དམག་སྤྱི་ཟུར་པ་སྐལ་བཟང་།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-08-01 09:59ལ་འགྲུབ།

དམག་སྤྱི་ཟུར་པ་སྐལ་བཟང་།

1949ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་རྒྱལ་ཡོངས་བཅིངས་འགྲོལ་བྱ་རྒྱའི་བཀས་བསྐུལ་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཚོགས་དང་པོའི་དམག་སྤྱི་ཝང་ཀྲེན་གྱི་སྣེ་ཁྲིད་འོག་ཀན་ལྷོའི་བསང་ཆུ་རྫོང་ཁུལ་བཅིངས་འགྲོལ་བྱས། ས་དེ་གའི་མི་དམངས་མང་ཚོགས་ལ་རེ་བ་གསར་པ་ཞིག་རྒྱས་སུ་བཅུག་ཅིང་། སྐལ་བཟང་ནི1932ལོའི་ཟླ8པར་མཚོ་སྔོན་གྲོ་ཚང་དུ་སྐྱེས།
གཞི་རྩའི་གནས་ཚུལ།

འཁྲུངས་ལོ།
1932ལོ།
འཁྲུངས་ཡུལ།
མཚོ་སྔོན་གྲོ་ཚང་།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
ལས་རིགས།
དམག་སྤྱི་གཞོན་པ།
མཐར་ཕྱིན་སློབ་གྲྭ།
ནན་ཅིང་སྐམ་དམག་མཐོ་རིམ་བཀོད་འདོམས་སློབ་གླིང་།
1 ངོ་སྤྲོད།

1949ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་རྒྱལ་ཡོངས་བཅིངས་འགྲོལ་བྱ་རྒྱའི་བཀས་བསྐུལ་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་ཚོགས་དང་པོའི་དམག་སྤྱི་ཝང་ཀྲེན་གྱི་སྣེ་ཁྲིད་འོག་ཀན་ལྷོའི་བསང་ཆུ་རྫོང་ཁུལ་བཅིངས་འགྲོལ་བྱས། ས་དེ་གའི་མི་དམངས་མང་ཚོགས་ལ་རེ་བ་གསར་པ་ཞིག་རྒྱས་སུ་བཅུག་ཅིང་། སྐལ་བཟང་ནི1932ལོའི་ཟླ8པར་མཚོ་སྔོན་གྲོ་ཚང་དུ་སྐྱེས།

བསང་ཆུ་རྫོང་ལ་བྲོས་བྱོལ་དུ་ཡོང་དུས་ལོ16ཅན་གྱི་བོད་རིགས་ན་ཆུང་ཞིག་གསར་བརྗེར་ཞུགས། 1949ལོའི་ཟླ8པའི་ཚེས22ཉིན་ནི་སྐལ་བཟང་གི་མི་ཚེའི་དཀྱོགས་མཚམས་ཤིན་ཡིན་ཞིང་། ཁོས་ཆེས་བརྗེད་དཀའ་བའི་ཉིན་མོ་ཞིག་ཀྱང་ཡིན། ཉིན་དེར་ཁོ་རང་གཟི་བརྗིད་ལྡན་པའི་ངང་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཏུ་ཞུགས་ཏེ་དམག་མི་ཞིག་ཏུ་གྱུར། དམག་ནང་དུ་ཞུགས་པའི་ཉིན་གཉིས་པར་རྩ་འཛུགས་ཀྱིས་ཁོང་ནུབ་བྱང་གསར་བརྗེའི་སློབ་ཆེན་ལན་གྲུ་གསར་བརྗེ་སློབ་ཆེན་ཁག་གསུམ་པ་སྟེ་སྔར་གྱི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་སྦྱོང་དུ་མངགས།

དུས་ཡུན་རིང་བའི་དམག་མིའི་འཚོ་བའི་ཁྲོད་ནས་སྐལ་བཟང་གིས་དཀའ་སྡུག་མི་ཉུང་བ་མྱངས་ནའང་། རངཉིད་ཀྱི་ཕུགས་འདུན་འཚོལ་སྙེག་དེ་མེས་རྒྱལ་གྱི་དགོས་མཁོའམ་དམག་དཔུང་འཛུགས་སྐྲུན་གྱི་དགོས་མཁོ་དང་། བོད་ཁུལ་མི་དམང་བདེ་སྡུག་དང་དམ་དུ་སྦྲེལ་ནས། ཐེངས་མང་པོར་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་མཐའ་འགྲམ་གྱི་དགོན་པ་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་སོང་ནས་ས་དེ་གའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཡུལ་སྲོལ་གོམས་གཤིས་སམ་ས་ཁུལ་ཆགས་ཚུལ། སྤྱི་ཚོགས་གྲུབ་ལུགས་སོགས་ལ་རྒྱུས་ལོན་བྱས་པས། ཚང་མས་ཁོང་ལ་བོད་ཁུལ་གྱི་ས་ཁྲ་གསོན་པོ་ཞེས་འབོད།

