པདྨ་རིན་ཆེན།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 16:31ལ་འགྲུབ།

པདྨ་རིན་ཆེན།

ས་མིང་བརྟག་ཞིབ་པ་པདྨ་རིན་ཆེན་ནི1954ལོར་བསང་ཆུ་སྔོན་མོའི་འགྲམ་རྒྱུད་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1977ལོའི་ཟླ་ལྔ་པར་ཀན་ལྷོ་ཁུལ་དམངས་སྲིད་ཅུས་ལ་ལས་བགོས་བྱས་ཤིང་། 1987ལོར་ས་མིང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས། 1991ལོ་ནས་ད་བར་དུ་ཀན་ལྷོ་ཁུལ་ས་མིང་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། གཞུང་སྒྲབ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན་བཅས་ཀྱི་འགན་ཁུར།
གཞི་རྩའི་གནས་ཚུལ།

འཁྲུངས་ལོ།
1954ལོ།
འཁྲུངས་ཡུལ།
བསང་ཆུ་སྔོན་མོའི་འགྲམ་རྒྱུད།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
འཐུས་ཚབ་བརྩམས་ཆོས།
《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ས་མིང་ཚད་ལྡན་གྱི་དཀར་ཆག》སོགས་གཙོ་སྒྲིག་བྱས།
1 ངོ་སྤྲོད།

ས་མིང་བརྟག་ཞིབ་པ་པདྨ་རིན་ཆེན་ནི1954ལོར་བསང་ཆུ་སྔོན་མོའི་འགྲམ་རྒྱུད་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1977ལོའི་ཟླ་ལྔ་པར་ཀན་ལྷོ་ཁུལ་དམངས་སྲིད་ཅུས་ལ་ལས་བགོས་བྱས་ཤིང་། 1987ལོར་ས་མིང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས། 1991ལོ་ནས་ད་བར་དུ་ཀན་ལྷོ་ཁུལ་ས་མིང་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་། གཞུང་སྒྲབ་ཁང་གི་ཀྲུའུ་རིན་གཞོན་པ་དང་ཀྲུའུ་རིན་བཅས་ཀྱི་འགན་ཁུར། 1991ལོའི་ཟླ་བཅུ་པར་ཀན་ལྷོ་ཁུལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་དཔེ་སྐྲུན་ལས་རིགས་ཀྱི་འབྲིང་རིམ་ཆེད་ལས་ལག་རྩལ་ལས་འགན་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིི་ཨུ་ཡོན་གྱི་འགན་གཅིག་ལྕོགས་སུ་ཁུར། 2001ལོར་ཀན་ལྷོ་ཁུལ་དམངས་སྲིད་ཅུས་ཀྱི་ས་མིང་དང་ས་ཁུལ་དབྱེ་འབྱེད་ཁོ་ཀྲང་གི་འགན་ཁུར། 2004ལོར་གངས་ལྗོངས་རིག་གནས་མི་སྣ་གྲགས་ཅན་གྱི་རིག་རྩོམ་དང་མཛེས་རིས་ཉར་ཚགས་ཁང་གསར་འཛུགས་བྱས་གཙོ་འགན་ཁུར། 2009ལོར་ཟླ་བདུན་པར་གཙོས་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་གདན་ཞུས་བློ་འདོན་པ་དང་། 2010ལོའི་ཟླ་དྲུག་པར་ཀན་སུའུ་ཞིང་ཆེན་ཐེངས་གཉིས་པའི་རྒྱལ་ཡོངས་ས་མིང་ཞིབ་བཤེར་ཡུལ་དངོས་ཟབ་སྦྱོང་ཚོགས་པའི་ལག་རྩལ་བློ་འདོན་པ་བཅས་ཀྱི་ཞོར་འགན་ཡང་ཁུར་མྱོང་།

ད་ལྟ་ཁོང་ནི་ཀན་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོའི་དམངས་སྲོལ་པར་ལེན་མཐུན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་རིག་དངོས་རིག་པའི་ལྷན་ཚོགས་ཀྱི་དམངས་སྲོལ་ཉར་ཚགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོའི་རིག་དངོས་རིག་པའི་ལྷན་ཚོགས་ཀྱི་དམངས་སྲོལ་ཉར་ཚགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་ཉར་ཚགས་པ་ལྷན་ཚོགས་ཀྱི་ཨུ་ཡོན། 《ཡ་གླིང་མཐོར་ཚོར》ཞང་ཀང་ཚགས་པར་ཁང་གི་ཆེད་བསྐོས་གསར་འགོད་པ་བཅས་ཡིན།

2 བརྩམས་ཆོས།

1986ལོ་ནས་བཟུང་རང་ཁུལ་གྱི་ས་མིང་དོ་དམ་བྱ་བ་དེ་དཔྱད་གཞི་ལེགས་སྒྲིག་བྱེད་པའི་དུས་རིམ་ལ་བསྒྱུར་ཏེ། ཁུལ་ཡོངས་ཀྱི་ས་མིང་ལས་གཞི་བཞིའི་གྲུབ་འབྲས་ཀྱི་དཔྱད་གཞི་ཕྱོགས་སྡོམ་བྱས་ཏེ། 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ས་མིང་ཚད་ལྡན་གྱི་དཀར་ཆག》རྩོམ་སྒྲིག་པར་སྐྲུན་བྱས་ཏེ་རྨང་གཞི་བརྟན་པོ་བཏིང་། 1989ལོར་བཟོ་སྐྲུན་པའི་ཞོར་འགན་ཁུར་ཏེ། 《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་ས་ཁྲ》རྩོམ་སྒྲིག་པར་སྐྲུན་བྱས། དུས་མཚུངས་སུ་བསྡུར་ཚད་འདྲ་བའི་རང་ཁུལ་གྱི་ལོ་རྒྱུས་སྟེང་གི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ཀྱི་ས་ཁྲ་ཨང་དང་པོ་རྩོམ་སྒྲིག་པར་སྐྲུན་བྱས།

ཁོང་ཉིད་བརྙན་ལེན་སྒྱུ་རྩལ་གྱི་གསར་རྩོམ་ལ་དགའ་ཞེན་ཆེ་བས་སྔ་གཞུག་ཏུ《མཐོ་སྒང་གི་ཡབ་ཆེན》དང་། 《ཡེ་ཤེས་ཀྱི་སྤྱན》 《རྩྭ་ཐང་གི་དྲན་ཤེས》 《མཚམས་སྤྲིན་གྱི་ལུང་བསྟན》སོགས་བརྙན་པར50ལྷག་གསར་རྩོམ་གནང་སྟེ། 《བོད་ལྗོངས་ཡུལ་སྐོར》སོགས་དུས་དེབ་བཅུ་ལྷག་ཏུ་བཀོད། 《ཁྱད་མཚར་ཅན་གྱི་མདའ་བསྟོད་དུས་ཆེན》ལ་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་དམངས་སྲོལ་པར་ལེན་མིའི་རིགས་ཀྱི་བྱས་རྗེས་བྱ་དགའི་ཁྲོད་རྟིང་སྐུལ་བྱ་དགའ་ཐོབ། ད་དུང་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕུལ་བྱུང་བྱ་དགའ་ཡང་ཐོབ་མྱོང་ངོ་། །


བརྡ་འགྲེལ་གདོང་འཛར།

མི་སྣ། ས་མིང་བརྟག་ཞིབ་པ།