དམེ་གླང་བོའུ་རྡེལ་ལབ་ཙེ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 16:30ལ་འགྲུབ།

དམེ་གླང་བོའུ་རྡེལ་ལབ་ཙེ།

དམེ་གླང་བོའུ་རྡེལ་ལབ་ཙེ་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་ཕོ་བྲང་ཡིན་ལ། ཧ་ལམ་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག་སྟེ་སྤྱི་ལོ1998ལོར་མགོ་ལོག་སྟག་ལུང་དགོན་ཀ་དག་སྤྲོས་བྲལ་གླིང་གི་སྤྲུལ་སྐུ་བསྟན་པའི་དབང་ཕྱུག་ཚང་དང་། དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ཨ་ལགས་བརྩི་བཞག་བྱམས་པ་ལུང་རྟོགས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ཞལ་བཀོད་གནང་བ་ལྟར་བསྟད་ཅིང་། དེ་ནི་རི་དྭགས་རྔོན་མཁན་ཆིབས་རྟ་སྔོན་པོར་བཅིབས་པ་དང་རྒྱབ་ལ་མེ་མདའ་ཁུར་བ་ཞིག་ཡིན་པས། མཚན་ལ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གསོལ།
1 ངོ་སྤྲོད།

དམེ་གླང་བོའུ་རྡེལ་ལབ་ཙེ་ནི་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་ཕོ་བྲང་ཡིན་ལ། ཧ་ལམ་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག་སྟེ་སྤྱི་ལོ1998ལོར་མགོ་ལོག་སྟག་ལུང་དགོན་ཀ་དག་སྤྲོས་བྲལ་གླིང་གི་སྤྲུལ་སྐུ་བསྟན་པའི་དབང་ཕྱུག་ཚང་དང་། དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ཨ་ལགས་བརྩི་བཞག་བྱམས་པ་ལུང་རྟོགས་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ཞལ་བཀོད་གནང་བ་ལྟར་བསྟད་ཅིང་། དེ་ནི་རི་དྭགས་རྔོན་མཁན་ཆིབས་རྟ་སྔོན་པོར་བཅིབས་པ་དང་རྒྱབ་ལ་མེ་མདའ་ཁུར་བ་ཞིག་ཡིན་པས། མཚན་ལ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གསོལ། བསྟད་ན་བཟང་ཞིང་གྲོགས་ལ་མྱུར་ཞེས་གསུངས་པ་ལྟར་དམེ་གླང་བྱ་གསུམ་གྱིས་ལོ་རེའི་ཟླ5བའི་ཡར་ཚེས་ལ་བསྟོད། ཐེངས་དང་པོ་བསྟད་པའི་ཉིན་མོ་དེར་གློ་བུར་དུ་ཨ་སྔོན་དབྱིངས་སུ་འབྲུག་གྲགས་ཤིང་ཆར་བ་ཆེན་པོ་ཞིག་གིས་ཐམས་ཅད་བསྒྲིལ་བ་དང་ལྷན་ཅིག་ཏུ། བུ་ཆེན་རྩེ་རྒྱལ་རིང་མོའི་དབུ་རྩེ་ནས་མེ་རི་སིལ་སྤུངས་ལྟ་བུ་ཞིག་མཆེད་ནས་ལབ་ཙེའི་ནང་ཐིམ་པས། ངོ་མཚར་མཚོན་རྟགས་དེ་འདྲ་ཞིག་འཇིགས་སྣང་ཕྲ་མོས་ཁེངས་པ་དང་མཉམ་དུ་ཚང་མའི་འདྲེན་བྱེད་དབང་བོའི་གསོས་སུ་གྱུར་ཏོ། །


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། ལབ་ཙེ།