སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 12:23ལ་འགྲུབ།

སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ།

རྒྱལ་དམངས་དཔལ་འབྱོར་སླར་གསོ་བྱུང་རྗེས། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་གྱི་རྒྱལ་ཁབ་འཛུགས་པར་ཤུགས་བསྣན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义制度的建立
ཕྱི་ཡིག་གི་མིང་།
Establishment of the socialist system
དུས་ཚོད།
སྤྱི་ལོ1953ལོར།
དཀར་ཆག
1 ​ནང་དོན།

སྤྱི་ལོ1953ལོར་ཀྲུང་གོ་གུང་ཁྲན་ཏང་གིས་བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་དང་སྤྱིའི་ལས་འགན་བཏོན། སྤྱིའི་ལམ་ཕྱོགས་དེས་དུས་ཡུན་རིང་བོ་ཞིག་གི་ནང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་བྱེད་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་རྒྱལ་ཁབ་ཀྱིས་ཞིང་ལས་དང་ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་བཟོ་ཚོང་ལས་རིགས་བཅས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་བཀོད་བྱེད་པ་རིམ་གྱིས་མངོན་འགྱུར་བྱེད་དགོས་པ་གཏན་ལ་ཕབ་པ་རེད། བར་བརྒལ་དུས་སྐབས་ཀྱི་སྤྱིའི་ལམ་ཕྱོགས་ཀྱི་བླང་བྱ་གཞིར་བཟུང་སྟེ། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་འཆར་གཞི་དང་པོ་གཏན་ཁེལ་བྱས། དེའི་རྩ་བའི་ལས་འགན་ནི། སྟོབས་ཤུགས་གཙོ་བོ་གཅིག་བསྡུས་སྒོས་ལྕི་བའི་བཟོ་ལས་དམིགས་བསལ་གྱིས་གོང་དུ་སྤེལ་ཏེ། རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་བའི་རྨང་གཞི་ཐོག་མ་འདིང་བ་དང་། རྒྱུད་རིམ་ལྡན་པའི་སྒོ་ནས་ཞིང་ལས་དང་ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་བཅས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་བཀོད་བྱེད་པ་དེ་ཡིན། རང་རྒྱལ་གྱི་བཟོ་ལས་ཐོན་རྫས་གཙོ་བོ་མང་པོ་ཞིག་གི་མི་རེའི་ཆ་སྙོམས་ཐོན་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལས་ཧ་ཅང་རྗེས་སུ་ལུས་ཤིང་། ཐ་ན་ཧིན་རྡུ་ལའང་མི་དོ་བ་རེད། སྐབས་དེར་བློ་མཐུན་ལ་ལས་ལྕི་བའི་བཟོ་ལས་གོང་དུ་སྤེལ་བའི་གལ་ཆེན་རང་བཞིན་མ་རྟོགས་པར། ཕྱོགས་རེས་པའི་སྒོ་ནས་མི་དམངས་ཀྱི་འཚོ་བ་མྱུར་དུ་ལེགས་བཅོས་སུ་གཏོང་དགོས་ན། ཡང་བའི་བཟོ་ལས་གཙིགས་ཆེར་བཟུང་ནས་གོང་དུ་སྤེལ་དགོས་པ་ནན་བཤད་བྱས། མའོ་ཙེ་ཏུང་གིས་བསམ་བློ་དེ་རིགས་ལ་གཞིགས་ཏེ་གཟུགས་སུ་བཀོད་པའི་སྒོ་ནས་ས་ཚོའི་ད་ལྟ་ཅི་ཞིག་བཟོ་ཐུབ་ཅེ་ན། ཇ་ཕོར་དང་ཇ་དེམ་ལས་ཐུབ། འབྲུ་རིགས་འདེབས་ཤེས་པར་མ་ཟད་ད་དུང་ཕྱེ་འཐག་ཐུབ་པ་དང་ཤོག་བུའང་བཟོ་ཐུབ། ཡིན་ནའང་རླངས་འཁོར་དང་གནམ་གྲུ། ཐན་ཁེ། འདྲུད་འཐེན་འཁོར་ལོ་བཅས་གཅིག་ཀྱང་བཟོ་མི་ཐུབ་ཅེས་གསུངས།