སློབ་གསོ་བཅོས་སྒྱུར།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 14:40ལ་འགྲུབ།

སློབ་གསོ་བཅོས་སྒྱུར།

སློབ་གསོ་བཅོས་སྒྱུར་ནི་གཙོ་བོ་སྔོན་ཆད་ཀྱི་རུའུ་ལུགས་པའི་གཞུང་གི་རིག་པ་གཙོ་བོར་བྱེད་པའི་སློབ་ཁྲིད་ཀྱི་ནང་དོན་དེ་བསྒྱུར་ནས། རྣམ་པ་གསར་བའི་སློབ་གསོར་ཤུགས་བསྣན་ནས་ཉེ་རབས་ཅན་ལ་ཁ་ཕྱོགས་པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
教育改革
ཕྱི་ཡིག་གི་མིང་།
Reform in Education
དུས་ཚོད།
དུས་རབས་ཉི་ཤུ་བའི་མགོར།
1 ​ངོ་སྤྲོད།

ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཆིང་སྲིད་གཞུང་གི་བློ་རྒྱ་ཆེ་བའི་དཔོན་རིགས་དག་གིས་སློབ་གསོར་བཅོས་སྒྱུར་བྱེད་རྒྱུའི་འདོད་བློ་བཏོན། ཕྱི་ལུགས་གཉེར་བའི་ལས་འགུལ་གྱི་སྐབས་སུ། ཕྱི་ལུགས་གཉེར་བའི་ཕྱོགས་ཁག་གིས་རྣམ་པ་གསར་བའི་སློབ་གྲྭ་ཉི་ཤུ་ལྷག་བསྒྲུབས། རྣམ་པ་གསར་བའི་སློབ་གྲྭ་དེ་དག་གིས་ནུབ་ཕྱོགས་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་སྐོར་གྱི་བསླབ་ཚན་བཀོད་སྒྲིག་བགྱིས་ཏེ།   སྔོན་ཆད་ཀྱི་རུའུ་ལུགས་པའི་གཞུང་གི་རིག་པ་གཙོ་བོར་བྱེད་པའི་སློབ་ཁྲིད་ཀྱི་ནང་དོན་དེ་བསྒྱུར་ནས། སྐྱེད་སྲིང་གི་དམིགས་ཡུལ་གཙོ་བོ་ནི་དོན་དངོས་ཀྱི་ལས་དོན་སྒྲུབ་མཁན་ཤེས་ཡོན་ཅན་བྱེད་པ་རེད། རྣམ་པ་གསར་བའི་སློབ་གྲྭ་བྱུང་བ་དེས་ཀྲུང་གོའི་སློབ་གསོ་ཉེ་རབས་ཅན་དུ་བསྐྱོད་མགོ་ཚུགས་པ་མཚོན་ཡོད། གསར་བཅོས་ལས་འགུལ་གྱི་སྐབས་སུ། གསར་བཅོས་ཕྱོགས་ཁག་གིས་ཀྱང་སློབ་གྲྭ་སྐོར་ཞིག་སྒྲུབ། དེ་ལས་སྙན་གྲགས་ཆེ་བ་ནི་ཁང་ཡིའུ་ཝེས་ཀོང་ཀྲོའུ་རུ་བསྒྲུབས་པའི་ཝན་མུའུ་ཚའོ་ཐང་སློབ་གྲྭ་དང་། ཐན་སི་ཐུང་དང་ལིའང་ཆི་ཁྲའོ་སོགས་ཀྱིས་ཁྲང་ཧྲ་རུ་འཁྲིད་འགན་ཁུར་བའི་སྐབས་དོན་སློབ་གྲྭ་སོགས་ཡིན། དེའི་དམིགས་ཡུལ་ནི་གསར་བཅོས་བསམ་བློ་ནི་དྲིལ་བསྒྲགས་དང་ལུགས་སྒྱུར་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དེའོ།། སྤྱི་ལོ1898ལོར། གོང་མ་ཀོང་ཞུས་ཆོག་མཆན་གནང་བའི་ཅིན་ཧྲིའི་སློབ་གྲྭ་ཆེན་མོ་ནི་ཀྲུང་གོའི་ཉེ་རབས་ཀྱི་ཆེས་སྔ་བའི་མཐོ་རིམ་སློབ་གྲྭ་ཡིན།

2 ནང་དོན།

དུས་རབས20བའི་དུས་མགོར། རྒྱལ་ནང་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། བཀས་བཀོད་རྒྱུད་འཛིན་ཀྱི་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་དེ་སྔ་མོ་ནས་གནས་བབ་ཀྱི་དགོས་མཁོ་དང་མི་འཚམ་པའི་རྐྱེན་གྱིས། སྤྱི་ལོ1904ལོར། ཆིང་སྲིད་གཞུང་གིས་ཞུས་འབེབས་བྱས་པའི་སློབ་གྲྭའི་སྒྲིག་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། དེའི་ཕྱི་ལོར་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་དོར། ཞུས་འབེབས་བྱས་པའི་སློབ་གྲྭའི་སྒྲིག་ཡིག་ནི་ཀྲུང་གོའི་ཉེ་རབས་ཀྱི་མ་ལག་ཆ་ཚང་ཞིང་དོན་ཐོག་ཏུ་ལག་བསྟར་བྱས་པའི་ཁྲིམས་བཀོད་སློབ་གྲྭའི་ལམ་ལུགས་དང་པོ་ཡིན། དེས་ཕྱོགས་གཅིག་ནས་ཀྲུང་གོའི་སློབ་གསོ་ཉེ་རབས་ཅན་གྱི་དགོས་མཁོ་དང་བསྟུན་ཐབས་བྱས་ཡོད་ལ། གསར་སྒྱུར་གྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་རིག་གནས་གཙོར་བཟུང་ཐོག་ནུབ་ཕྱོགས་ཀྱི་རིག་གནས་བཀོལ་བའི་བསམ་བློའི་མཛུབ་སྟོན་འོག་གཏན་འབེབས་བྱས་པ་ཡིན་ཕྱིར། བཀས་བཀོད་རྒྱུད་འཛིན་གྱི་བག་ཆགས་ཟབ་མོ་ལྡན་པ་རེད། ཞུས་འབེབས་བྱས་པའི་སློབ་གྲྭའི་སྒྲིག་ཡིག་ཁྱབ་བསྒྲགས་བྱས་པ་དེས། ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སློབ་གསོའི་ལམ་ལུགས་གྲུབ་པ་མཚོན་ནོ།།