ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ།སྔ་མའི་པར་གཞི་དེ ཨ་སངས།  ནས 2017-07-28 16:26ལ་འགྲུབ།

ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ།

ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ།
《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ནི་ཀྲུང་གོའི་གནའ་རབས་ཀྱི་ས་ཁམས་སྐོར་གྱི་དཔེ་ཆ་ཞིག་ཡིན་ཞིང་། དེའི་རྩོམ་པ་པོ་ལི་ཏའོ་ཡོན་ནི་ཝེ་བྱང་མའི་དུས་ཀྱི་ས་ཁམས་རིག་པ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《水经注》
བརྩམས་པའི་ལོ་རབས།
ཝེ་བྱང་མ།
རྩོམ་ལུས།
ལྷུག་རྩོམ།
རྩོམ་པ་པོ།
ལི་ཏའོ་ཡོན།
1 ངོ་སྤྲོད།

《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ནི་ཀྲུང་གོའི་གནའ་རབས་ཀྱི་ས་ཁམས་སྐོར་གྱི་དཔེ་ཆ་ཞིག་ཡིན་ཞིང་།  དེའི་རྩོམ་པ་པོ་ལི་ཏའོ་ཡོན་ནི་ཝེ་བྱང་མའི་དུས་ཀྱི་ས་ཁམས་རིག་པ་བ་ཞིག་ཡིན།  《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ཞེས་པ་ནི་ཁོང་གིས《ཆུ་ཀླུང་རྣམ་བཤད》(水经)ལ་འགྲེལ་པ་བྱས་ནས་གྲུབ་པ་ཞིག་ཡིན།  《ཆུ་ཀླུང་རྣམ་བཤད》ཅེས་པ་དེར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་ཡོད་ཅིང་།  ཧ་ལམ་རྒྱལ་ཁབ་གསུམ་གྱི་དུས་སུ་བརྩམས་ཤིང་།  རྩོམ་པ་པོ་མི་གསལ།  《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ལ་ཁྱོན་བསྡོམས་པོད་བཞི་བཅུ་ཙམ་ཡོད་པས《ཆུ་ཀླུང་རྣམ་བཤད》ལས་ལྡབ་མང་པོས་མང་བ་ཡོད།

《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ཞེས་པའི་ནང་གཙོ་བོ་གཙང་བོ་དང་ཆུ་བོའི་སྐོར་བྲིས་ཡོད་པ་དང་།   ཆུ་བུ་དེ་དག་བཞུར་ཡུལ་གྱི་རི་བོ་དང་མཚེའུ།  རྫོང་གཞིས།  གྲོང་ཁྱེར།  འགག་སྒོ།  གནའ་ཤུལ།  དེ་བཞིན་ས་གཤིས་དང་སྐྱེ་དངོས།  གནམ་གཤིས།  སྤྱི་ཚོགས།  ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་མང་པོའི་ཐད་ཀྱི་གནས་ཚུལ་བྲིས་ཡོད།  དེ་དང་ཆབས་ཅིག་ད་དུང་ས་གནས་ཁག་གི་འབྲེལ་ཡོད་ལོ་རྒྱུས་ཀྱི་སྒྲུང་གཏམ་ཡང་ཞོར་དུ་བྲིས་ཡོད། 

2 ཁྱད་ཆོས།

《ཆུ་ཀླུང་རྣམ་བཤད་ཀྱི་འགྲེལ་བ》ཞེས་པ་དེས་ཀྲུང་གོའི་ས་ཁམས་རིག་པའི་འཕེལ་རྒྱས་ཐོག་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ལ།  དེའི་ནང་གི་རི་ཆུའི་བཀོད་པ་བྲིས་པའི་དུམ་བུ་མང་པོ་ཞིག་ནི་རྩོམ་སྟངས་ངོ་མཚར་ཆེ་ལ།  ཡུལ་ལྗོངས་བཀོད་འབྲི་བྱེད་དུས་མངོན་སུམ་མིག་ནང་དུ་འཆར་བ་ལྟ་བུ་ཡོད་པས་ཕུལ་དུ་བྱུང་བའི་ལྷུག་རྩོམ་ལ་བརྩིས་ནས་ཀློག་ཆོག་པ་ཡིན། 

3 རྩོམ་པ་པོ་ངོ་སྤྲོད།

ལི་ཏའོ་ཡོན(སྤྱི་ལོ466གམ469ཡང་ན470 སམ472ནས་སྤྱི་ལོ527)ནི་རྒྱལ་རབས་ལྷོ་བྱང་སྐབས་ཀྱི་ཝེ་བྱང་མའི་ས་ཁམས་རིག་པ་དང་ལྷུག་རྩོམ་མཁས་ཅན་ཞིག་ཡིན་ཞིང་།   ཧྥན་དབྱང་ཀྲུའོ་ཀྲོའུ(范阳涿州)སྟེ་དེང་གི་ཧུ་པེ་ཀྲུའོ་ཀྲོའུ་ཡུལ་དུ་སྐྱེས།  ཁོང་གིས་སྔ་གཞུག་ཏུ་ཡུའུ་ཧྲི་ཀྲུང་ཝེ(御史中尉)དང་པེ་ཀྲུང་ལང་ཅང(北中郎将)སོགས་ཀྱི་གོ་གནས་བཞེས་མྱོང་ཞིང་།  གཞན་ཅི་ཀྲོའུ་ཡི་ཀྲང་ཧྲི(冀州长史)དང་ལུའུ་དབྱང་ཅུན་གྱི་གྱི་ཐའེ་ཧྲི(鲁阳郡太守)   ཅིང་ཀྲོའུ་ཤར་མའི་ཚི་ཧྲི(东荆州刺史)སོགས་ཀྱི་གོ་གནས་ཀྱང་བཞེས་མྱོང་ལ།   རྗེས་སུ་ཝེ་བྱང་མའི་གོང་མའི་སྲིད་གཞུང་གིས་ཀོན་ཡོའུ་ཏཱ་ཧྲིའི(关右大使)དཔོན་གནས་སུ་བསྐོས།   སྤྱི་ལོ527ལོར་ཞའོ་པའོ་ཡིན(萧宝夤)གྱིས་བསད།