སྐལ་བཟང་གིས་སྔ་གཞུག་ཏུ་དམག་ཁུལ་བཅོ་བརྒྱད་པའི་ཟི་ལིང་གི་ཡན་ལག་རུ་ཁག་དང་རྐང་དམག་ཧྲི་གཅིག་པ། སྐྱ་དམག་ཧྲི་དང་པོ། སྐྱ་དམག་ཁེར་ཚུགས་ཐོན་སོགས་སུ་རྟོག་ཞིབ་དམག་གི་ཇུས་འདོན་པའི་འགན་ཁུར་ཅིང་། ལན་གྲུ་ཡན་ལག་དམག་ཁུལ་ཀན་སུའུ་ཞིང་ཆེན་ཡན་ལག་དམག་ཁུལ་གྱི་ཀན་ལྷོའི་ཡན་ལག་དམག་ཁུལ་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་གཞོན་པའི་གཞོན་པའི་འགན་ཁུར་བ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཇུས་འདོན་པ་གཞོན་པ་དང་དམག་སྤྱི་གཞོན་པ། དམག་སྤྱི་སོགས་ཀྱི་འགན་ཁུར་མྱོང་། 1980ལོ་ནས1982ལོའི་བར་དུ་ཁོང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནན་ཅིང་སྐམ་དམག་གི་མཐོ་རིམ་བཀོད་འདོམས་སློབ་གླིང་དུ་སོང་ནས་སློབ་སྦྱོང་བྱས། ཉིན་མཚན་ཁ་སྦྱོར་གྱིས་འབད་འབད་འབུངས་འབུངས་བྱས་མཐར་ཕུལ་དུ་བྱུང་བའི་གྲུབ་འབྲས་དང་བཅས་སློབ་མཐར་ཕྱིན། བྱས་རྗེས་ཨང་རིམ་གསུམ་པ་ཅན་ཐེངས་བདུན་ལ་ཐོན་ཅིང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་བསྟུད་མར་ཐེངས་བཞི་ལ་ཐོབ། ལན་གྲུ་དམག་ཁུལ་དང་ཀན་སུའུ་ཞིང་ཆེན་དམག་ཁུལ། ཀན་ལྷོའི་ཡན་ལག་དམག་ཁུལ་བཅས་ཀྱིས་ཐེངས་མང་པོར་སྔོན་ཐོན་མི་སྒེར་དང་རྒྱལ་ཡོངས་ཀྱི་ལྗང་བསྒྱུར་སྔོན་ཐོན་མི་སྒེར་དང་གྲངས་ཉུང་མི་རིགས་ཀྱི་སྔོན་ཐོན་ལས་བྱེད་བཅས་ལ་བདམས་པ་དང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་། ཟིང་ཆ་ཞི་འཇགས་ཀྱི་དཔེ་ལེགས་དཔོན་དམག་སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་བསྟུད་མར་སྐབས་གསུམ་ལ་ཁུར། ཁོང་ད་དུང་ལན་གྲུ་དམག་ཁུལ་གྱི་ཐེངས་བདུན་པའི་རྒྱ་སྐྱེད་གྲོས་ཚོགས་དང་སྔོན་ཐོན་ལས་བྱེད་པའི་དཔེ་མཚོན་མི་སྣར་བདམས་ལ། རྒྱ་ཆེའི་དཔོན་དམག་ཡོངས་ཀྱི་གདེང་འཇོག་ཚད་མེད་ཐོབ།

