གློག་བརྙན་སྤྱིན་ཤོགསྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-31 11:48ལ་འགྲུབ།

གློག་བརྙན་སྤྱིན་ཤོག

གློག་བརྙན་སྤྱིན་ཤོག
གློག་བརྙན་སྤྱིན་ཤོག་ནི་གློག་བརྙན་མཁན་གྱིས་བརྙན་ལེན་འཕྲུལ་ཆས་བཀོལ་ཏེ་པར་བླངས་པའི་རི་མོ་ཅན་གྱི་དྭངས་གསལ་སྤྱིན་ཤོག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
电影胶片
ཕྱི་ཡིག་གི་མིང་།
cine film
1 ​ངོ་སྤྲོད།

གློག་བརྙན་སྟོན་ན་ཐོག་མར་གློག་བརྙན་སྤྱིན་ཤོག་དགོས། 

གློག་བརྙན་སྤྱིན་ཤོག་ནི་གློག་བརྙན་མཁན་གྱིས་བརྙན་ལེན་འཕྲུལ་ཆས་བཀོལ་ཏེ་པར་བླངས་པའི་རི་མོ་ཅན་གྱི་དྭངས་གསལ་སྤྱིན་ཤོག་ཅིག་ཡིན། དྭངས་གསལ་གྱི་སྤྱིན་ཤོག་འདི་དག་གི་ཐོག་ཏུ་རི་མོ་བཀོད་ཡོད་པ་མ་ཟད་ད་དུང་སྒྲ་ཡང་ཐོ་འགོད་བྱས་ཡོད། གློག་བརྙན་སྤྱིན་ཤོག་ཐོག་གི་རི་མོ་རེ་རེ་ཚང་མ་གློག་བརྙན་པར་ཤོག་གཅིག་ཡིན་ཏེ། འདྲ་པར་དང་གཅིག་འདྲ་ཡིན། ཕན་ཚུན་ཉེ་བའི་རི་མོ་གཉིས་བསྡུར་ན་ཕལ་ཆེར་དེ་ཚོའི་ཁྱད་པར་འབྱེད་མི་ཐུབ། འདི་ནི་པར་བླངས་པའི་བརྒྱུད་རིམ་ཁྲོད་བརྙན་ཆས་ཀྱིས་རང་འགུལ་སྒོས་སྐར་ཆ་གཅིག་ནང་གི་འགྱུར་ལྡོག་རི་མོ་ཉེར་བཞིའི་སྟེང་ཐོ་འགོད་བྱས་པའི་མཇུག་འབྲས་ཡིན། 

གློག་བརྙན་སྤྱིན་ཤོག་ཐོག་ཏུའང་རི་མོ་དང་དུས་མཉམ་གྱི་སྒྲ་ཡི་འཕོ་འགྱུར་བྱས་པའི་འོད་ཀྱི་བརྡ་རྟགས་ཐོ་འགོད་བྱས་ཡོད།

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།