འབོ་ར་ཚོ་བཞི།སྔ་མའི་པར་གཞི་དེ ཨ་སངས།  ནས 2017-08-01 11:28ལ་འགྲུབ།

འབོ་ར་ཚོ་བཞི།

འབོ་ར་ཚོ་བཞི་ནི་གཙོས་གྲོང་ཁྱེར་གྱི་ལྷོ་མཚམས་སུ་གནས་ཤིང་། ཤར་དུ་ཀླུ་ཤོད་དང་། ལྷོར་རྨེད་ཤིས་དང་སྒྱིས་ཚང་། ནུབ་ཏུ་ཨ་མཆོག བྱང་དུ་གཙོས་དང་། རྡོ་དཀར། ཙ་ཡུས་བཅས་དང་ས་མཚམས་འདྲེས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
གཙོས་གྲོང་ཁྱེར་གྱི་ལྷོ་མཚམས་སུ་གནས།
དབྱེ་བ།
ཁྱོམ་དགེ་ཚོ་བ། གད་སྐྱ་དང་ཀོའུ་ཏ་ཚོ་བ། སྦོག་ཙ་ཚོ་བ། ཆོ་དགུ་ཚོ་བ།
1 ངོ་སྤྲོད།

འབོ་ར་ཚོ་བཞི་ནི་གཙོས་གྲོང་ཁྱེར་གྱི་ལྷོ་མཚམས་སུ་གནས་ཤིང་།  ཤར་དུ་ཀླུ་ཤོད་དང་།  ལྷོར་རྨེད་ཤིས་དང་སྒྱིས་ཚང་།  ནུབ་ཏུ་ཨ་མཆོག  བྱང་དུ་གཙོས་དང་།  རྡོ་དཀར།  ཙ་ཡུས་བཅས་དང་ས་མཚམས་འདྲེས།  དེང་སང་འབོ་ར་ཞང་ཁག་གི་ཁོངས་སུ་གཏོགས།  འབོ་ར་ཞེས་པ་འབོ་དགེའི་ར་གུར་ཞེས་པའི་བསྡུས་མིང་ཡིན་པར་གྲགས།  སྐྱོག་སྟོན་ལོ་ཆེན་གྱིས་མཛད་པའི་ལི་ཤིའི་གུར་ཁང་དུ།  མངའ་བདག་ཁྲི་རལ་བ་ཅན་གྱི་སྐབས་སུ།  དབུས་གཙང་གི་རུ་སོ་སོ་ནས་དམག་བསྡུས་ཏེ་རྒྱ་བོད་གཉིས་ཀྱིས་མཚམས་སུ་དྲངས།  དམག་དེ་དག་ལས་གཙང་གི་གཉའ་འབུར་པོ་ནས་ཡིན་པའི་དམག་དཔོན་སྔ་འགྱུར་གསང་སྔགས་རྙིང་མར་ཤིན་ཏུ་དད་པ་ཞིག་གིས་དམག་མི་འཁོར་དང་བཅས་པའི་རུ་སྣ་ཡུལ་འདིར་དྲངས་ཏེ་བསྡད།  རིམ་བཞིན་དེའི་གདུང་རྒྱུད་འཕེལ་ཏེ་ཚོ་ཆེན་ཞིག་ཏུ་གྱུར།  ཀུན་གྱིས་སྔགས་རྙིང་མའི་དམག་དཔོན་དེར་འབོར་ནས་འོང་བའི་དགེ་རྒན་ནམ་འབོར་དགེ་ཞེས་གསོལ།  འབོར་དགེའི་སྦྲ་གུར་གནས་འདིར་ཕུབས་པས་འབོ་ར་ཞེས་པའི་མིང་ཆགས་ཟེར་རོ། །དམག་དཔོན་འབོར་དགེའི་གདུང་རྒྱུད་ཀྱིས་ཡུལ་འདི་བཟུང་ཞིང་རིགས་རྒྱུད་འཕེལ་ཏེ་སྒོག་ནང་ཁག་དང་།  ནོར་ལུང་ཁག  གཡག་པ་ཁག  སྐྱ་ཐེ་ཁག  སྦོག་ཚ་ཁག་བཅས་ཡུལ་སྡེ་བཞི་ཆགས།  རབ་བྱུང་བཅུ་གསུམ་པའི་ས་སྟག་སྟེ་སྤྱི་ལོ1758ལོར་འབོ་ར་དགོན་དགའ་ལྡན་བཤད་སྒྲུབ་གླིང་བཏབ།  ས་ཕག་ལོར་སྐྱབས་རྗེ་ཀུན་མཁྱེན་གཉིས་པ་རྗེ་བཙུན་འཇིགས་མེད་དབང་པོ་མཆོག་ཉིད་འབོ་ར་དགོན་དུ་ཕེབས་དུས་དགོན་པ་དང་ལྷ་སྡེ་ཚོ་བ་བཅས་པ་ཀུན་མཁྱེན་ལ་ཕུལ།  མཆོག་ཉིད་ནས་ཀྱང་འབོ་ར་དགོན་པར་དངུལ་སྲང་བརྒྱ་དང་མཛོ་རྟ་ལྔ་བཅུ་རེ།  ལུག་བརྒྱ་བཅས་པའི་འགྱེད་བཏང་།  དུས་དེ་ནས་བཟུང་འབོ་ར་ཚོ་བ་བཞི་ནི་བླ་བྲང་དགོན་པའི་ལྷ་སྡེའི་ནང་ཚན་དུ་གྱུར་ཞིང་བླ་བྲང་དགོན་པས་འགོ་པ་དང་ཁྲི་པ་མངགས་ཏེ་དགོན་སྡེ་དང་ཚོ་བ་བདག་སྐྱོང་བྱེད་དོ། །