2 མི་ཚེ་བརྒྱུད་རིམ།

སྐལ་བཟང་ནི་རྩྭ་ཐང་ནས་མཚར་ལོངས་བྱུང་བའི་དམག་མི་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་བདེ་བླག་ངང་འགྲུབ་པ་དང་། 1958ལོའི་ཟིང་ཆ་ཞི་འཇགས་ཀྱི་སྐབས་སུ་བྱས་རྗེས་འབུར་དུ་ཐོན་པ་བཞག་པས། འབྲེལ་ཡོད་ཕྱོགས་ཀྱིས་གཟེངས་བསྟོད་ཚད་མེད་བྱས་པ་མ་ཟད། ལན་གྲུ་དམག་ཁུལ་གྱིས་ཟིང་ཆ་ཞི་འཇགས་གཏོང་མཁན་དཔེ་ལེགས་དཔོན་དམག་གི་གཟི་བརྗིད་དང་མཚན་སྙན་དེ་དག་ཁོ་གཅིག་པུ་མ་ཟད། དམག་ཁུལ་ཡོངས་ཀྱི་དཔོན་དམག་ཚང་མའི་ངོམ་ཆོག་གི་གཟི་བརྗིད་ཅིག་ཏུ་གྱུར་ནས། དམག་དཔུང་འཛུགས་སྐྲུན་ཐད་ནུས་པ་ཆེན་པོ་ཐོན་ཡོད། 1978ལོའི་ཟླ3པར། ཁོ་རང་མྱུལ་ཞིབ་ཇུས་འདོན་པ་ནས་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་གཞོན་པར་བསྐོས། ལོ་དེའི་ཟླ10པར་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་ཇུས་འདོན་པ་གཞོན་པར་བསྐོས་ཤིང་། ཅང་མ་འགོར་བར་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་དམག་སྤྱི་གཞོན་པར་བསྐོས་པ་དང་། ནན་ཅིང་སྐམ་དམག་མཐོ་རིམ་བཀོད་འདོམས་སློབ་གླིང་དུ་སློབ་གཉེར་བྱེད་སྐབས་དམག་སྤྱིར་བསྐོས། ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་དམག་སྤྱིའི་འགན་འཁུར་དུས། རྒྱལ་ཡོངས་ཀྱི་ངལ་རྩོད་པ་དཔེ་ལེགས་དང་། དམག་ཡོངས་ཀྱི་ལྗང་སྒྱུར་སྔོན་ཐོན་མི་སྒེར་ཡིན་པའི་ཆ་ནས། པེ་ཅིང་དུ་ཐེངས་མང་པོར་སོང་ནས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་བྱམས་བརྩེའི་ཐུག་འཕྲད་མཛད།

འབྲོག་ཁུལ་གྱི་དཔལ་འབྱོར་གང་མགྱོགས་ཀྱིས་གོང་དུ་སྤེལ་བ་དང་། འབྲོག་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་ཆེད། སྐལ་བཟང་གིས་ཚན་རྩལ་མི་སྣ་རྩ་འཛུགས་བྱས་ཏེ། འབྲོག་ཕྱོགས་སུ་སོང་ནས་ཕྱུགས་རྒྱུད་ལེགས་སྒྱུར་གྱི་ཚན་རྩལ་ཚོད་ལྟའི་བྱ་འགུལ་སྤེལ་བར་གྲུབ་འབྲས་ཆེན་པོ་བླངས། དུས་མཚུངས་སུ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་སོགས་ཀྱི་འབྲོག་ཕྱོགས་སུ་ཟབ་ཞུགས་བྱས་ཏེ་རྩྭ་ས་རྩོད་གླེང་གི་གྱོད་གཞི་གང་མང་ཞིག་འདུམ་སྒྲིག་་བྱས་པར་རྒྱ་ཆེའི་མང་ཚོགས་དགའ་བསུ་ཆེན་པོ་ཐོབ།

2009ལོའི་ཟླ7པར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པར་དྲན་གསོ་ཞུ་བའི་སྐབས་སུ། ལན་གྲུ་དམག་ཁུལ་ཆབ་སྲིད་ཁུའུ་ཡིས་སྤེལ་བའི་དཔའ་བོའི་དཔེ་ལེགས་མི་སྣ་དང་། སྔོན་ཐོན་སྡེ་ཁག་དཔྱད་འདེམས་ཀྱི་བྱ་འགུལ་ཁྲོད། ཁོ་རང་དཔའ་བོའི་དཔེ་ལེགས་མི་སྣ་བརྒྱ་ཡི་གྲས་སུ་ཚུད་པ་དང་གཟེངས་བསྟོད་བྱས།

