བསོད་ཏེ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 17:23ལ་འགྲུབ།

བསོད་ཏེ།

བསོད་ཏེ་ལགས་ནི1948ལོར་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཀྱི་བོད་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཁོང་ཉིད་ལོ་ན་ཆུང་བའི་དུས་ནས་བློ་རིག་གསལ་བ་དང་། སློབ་འབྲིང་མཐར་ཕྱིན་རྗེས་རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ལྡང་མགོ་བརྩམས་པ་དང་བསོད་ཏེ་ཡང་ཤེས་ལྡན་ན་གཞོན་གྲོང་གསེབ་ཏུ་བསྐྱོད་པའི་ལས་འགུལ་གྱི་ཚ་རླངས་འོག་འབྲོག་ཁུལ་དུ་ཕྱིན། དཀའ་སྡུག་གི་ཟླའི་ནང་དུ་ཁོང་གིས་ཟོག་ལུག་གི་རྫི་བོ་བྱས་མྱོང་ལ། དམངས་སྒྲུབ་དགེ་རྒན་དང་རྐང་རྗེན་སྨན་པའང་བྱས་མྱོང་།
གཞི་རྩའི་གནས་ཚུལ།

འཁྲུངས་ལོ།
1948ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
འཐུས་ཚབ་བརྩམས་ཆོས།
《བོད་ཀྱི་རྣམ་ཐར་ཟློས་གར》སོགས་ཡོད།
1 ངོ་སྤྲོད།

བསོད་ཏེ་ལགས་ནི1948ལོར་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་ཀྱི་བོད་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཁོང་ཉིད་ལོ་ན་ཆུང་བའི་དུས་ནས་བློ་རིག་གསལ་བ་དང་། སློབ་འབྲིང་མཐར་ཕྱིན་རྗེས་རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ལྡང་མགོ་བརྩམས་པ་དང་བསོད་ཏེ་ཡང་ཤེས་ལྡན་ན་གཞོན་གྲོང་གསེབ་ཏུ་བསྐྱོད་པའི་ལས་འགུལ་གྱི་ཚ་རླངས་འོག་འབྲོག་ཁུལ་དུ་ཕྱིན། དཀའ་སྡུག་གི་ཟླའི་ནང་དུ་ཁོང་གིས་ཟོག་ལུག་གི་རྫི་བོ་བྱས་མྱོང་ལ། དམངས་སྒྲུབ་དགེ་རྒན་དང་རྐང་རྗེན་སྨན་པའང་བྱས་མྱོང་།

2 བྱ་བའི་བརྒྱུད་རིམ།

1977ལོར་བསོད་ཏེ་ལགས་བསང་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་རུ་བྱ་བ་བཀོད་སྒྲིག་བྱས་ཤིང་། ས་ཆའི་གསར་འཕྲིན་འཚོལ་སྡུད་བྱ་ཆེད་རྫོང་ཡོངས་ཀྱི་རི་ལུང་དང་སྡེ་ཁྱིམ་སོ་སོར་ཁོང་གི་ཞབས་རྗེས་བཀོད། 1978ལོར་ཁོང་གི་ལྷུག་རྩོམ《ནོར་བུའི་གཟི་འོད》ཅེས་པ་ཐོག་མར་དུས་དེབ་ཅིག་ཏུ་བཀོད། ལོ་དེར་རྒྱལ་ཁབ་ཀྱིས་མཐོ་རྒྱུགས་སླར་གསོ་བྱས་པ་དང་། ནུབ་བྱང་མི་རིགས་སློབ་གླིང་གི་བོད་སྐད་ཡིག་གི་ཆེད་ལས་ལ་རྒྱུགས་འཕྲོད། བགྲང་བྱ་བཞིའི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ་སློབ་ཆེན་དེ་ལས་མཐར་ཕྱིན། བསོད་ཏེ་ལགས་ཀྱིས་སྔ་གཞུག་ཏུ་ཀན་ལྷོ་ཁུལ་རིག་གནས་ཅུས་དང་ཀན་ལྷོ་ཁུལ་དྲིལ་བསྒྲགས་པུའུ་རུ《གེ་སར་སྒྲུང》ཞིབ་འཇུག་དང་བོད་བརྒྱུད་ནང་བསྟན་རིག་གནས། ཀན་ལྷོའི་བོད་ཀྱི་རྣམ་ཐར་ཟློས་གར་ཞིབ་འཇུག་གི་བྱ་བ་སོགས་གཉེར།