2 དབྱེ་བ།
2_1 ཁྱོམ་དགེ་ཚོ་བ།

དེར་ཁྱོམ་དགེ་དང་།  སྔོན་པོ་ཐང་།  རོང་བོ་ཁོག་ཚ་ངུ་ཐང་།  ཀ་སྐྱའི་རྩ་གསུམ།  ལྷ་འབུམ་ཐང་རུ་འགབ་མ།  རི་བར་མའི་འབྲོག་སྡེ།  རི་གོང་མའི་ལྷ་སྡེ།  གྲུ་གུ་ནང་།  ཡག་པའི་སྟེང་དཀར་ལུང་།  ལུག་ཀྱག  ལེགས་པོ་ཉིན་ཡར་ག   ཡར་སྣེ།  སྒྲོག་གོང་མ།  སྒྲོག་ཞོལ་མ།  ཨ་ལ་བཅས་ཡུལ་སྡེ་བཅོ་བརྒྱད་མངའ།

2_2 གད་སྐྱ་དང་ཀོའུ་ཏ་ཚོ་བ།
2_3 སྦོག་ཙ་ཚོ་བ།

དེར་སྦོག་ཙ་མདོ་དང་།  རྒྱ་ར།  འདའ་འདུ།  སྡེ་བ་ཆེ་བོ།  ཇག་ལམ།  ཐེ་བོ་བཅས་ཡུལ་སྡེ་དྲུག་མངའ། 

2_4 ཆོ་དགུ་ཚོ་བ།

ཚོ་བ་འདིའི་མིང་གཞན་ལ་འབོ་ར་ཚོ་བའང་ཟེར།  དེར་འབོ་ར་མདོ།  གོའུ་ནང་།  སྦོས་ལུང་།  ཕྲེད་ལུང་།  ལུང་ཀྱོག་གོང་འགབ།  རྡར་བ།  རྩ་ས།   དར་མདོ།  ནོར་ལུང་གོང་འགབ།  སྐྱེད་སུམ།  ལོ་ཡག་ཐང་།  མཁར་ནག་བཅས་ཡུལ་སྡེ་བཅུ་བཞི་མཆིས་སོ། །


བརྡ་འགྲེལ་གདོང་འཛར།

ཚོ་བའི་ལོ་རྒྱུས། འབོ་ར་ཚོ་བཞི།