བརྡ་ཚང་པར་ལེན།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-08-04 09:00ལ་འགྲུབ།

བརྡ་ཚང་པར་ལེན།

བརྡ་ཚང་པར་ལེན།
པར་ཆས་དཀྱུས་མས་པར་བརྒྱབ་པའི་བརྙན་རིས་ནི་སྙོམས་ངོས་ཡིན་ཞིང་། སྐུལ་འོད་ལག་རྩལ་བེད་སྤྱད་དེ་འདྲ་པར་བླངས་པས་པར་ལེན་བྱའི་དངོས་གཟུགས་ཀྱི་ལྡོག་འཕྲོའམ་བརྟོལ་འཕྲོ་འོད་རླབས་ནང་གི་ཆ་འཕྲིན་ཡོངས་རྫོགས(འདར་རྒྱ་དང་གནས་མཚན)ཟིན་བྲིས་སུ་འདེབས་ཆོག དེའི་ཕྱིར་དེར་བརྡ་ཚང་པར་ལེན་ཟེར་ལ། བརྡ་ཚང་བརྙན་ལེན་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
全息摄影
ཕྱི་ཡིག་གི་མིང་།
Holography
1 ​ངོ་སྤྲོད།

པར་ཆས་དཀྱུས་མས་པར་བརྒྱབ་པའི་བརྙན་རིས་ནི་སྙོམས་ངོས་ཡིན་ཞིང་། སྐུལ་འོད་ལག་རྩལ་བེད་སྤྱད་དེ་འདྲ་པར་བླངས་པས་པར་ལེན་བྱའི་དངོས་གཟུགས་ཀྱི་ལྡོག་འཕྲོའམ་བརྟོལ་འཕྲོ་འོད་རླབས་ནང་གི་ཆ་འཕྲིན་ཡོངས་རྫོགས(འདར་རྒྱ་དང་གནས་མཚན)ཟིན་བྲིས་སུ་འདེབས་ཆོག དེའི་ཕྱིར་དེར་བརྡ་ཚང་པར་ལེན་ཟེར་ལ། བརྡ་ཚང་བརྙན་ལེན་ཡང་ཟེར། བརྡ་ཚང་པར་ལེན་ནི་སྐུལ་འོད་ཀྱི་འབྲེལ་ཡོད་རང་བཞིན་ལེགས་པའི་ཁྱད་གཤིས་འདི་བེད་སྤྱད་དེ། རྐྱེན་ཐབས་བེད་སྤྱད་ནས་ཆ་འཕྲིན་ཡོངས་རྫོགས་ཟིན་བྲིས་སུ་བཏབ་པ་རེད། 

བརྡ་ཚང་འདྲ་པར་ཐོག་ཏུ་མཐོང་བའི་དངོས་གཟུགས་ལ་ལངས་གཟུགས་ཚོར་སྣང་ལྡན་པས། ལྟ་བའི་ཟུར་ཚད་སྒྱུར་ན་དངོས་གཟུགས་ཀྱི་གཞོགས་ངོས་ཐ་ན་རྒྱབ་ངོས་ལ་བལྟ་ཐུབ་པས། གཟུགས་བརྙན་གསོན་ཉམས་ལྡན་པར་བྱེད་པ་རེད། 

བརྡ་ཚང་བརྙན་ལེན་གྱི་ཁྱད་ཆོས་ཤིག་ནི་ངེས་པར་དུ་འདྲ་བའི་འབྲེལ་ཡོད་རང་བཞིན་གྱི་སྐུལ་འོད་འོག་ཏུ་བལྟ་དགོས་པས། དེ་མིན་ན་དང་ཐོག་སྤྱིན་ཤོག་ཐོག་ཏུ་ཟིན་བྲིས་སུ་བཏབ་པའི་རྩ་གསུམ་ལངས་གཟུགས་གྲིབ་བརྙན་བསྐྱར་མངོན་བྱེད་ཐབས་མེད་པ་རེད། 

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།