ལོ་ངོ་དུ་མའི་རིང་ལ་ཁོང་གིས་ལནགྲུ་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཀྲིན་ཝེ་ཧྲན་གྱིས་ཀན་ལྷོའི་ཡན་ལག་དམག་ཁུལ་དུ་གཟིགས་ཞིབ་མཛད་སྐབས་ཀྱི་མཛུབ་སྟོན་དགོངས་དོན་ལྟར། ལོ་རེར་བོད་རིགས་ན་གཞོན་བཅུ་རེ་དམག་མིར་བསྡུས་ཏེ་དམག་དཔུང་དང་ས་གནས་བྱ་བར་ཉེ་བར་མཁོ་བའི་ལས་བྱེད་པ་གསོ་སྐྱོང་བྱས། ཁོས་གསོ་སྐྱོང་བྱས་པའི་ལས་བྱེད་དེ་དག་གིས་དམག་དཔུང་དང་ས་གནས་སུ་འགན་གལ་ཆེན་ཁུར་ཡོད་པ་མ་ཟད། དམག་དཔུང་དང་ས་གནས་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་ཐོན་དང་འདོན་མུས་སུ་ཡོད།

དམག་སྤྱི་སྐལ་བཟང་ལགས་ཀྱིས་ཏང་ཕྱིའི་མི་སྣ་དང་ཆོས་ལུགས་ལས་རིགས་མི་སྣར་རྒྱ་ཁྱབ་ཏུ་འབྲེལ་འདྲིས་བྱས་པ་མ་ཟད། ཁོ་ཚོ་དང་ལྷན་དུ་རླབས་ཆེན་གྱི་གསར་བརྗེའི་མཛའ་འབྲེལ་བཙུགས་ཏེ། མི་རིགས་ས་ཁུལ་གྱི་ཞི་མཐུན་བརྟན་བརླིང་གི་ཐད་དུ་གནས་བབ་གསར་བ་གཏོད་པ་དང་། ཚང་མས་ཁོ་ལ་རྩྭ་ཐང་གི་གླག་རྒོད་དང་འབྲོག་དམངས་ཀྱི་གྲོགས་པི་ཞེས་འབོད་ཀྱིན་འདུག ང་ཚོ་རྗེས་རབས་པས་ལོ་རྒྱུས་ཀྱི་ངོ་གདོང་དུ་འགྲེང་བའི་གསར་བརྗེའི་དཔའ་བོའི་མཛད་རྗེས་དག་ཡིད་ལ་དམ་པོར་འཛིན་པ་དང་ཆབས་ཅིག རྩྭ་ཐང་གི་གླག་རྒོད་དུ་འབོད་པའི་དཔའ་བོ་ཁོང་ཉིད་ཀྱི་སྐུ་ཚེ་བརྟན་ཅིང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།

3 བརྩམས་ཆོས།

ཁོང་གི་མི་ཚེའི་བརྒྱུད་རིམ་དག《མའོ་ཀྲུའུ་ཞི་ཡི་འཐབ་མོ་བ་བཟང་པོ》དང་།《ལན་གྲུ་དམག་ཁུལ་གྱི་དཔའ་བོའི་དཔེ་ལེགས་མི་སྣ》《ལན་གྲུ་དམག་ཁུལ་གྱི་དཔའ་བོ་དཔེ་ལེགས་ཅན》《ཟིང་ཆ་ཞི་འཇགས་གཏོང་མཁན་དཔའ་བོའི་ལོ་རྒྱུས》《རྩྭ་ཐང་གི་དཔའ་བོ་སྐལ་བཟང》སོགས་དཔེ་དེབ་དུ་བཀོད་ཡོད།དེ་དག་ལས《རྩྭ་ཐང་གི་དཔའ་བོ་སྐལ་བཟང》ཞེས་པའི་དཔེ་ཆ་དེ་དམག་ཁུལ་སོ་སོར་བཀྲམ་པས་དགའ་བསུ་ཆེན་པོ་ཐོབ།《མི་དམངས་ཉིན་རེའི་ཚགས་པར》དང་།《བཅིངས་འགྲོལ་དམག་གི་ཚགས་པར》 《ཀན་སུའུ་ཉིན་རེའི་ཚགས་པར》《མི་དམངས་དམག་དཔུང་གི་ཚགས་པར》《ཀན་སུའུ་ཉིན་རེའི་ཚགས་པར》《མི་དམངས་དམག་དཔུང་གི་ཚགས་པར》《ཀན་ལྷོའི་གསར་འགྱུར》《བཅིངས་འགྲོལ་དམག་གི་བརྙན་པར》《མི་རིགས་བརྙན་པར》སོགས་དུས་དེབ་དང་ཚགས་པར་སོགས་སུ་ཁོང་གི་མཛད་རྗེས་ངོ་སྤྲོད་བྱས་མྱོང་།