དངོས་སྣང་གློག་བརྙན།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-31 11:49ལ་འགྲུབ།

དངོས་སྣང་གློག་བརྙན།

དངོས་སྣང་གློག་བརྙན།
དངོས་སྣང་གློག་བརྙན་ནི་ལྟ་མཁན་རྣམས་ལ་ཡོལ་དཀར་ངོས་ནས་དངོས་སྣང་གི་གཟུགས་བརྙན་ཡོད་པའི་གློག་བརྙན་མཐོང་ཐུབ་པ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
立体电影
ཕྱི་ཡིག་གི་མིང་།
Stereoscopic film
1 ངོ་སྤྲོད།

དངོས་སྣང་གློག་བརྙན་ནི་ལྟ་མཁན་རྣམས་ལ་ཡོལ་དཀར་ངོས་ནས་དངོས་སྣང་གི་གཟུགས་བརྙན་ཡོད་པའི་གློག་བརྙན་མཐོང་ཐུབ་པ་དེ་ཡིན། མི་ཡི་མིག་གཡས་པ་དང་གཡོན་པའི་ཡུལ་ལྗོངས་ལ་ལྟ་བའི་བར་ཁྱད་གཞིར་བཟུང་ནས་མཉམ་གཤིབ་ཀྱི་བརྙན་པར་ལེན་སྒྲིག་ཆས་གཉིས་སོ་སོས་མིག་གཡས་པ་དང་གཡོན་པ་མཚོན་པར་བྱེད་དེ་དུས་མཉམ་དུ་གཟུགས་བརྙན་གཉིས་པར་བླངས་ནས་མཐོང་ཚེག་མི་འདྲ་བའི་བར་ཁྱར་ཡོད་པ་དེ་གཟུགས་བརྙན་གློག་བརྙན་གཏོང་ཆས་ཀྱིས་དུས་མཉམ་དུ་ཡོལ་དཀར་ཐོག་ཏུ་སྟོན། དམངས་ཚོགས་ཀྱིས་ལྟ་བའི་སྐབས་ཁྱད་པར་ཅན་གྱི་ཤེལ་མིག་ཐོགས་ནས་མིག་ཟུང་རེ་རེ་ཡི་སྟོན་བྱེད་འཕྲུལ་ཆས་ཀྱིས་སྟོན་པའི་རི་མོ་གཅིག་རེ་མ་གཏོགས་ལྟ་མི་ཆོག་པར་བྱེད་ན། མིག་གཉིས་ཀྱིས་མཐོང་ཐུབ་པའི་རི་མོ་ཀླད་པའི་ནང་ཚུར་སྣང་ནས་དངོས་སྣང་ཞིག་ཐོབ་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ། སྤྱི་ལོ1960ལོའི་ཟླ11ནས་སྤྱི་ལོ1966ལོའི་ཟླ6པར་ཧྲང་ཧའེ་ཐེན་མ་གློག་བརྙན་སྒྲིག་སྦྱར་བཟོ་གྲྭས་པར་བླངས་པའི་ཐོག་དང་པོའི་ཚོན་མདངས་ཅན་གྱི་གཏམ་རྒྱུད་སྒྲུང་གཏམ སྒྱུ་མ་མཁན་གྱི་ངོ་མཚར་བའི་ཐུག་འཕྲད ཞེས་པའི་གློག་བརྙན་འདི་ཐེངས་ཁྲི་གཅིག་ལྷག་ཏུ་བསྟན་ལ་ལྟད་མོ་བ་མི་ཁྲི400ལྷག་ལ་སླེབས།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།