ཐང་དཀར་ཤོག་པ།སྔ་མའི་པར་གཞི་དེ ཨ་སངས།  ནས 2017-08-01 11:09ལ་འགྲུབ།

ཐང་དཀར་ཤོག་པ།

ཐང་དཀར་ཤོག་པར་ཐང་དཀར་གོང་འགབ་གཉིས་མཆིས་ཤིང་རུ་ཆུང་དགོན་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཉེ་ལོགས་གཡོན་ཆུའི་ངོགས་གཉིས་སུ་གནས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བསང་ཆུ་རྫོང་ཁོངས་ཀྱི་ཚོ་བ་ཤོག་པ།
གནས་ཡུལ།
རུ་ཆུང་དགོན་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཉེ་ལོགས་གཡོན་ཆུའི་ངོགས་གཉིས་སུ་གནས།
དབྱེ་བ།
ཐང་དཀར་གོང་མ། ཐང་དཀར་འགབ་མ།
1 ངོ་སྤྲོད།

ཐང་དཀར་ཤོག་པར་ཐང་དཀར་གོང་འགབ་གཉིས་མཆིས་ཤིང་རུ་ཆུང་དགོན་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཉེ་ལོགས་གཡོན་ཆུའི་ངོགས་གཉིས་སུ་གནས།  ཤར་དུ་ཁ་གྱ་དང་སྨན་ལུང་།  ལྷོར་ཙ་ཡུས།  ནུབ་གནམ་ལྷ་བར་མ།  བྱང་རོང་ངར་བཅས་དང་ས་མཚམས་འདྲེས།  ཐང་དཀར་གོང་འགབ་ཚོ་ཁག་གཉིས་སྡེ་ཚོ་དགུ་ཞེས་པའི་བཤད་ཚུལ་ཞིག་ཀྱང་མཆིས།  ངག་རྒྱུན་ལྟར་ན།  ཐང་དཀར་ཚོ་བའི་མི་རྒྱུད་ནི་ཧ་ལམ་མིང་རྒྱལ་རབས་སྐབས་སུ་མགོ་ལོག་དབལ་ཤུལ་དཔོན་སྐོར་ནས་མར་མཆེད་པ་དང་རིམ་བཞིན་ཚོ་བ་གོང་འགབ་གཉིས་སུ་གྱེས། 

2 དབྱེ་བ།
2_1 ཐང་དཀར་གོང་མ།

ཚོ་བ་གོང་མའི་གནས་ཡུལ་ནི་ཐོག་མར་ཁ་གྱ་ཚོ་བའི་གནས་ཡུལ་ཡིན།  ནམ་ཞིག་ན་ཁ་གྱ་ཚོ་བའི་དཔོན་པོ་རྒྱལ་གོ་བྱ་བས་མི་བསད་པས་ཡུལ་ལས་སྤྱུགས་ཏེ་ཕྱིང་དཀར་ཕུག་གི་བྱེ་མའི་གཞོང་ཁུག་ཞིག་ཏུ་ཁྱིམ་གཞིས་ཆགས།  མི་རིང་བར་ཁྱིམ་སྒོ་གཞན་པ་འགའ་འང་དེར་གཞིས་ཆགས་པས་ན།  དཔོན་པོ་རྒྱལ་གོ་ནི་ཚོ་དཔོན་དུ་གྱུར་ཟེར།

དེར་སྤུས་ལུང་མདོ(སྤྲུལ་ལུང་མདོ)དང་།  ཕྱིང་དཀར་ཕུག  རྒན་ཐང་ལ་ག་བཅས་སྡེ་ཚོ་གསུམ་མངའ།

2_2 ཐང་དཀར་འགབ་མ།

ཚོ་བ་འགབ་མའི་མི་རྒྱུད་ནི་རོང་ངར་ཚོ་བ་ལས་གྱེས་ཞེས་ཟེར་རོ། །རོང་ངར་ཚོ་བ་ལས་ལོགས་སུ་གྱེས་པའི་རྒྱུ་མཚན་ནི་སྔོན་གྱི་དུས་ཤིག་ན་རོང་ངར་དཔོན་པོའི་དཔོན་ཚང་ནང་ཁུལ་མ་མཐུན་པར་འཁྲུག་པ་ལངས་པས་ཤི་དམེ་བྱུང་།  དམེ་བོ་དེ་ཚོ་བའི་ལུགས་སྲོལ་ལྟར་དབུ་ལ་ཐང་དཀར་རྒོད་པོའི་གཤོག་སྒྲོ་བཙུགས་ཏེ་ཡུལ་ནས་སྤྱུགས།  གཡོན་ཆུ་དེད་དེ་ཡུལ་འདིར་སླེབས་པས་གཞི་བཅས་ཤིང་རིགས་རྒྱུད་སྤེལ།  ཚོ་བའི་དཔོན་པོར་གྱུར།  ཡུལ་ནས་སྤྱུགས་སྐབས་དབུ་ལྕོགས་སུ་རྒོད་ཐང་དཀར་གྱི་སྒྲོ་ཡོད་ཕྱིར་ན་ཐང་དཀར་ཞེས་པའི་མིང་བཏགས་ཞེས་ཀྱང་ཟེར་རོ། །ཐང་དཀར་ནང་བ་དང་།  རོང་ངར།  སྨན་ལུང་གསུམ་ལ་རོང་པར་རྐང་ཚ་གསུམ་ཞེས་ཟེར་སྲོལ་ཀྱང་མཆིས།

དེར་སྒྱིས་ཚང་ལ་ག   ཐང་དཀར་ལ་ག  ཐང་དཀར་རྩ།  མཚོ་ཆ།  རྒོད་རྗེས་ལ་ཁ་བཅས་སྡེ་ཚོ་ལྔ་མཆིས་སོ། །


བརྡ་འགྲེལ་གདོང་འཛར།

ཚོ་བའི་ལོ་རྒྱུས། ཐང་དཀར་ཤོག་པ།