ཁོ་རུ་བསྐྱོད་པ།

2013ལོའི་ཟླ3པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མོ་སི་ཁོ་རུ་འབྱོར་ཏེ། ཨུ་རུ་སིའི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས། ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་གཉིས་ལ་ཨུ་རུ་སིའི་རྒྱང་ཤར་ས་ཁུལ་འཕེལ་རྒྱས་པུའི་འགོ་གཙོ་དབྱི་ཧྲ་ཡེ་ཧྥུས་བསུ་མ་རྒྱ་ཆེན་བྱས། “ཀྲུང་གོའི་སྐུ་ལྕམ་དང་པོ”ཐོག་དང་པོར་འབྱོར་བར་བརྟེན། མོའི་ཐུན་མིན་གྱི་ངོམ་འཕྱར་ལ་ཚང་མའི་ཁས་ལེན་དང་བསྟོད་བསྔགས་ཐོབ། སིང་ཀ་ཕོར་གྱི་སྨྱན་བྱད་ཀྱིས“ཀྲུང་གོའི་མིང་བྱང་གསར་བ”ཞེས་བསྔགས།

8_2 ཨུ་རུ་སུའི་དྭ་ཕྲུག་ལ་གཟིགས་རྟོགས་གནང་བ།

2013ལོའི་ཟླ3པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཨུ་རུ་སིར་འཚམས་འདྲིར་བསྐྱོད་པའི་ཕེང་ལི་ཡོན་གྱིས་མོ་སི་ཁོའི་ཉི་ཁུ་བཅའ་སྡོད་སློབ་གྲྭ་བཅོ་ལྔ་བར(ཆེད་དུ་དྭ་ཕྲུག་དང་ཕ་མ་མེད་པའི་བྱིས་པ་དང་ལེན་བྱེད་པའི་སློབ་གྲྭ)གཟིགས་ཞིབ་ཏུ་ཕེབས་ཤིང་། སློབ་ཁང་དང་སློབ་མའི་མལ་ཁང་ལ་གཟིགས་ཞིབ་དང་། དེ་ནས་སློབ་མའི་གླུ་གར་རྩལ་རྩེད་འཁྲབ་སྟོན་ལ་གཟིགས་རྗེས་བྱིས་པ་ཚོ་དང་ལྷན་དུ་ཕན་ཚུན་མཛའ་བརྩེའི་འབྲེལ་འདྲིས་བྱས།

8_3 ཐན་ཙན་ནི་ཡའི་བུད་མེད་རྩ་འཛུགས་ལ་གཟིགས་ཞིབ་བྱེད་པ།

2013ལོའི་ཟླ3པའི་ཚེས25ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ལྕམ་ཕེང་ལི་ཡོན་ནི་ཁེ་ཁི་ཝེ་ཐིའུ་ཙུང་ཐུང་གི་སྐུ་ལྕམ་སཱ་ཨར་མཱ་ཁེ་ཁི་ཝེ་ཐིའུ་དང་མཉམ་དུ་ཐན་ཙན་ནི་ཡའི་བུད་མེད་དང་འཕེལ་རྒྱས་ཐེབས་རྩ་ཚོགས་པར་གཟིགས་ཞིབ་གནང་། མོས་ཐེབས་རྩ་ཚོགས་པས་བུད་མེད་དང་བྱིས་པར་རོགས་སྐྱོར་གནང་བའི་ཐད་ནས་མཛད་རྗེས་བཞག་པར་བསྔགས་བརྗོད་གནང་བ་མ་ཟད། ཡུལ་དངོས་ཀྱི་བུད་མེད་དང་བྱིས་པར་ཁ་བརྡ་བྱས་པ་དང་། ཐེབས་རྩ་ཚོགས་པར་འཚེམ་འཕྲུལ་དང་དཔེ་ཁུག་སོགས་དངོས་ཟོག་ཕུལ།

8_4 ཧྥེ་གླིང་ལྷོ་མའི་དགའ་བསུའི་གུང་གསོལ་ལ་ཞུགས།

2013ལོའི་ཟླ3པའི་ཚེས26ཉིན། ཧྥེ་གླིང་ལྷོ་མའི་རྒྱལ་ས་པེ་ལིའུ་ཐོ་ལེ་ཡ། ཧྥེ་གླིང་ལྷོ་མའི་ཙུང་ཐུང་ཙོ་མཱ་བཟའ་ཟླ་གཉིས་ཀྱིས་འཚམས་འདྲི་རུ་ཐོན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་ལ་དགའ་བསུའི་གུང་གསོལ་སྤེལ་བ་དང་། ཕེང་ལི་ཡོན་གྱིས་ཀྲུང་ལུགས་གྱོན་ཆས་གྱོན་ཏེ་ཡུལ་དངོས་སུ་ཞུགས།