བསོད་ཏེ་ལགས་ཀྱིས་གེ་སར་སྒྲུང་ནང་གི་དགྲ་འདུལ་གཉེན་སྐྱོང་གི་འཕྲིན་ལས་སྐོར་བརྗོད་པའི་རྩོམ་དེབ་དང་པོ་སྟེ《གེ་སར་སྒྲུང་རགས་བརྗོད》ཅེས་པ་བཏོན། ཁོང་ཉིད་རྒྱལ་སྤྱིའི་གེ་སར་ཞིབ་འཇུག་ཚོགས་པའི་མི་སྣ་ཞིག་ཏུ་གྱུར། དེ་ལྟར་བསོད་ཏེ་ལགས་རང་རྒྱལ་ལས་རིགས་ལས་གེ་སར་སྒྲུང་གི་ཞིབ་འཇུག་ཐད་གྲུབ་འབྲས་འབུར་དུ་ཐོན་པའི་ཆེད་ལས་མཁས་པའི་གྲས་ཤིག་ཏུ་གྱུར།

3 བརྩམས་ཆོས།

ལོ་མང་པོའི་རིང་ལ་བསོད་ཏེ་ལགས་ཀྱིས་སྔ་གཞུག་ཏུ《བོད་ལྗོངས་ཞིང་འཇུག》དང་། 《ནུབ་བྱང་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ》 《མི་རིགས་རྩོམ་རིག་ཞིབ་འཇུག》 《ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག》སོགས་རྒྱལ་ཡོངས་ཀྱི་རིག་གཞུང་དུས་དེབ་ཅི་རིགས་སུ་དཔྱད་རྩོམ་བརྒྱ་ཕྲག་བཏོན། 1992ལོར་རྩོམ་དེབ་གཉིས་པ་སྟེ《བླ་བྲང་དགོན་པའི་ནང་བསྟན་རིག་གནས》བརྩམས་པ་དང་། 1993ལོར་རྩོམ་དེབ་གསུམ་པ་《བོད་ཀྱི་རྣམ་ཐར་ཟློས་གར》ཞེས་པ་བརྩམས་ཤིང་། དཔེ་དེབ་དེ་ཉིད་ཀན་སུའུ་སྒྱུ་རྩལ་དཔེ་ཚོགས་སུ་བཞག་ཅིང་དེས་ཀྲུང་གོའི་ཟློས་གར་ལོ་རྒྱུས་ཞིབ་འཇུག་གི་སྟོང་ཆ་ཞིག་བསྐངས།

ཁོང་གི་གེ་སར་སྒྲུང་གི་ཞིབ་འཇུག་སྐོར་ལ་དེ་བས་འབུར་དུ་ཐོན་པའི་གྲུབ་འབྲས་མངོན་ཏེ། 1986ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ད་རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། ཀྲུང་གོ་མི་རིགས་ཞིབ་འཇུག་ཁང་བཅས་མཉམ་འབྲེལ་གྱི་མཚན་སྙན་དཔང་ཡིག་གནང་ཞིང་། 1989ལོར《གེ་སར་སྒྲུང་གི་སྤྱི་ཁོག་རྩོམ་སྟངས་སྐོར་ལ་རགས་ཙམ་དཔྱད་པ》ཞེས་པའི་དཔྱད་རྩོམ་བྲིས་ཏེ་སྐབས་ཐོག་མའི་རྒྱལ་སྤྱིའི་གེ་སར་རིག་གཞུང་ཚོགས་འདུར་ཞུགས། 1999ལོར《ཏུང་ཧོང་བོད་ཡིག་གི་གནའ་བོའི་ལོ་རྒྱུས་ཡིག་ཆ་དང་གེ་སར་སྒྲུང་བར་གྱི་འབྲེལ་བ》ཞེས་པའི་དཔྱད་རྩོམ་བྲིས་ནས་ཏུན་ཧོང་རིག་པའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུར་ཞུགས། གེ་སར་སྒྲུང་གི་ཞིབ་འཇུག་ལ་ཁྱད་ཐོན་གྱི་གྲུབ་འབྲས་མངའ་ཕྱིར། 1997ལོར་རྒྱལ་ཁབ་རིག་གནས་པུའུ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། ཀྲུང་གོ་རིག་རྩལ་པའི་མཐུན་ཚོགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིསམཉམ་འབྲེལ་གྱིས་གཟེངས་བསྟོད་བགྱིས་ཏེ་མཛད་རྗེས་འབུར་ཐོན་གྱི་མི་སྒེར་གྱི་བྱ་དགའ་གནང་།


བརྡ་འགྲེལ་གདོང་འཛར།

མི་སྣ།