སྐུལ་འོད་འཕྲིན་གཏོང་།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-31 11:50ལ་འགྲུབ།

སྐུལ་འོད་འཕྲིན་གཏོང་།

སྐུལ་འོད་འཕྲིན་གཏོང་།
འཕྲིན་གཏོང་གི་ཚན་རྩལ་གོང་འཕེལ་མགྱོགས་ལ་དེང་གི་དུས་སུ་སྐུལ་འོད་ལ་བརྟེན་ནས་བརྡ་འཕྲིན་སྣ་ཚོགས་གཏོང་གིན་ཡོད། དེ་ནི་སྐུལ་འོད་འཕྲིན་གཏོང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
光纤通信
ཕྱི་ཡིག་གི་མིང་།
optical fiber communications
1 ​ངོ་སྤྲོད།

འཕྲིན་གཏོང་གི་ཚན་རྩལ་གོང་འཕེལ་མགྱོགས་ལ་དེང་གི་དུས་སུ་སྐུལ་འོད་ལ་བརྟེན་ནས་བརྡ་འཕྲིན་སྣ་ཚོགས་གཏོང་གིན་ཡོད། དེ་ནི་སྐུལ་འོད་འཕྲིན་གཏོང་ཡིན། 

སྐུལ་འོད་འཕྲིན་གཏོང་ལ་འོད་འདྲེན་ཚི་སྣས་འཕྲིན་གཏོང་ཡང་ཟེར། དེ་ནི་ཆེས་ཕྲ་བའི་ཤེལ་གྱི་འོད་འདྲེན་ཚི་སྣས་བཟོས་གྲུབ་ཀྱི་འོད་ཐག་གིས་ལྕགས་རིགས་གློག་སྐུད་ཀྱི་ཚབ་བྱས་ཏེ། སྐུལ་འོད་ཀྱི་རླབས་ཐེག་པས་གློག་རྒྱུན་གྱི་ཚབ་བྱས་ཏེ་ཆ་འཕྲིན་བརྒྱུད་སྐྱེལ་བྱས།

སྔོན་ཆད་ཀྱི་བརྡ་འཕྲིན་ལག་རྩལ་ལས་སྐུལ་འོད་འཕྲིན་གཏོང་ལ་དགེ་མཚན4ཡི་མངོན་གསལ་དོད་པོའི་ཁྱད་ཆོས་ལྡན་ཏེ། ཆ་འཕྲིན་ཤོང་ཚད་ཆེ་བ། འཕྲིན་གཏོང་སྤུས་ཚད་མཐོ། བརྙན་རིས་བརྒྱུད་སྐྱེལ་བྱེད་ན་ཚོན་མདོག་དྭངས་ཤིང་གསང་སྲུང་གཤིས་ནུས་ལེགས་པ་རེད།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།