གྱི་ལིང་སྐོར་ཆུའི་ལབ་ཙེ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2017-07-31 17:25ལ་འགྲུབ།

གྱི་ལིང་སྐོར་ཆུའི་ལབ་ཙེ།

ལབ་ཙེ་འདི་ནི་གནས་བདག་ཨ་མྱེས་ཁ་ཝར་གྱི་ཕོ་བྲང་ཡིན་ཞིང་། ཐོག་མ་ནས་རྒྱ་བཟའི་ཁྲི་རྒན་ཚང་གི་ཐུགས་དགོངས་ཞལ་བཀོད་བཞིན་བསྟད་པ་དང་། ཁོང་གི་ཞལ་སྔ་ནས་ལབ་ཙེ་འདི་བསྟད་ན་བུ་རྟ་གཉིས་ལ་བཟང་ཞེས་གསུངས་པས། ཁྱད་པར་དུ་ཐོག་མ་ནས་ད་ལྟའི་བར་ལ་རྒྱ་བཟའ་ཞོལ་མའི་རྟ་མཆོག་ཅང་ཤེས་གང་བཟང་གི་དོ་ཟླ་ཧ་ཅང་དཀོན་པར་གྲགས།
1 ངོ་སྤྲོད།

ལབ་ཙེ་འདི་ནི་གནས་བདག་ཨ་མྱེས་ཁ་ཝར་གྱི་ཕོ་བྲང་ཡིན་ཞིང་། ཐོག་མ་ནས་རྒྱ་བཟའི་ཁྲི་རྒན་ཚང་གི་ཐུགས་དགོངས་ཞལ་བཀོད་བཞིན་བསྟད་པ་དང་། ཁོང་གི་ཞལ་སྔ་ནས་ལབ་ཙེ་འདི་བསྟད་ན་བུ་རྟ་གཉིས་ལ་བཟང་ཞེས་གསུངས་པས། ཁྱད་པར་དུ་ཐོག་མ་ནས་ད་ལྟའི་བར་ལ་རྒྱ་བཟའ་ཞོལ་མའི་རྟ་མཆོག་ཅང་ཤེས་གང་བཟང་གི་དོ་ཟླ་ཧ་ཅང་དཀོན་པར་གྲགས་ཤིང་། སྤྲུལ་སྐུ་བསྟན་པའི་དབང་ཕྱུག་ཚང་གིས་གསོལ་ཁ་གསུངས་པ་ལས།

ཀྱེེཿ   ཆོས་ཉིད་བདེ་བ་ཆེན་པོ་རོལ་བ་ལས། །

བྱུང་བའི་ཡུལ་ལྷའི་རྒྱལ་པོ་དབང་དྲག་རྩལ། །

ཅང་ཤེས་དཀར་པོ་གསེར་གྱི་སྒ་སྲབ་མཛེས། །

མི་སྨུག་སྐུ་ལ་མཆོང་གི་གོ་ཁྲབ་གསོལ། །

ཕྱག་གཡས་བ་དན་དཀར་པོ་མཁའ་ལ་འཕྱར། །

ཕྱག་གཡོན་ཡིད་བཞིན་ནོར་བུ་ཐུགས་ཀར་བསྣམས། །

འཁོར་དུ་བཀའ་སྡོད་མི་མིན་དྲག་པོས་བསྐོར། །

སྤྱན་འདྲེན་གནས་འདིར་བཛྲ་ས་མ་ཛཱ། །

ཞེས་ད་ལྟ་ལོ་རེའི་ཟླ5བའི་ཚེས9ཉིན་ལ་སྔར་སྲོལ་བཞིན་དུ་རྒྱ་བཟའ་ཞོལ་མས་བསྟོད་བཞིན་ཡོད།


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། ལབ་ཙེ།