ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2017-07-31 11:19ལ་འགྲུབ།

ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ།

ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ།
གྱེལ་རྡུལ་ར་བའི་ཕྲ་མཐོང་ཤེལ་ནི་གློག་རྡུལ་ཕྲ་མཐོང་ཤེལ་དང་བསྡུར་ན་ཆེར་སྐྱེད་བྱེད་ནུས་ལྡབ་མང་གིས་མཐོ། དེའི་ཕྱིར་མ་རྡུལ་ལ་ལྟ་ཞིབ་བྱས་ཀྱང་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
场离子显微镜
ཕྱི་ཡིག་གི་མིང་།
Field ion microscope
1 ​ངོ་སྤྲོད།

གྱེལ་རྡུལ་ར་བའི་ཕྲ་མཐོང་ཤེལ་ནི་གློག་རྡུལ་ཕྲ་མཐོང་ཤེལ་དང་བསྡུར་ན་ཆེར་སྐྱེད་བྱེད་ནུས་ལྡབ་མང་གིས་མཐོ། དེའི་ཕྱིར་མ་རྡུལ་ལ་ལྟ་ཞིབ་བྱས་ཀྱང་ཆོག 

ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ་ནི་སྤྱི་ལོ1951ལོར་བྱུང་བ་རེད། E.E.མའོ་ལུ་ཡིས་གསར་གཏོད་བྱས་ཤིང་ཚད་མཐོའི་འགྱེད་ཕྱོད་ལྡན་ལ། ཐར་ཀར་དུ་ལྕགས་རིགས་མ་རྡུལ་ངོས་ཀྱི་ཁག་ལ་ཞིབ་བཤེར་ཆོག་པའི་སྒྲིག་ཆས་ཡིན། ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ་ནི་ཚེག་གྲིབ་གཟུགས་ཀྱི་ཕྲ་མཐོང་ཤེལ་ཡིན། སྡུད་རའམ་འཇགས་གློག་རྒྱུ་ཤེལ་མེད་མོད། བརྙན་གྲུབ་རླུང་གཟུགས་ཀྱི་ར་བའི་གློག་གྱེས་བརྒྱུད་རིམ་གྱིས་ཡོངས་སུ་བརྙན་གྲུབ་པ་ཡིན། རྗེས་སུ་ཡང་འཕུར་སྐྱོད་དུས་ཚོད་སྤུས་ཤལ་ཆས་དང་མཐུན་སྒྲིག་བྱས་ནས་ཞིབ་བཤེར་བྱེད་ཆས་རིགས་ཤིག་སྒྲིག་བཟོས་པ་དེར་མ་རྡུལ་འཚོལ་རབ་ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ་ཡིན། 

དུས་རབས20པའི་མཇུག་ཏུ། ར་བའི་གྱེས་རྡུལ་ཕྲ་མཐོང་ཤེལ་སྤྱད་ནས་སྲ་གཟུགས་མ་རྡུལ་ངོས་ཀྱི་སྒྲིག་རིམ་ལ་ལྟ་ཞིབ་དང་བདར་གཟུགས་ཀྱི་སྐྱོན་ཆར་ཞིབ་འཇུག་བྱས་ཆོག་ལ། ད་དུང་མ་རྡུལ་གྱི་བར་སྟོང་ཁྱབ་སྟངས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཐུབ་པ་བཅས་བྱུང་། 

བརྡ་འགྲེལ་གདོང་འཛར།

ཚན་རིག རྩིས་དངོས་རྫས། དངོས་ལུགས།