8_5 APECའགོ་ཁྲིད་མི་སྣའི་བཟའ་ཟླའི་བྱ་འགུལ་དུ་ཞུགས་པ།

2013ལོའི་ཟླ10བའི་ཚེས7ཉིན། ཕེང་ལི་ཡོན་ནི་སུའུ་ཞི་ལོ་ཙུང་ཐུང་གི་སྐུ་ལྕམ་ཨ་ཉི་ཡིས་ཡ་ཞི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་ཚོགས་མིའི་དཔལ་འབྱོར་དངོས་གཟུགས་འགོ་ཁྲིད་མི་སྣའི་བཟའ་ཟླར་སྤེལ་བའི་བྱ་འགུལ་དུ་ཞུགས། ཨ་ཉི་ཡིས་འཛུལ་སྒོ་རུ་ཕེང་ལི་ཡོན་བསུ་མ་བྱས་པ་མ་ཟད་ཕེང་ལི་ཡོན་ལ་ཧིན་ཉིའི་སྲོལ་རྒྱུན་གྱོན་ཆས་སྤྲས། ཁོ་མོ་ཡ་ཞི་དཔལ་འབྱོར་མཉམ་འབྲེལ་རྩ་འཛུགས་དཔལ་འབྱོར་དངོས་གཟུགས་འགོ་ཁྲིད་མི་སྣའི་བཟའ་ཟླའི་མཉམ་པར་བསྐྱོན་ཏེ་ཕན་ཚུན་ཁ་བརྡ་གནང་བ་མ་ཟད། མཉམ་དུ་པཱ་ལི་གླིང་ཕྲན་གྱི་དམངས་སྲོལ་འཚོ་བ་དང་། ས་གནས་སྲོལ་རྒྱུན་གླུ་གར་འཁྲབ་སྟོན། དམངས་ཁྲོད་གཏམ་རྒྱུད་འཁྲབ་སྟོན་བཅས་ལ་གཟིགས།

8_6 གདན་འདྲེན་ལྟར་ཡ་གླིང་ཡིད་རྟོན་འགོ་གཙོའི་ཚོགས་འདུའི་རྒྱལ་ཁབ་འགོ་ཁྲིད་མི་སྣའི་སྐུ་ལྕམ་ཡའུ་ཡོན་གླིང་ཀར་བསྐྱོད་པ།

2014ལོའི་ཟླ5བའི་ཚེས20ཉིན། ཕེང་ལི་ཡོན་ནི་ཡ་གླིང་ཡིད་རྟོན་འགོ་གཙོའི་ཚོགས་འདུའི་རྒྱལ་ཁབ་འགོ་ཁྲིད་མི་སྣས་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམ་སྟོན་དང་རིག་རྩལ་འཁྲབ་སྟོན། དེ་མིན་སྐུ་མགྲོན་རྣམས་དང་ལྷན་དུ་ཧྲང་ཧེའི་ཡའུ་ཡོན་གླིང་ཀར་བསྐྱོད།

9 སྤྱི་ཚོགས་ཀྱི་གདེང་འཇོག

“སྐུ་ལྕམ་དང་པོར”མ་གྱུར་སྔོན་དུ། ཕེང་ལི་ཡོན་ནི་བུད་མེད་ཀྱི་དཔེ་སྟོན་ཡིན་པ་མ་ཟད། ཀྲུང་གོའི་དེང་རབས་མི་རིགས་རོལ་དབྱངས་ཀྱི་འཐུས་ཚབ་པའང་ཡིན། ཀུན་གྱིས་དགའ་བསུ་བྱེད་པའི་གླུ་གཞས་གང་མང་ཡོད་ལ། རང་ཉིད་ཀྱི་སྒྱུ་རྩལ་བྱ་བ་བསྒྲུབས། མོ་སྤྱི་ཕན་གྱི་བྱ་བ་བསྒྲུབ་པར་སྤྲོ་ཞིང་བྱིས་པར་ཐུགས་ཁུར་བྱེད་པར་མོས། མོ་ལ་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་ཡོད་དེ། དེ་ནི་བཟའ་ཟླའི་ཐོབ་ཐང་ཁོ་ན་མ་ཡིན་པར་ཁོ་གཉིས་བར་ལ་བརྩེ་སེམས་དང་དུངས་བ་ཟབ་མོ་ཆགས་ཡོད། གླུ་མ་གྲགས་ཅན་ཞིག་ནས་ཀྲུང་གོའི“སྐུ་ལྕམ་དང་པོའི”བར། ཕེང་ལི་ཡོན་གྱིས་དཀའ་སྤྱད་དང་བབ་ཆགས། རང་རློམ་གྱི་སྣང་བརྙན་སྒོས་མོའི་ཐུན་མིན་གྱི“ཀྲུང་གོའི་རྣམ་པའི་དྲང་ནུས”ཤིག་བཏོན།