སྙན་ངག་ལས་རིགས་ཀྱི་གསར་བརྗེ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-08-01 14:36ལ་འགྲུབ།

སྙན་ངག་ལས་རིགས་ཀྱི་གསར་བརྗེ།

ཉལ་ཐའི་དམག་འཁྲུག་གི་སྐབས་སུ། ལིན་ཙེ་ཞུས་དང་ཝེ་ཡོན། ཀྲང་ཐེ་ཕིང་སོགས་རྒྱལ་གཅེས་སྙན་ངག་པ་ཞིག་བྱུང་། ཆིང་རྒྱལ་རབས་ཀྱི་དབང་སྒྱུར་སུན་འབྱིན་བྱས་ཤིང་། ཀྲུང་གོ་མི་དམངས་ཀྱི་འགོག་རྒོལ་ལ་བསྔགས་བརྗོད་མཛད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
诗界革命
ཕྱི་ཡིག་གི་མིང་།
Poetic revolution
དུས་ཚོད།
ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་རྗེས་སུ།
1 ​ངོ་སྤྲོད།

ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་གི་རྗེས་སུ། ཞ་ཙེང་ཡིའུ་དང་ཐན་སི་ཐུང་། ལིའང་ཆི་ཁྲའོ། ཧོང་ཙུའོ་ཞོན་སོགས་ཀྱིས་སྙན་ངག་ལས་རིགས་ཀྱི་གསར་བརྗེ་དར་སྤེལ་དུ་གཏོང་བ་དང་། གནའ་དཔེར་བཀུར་བ་དང་གནའ་དཔེར་ལད་མོ་བྱེད་པར་ངོ་རྒོལ་བྱས་ཏེ། སྐབས་དེའི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལྟར་སྙན་ཚིག་གི་ཡུལ་ཁམས་གསར་བཏོད་བྱེད་པ་དང་། གནའ་བོའི་རྩོམ་གཤིས་ལ་ཡིད་ཁམས་གསར་བ་ལྡན་དགོས་པའི་འདོད་བློ་བཏོན། ཧོང་ཙུའོ་ཞོན་གྱི་སྙན་ཚིག་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ཆེས་ཆེ་སྟེ། ཁོང་གིས་སྙན་ཚིག་ལ་བརྟེན་ནས་ཀྲུང་གོའི་ཉེ་རབས་དང་ཐ་ན་འཛམ་གླིང་གི་དོན་རྐྱེན་གལ་ཆེན་མང་པོ་ཟིན་ཐོར་བཀོད་དེ། གཟེངས་སུ་ཐོན་པའི་སྒོ་ནས་མི་རིགས་ཀྱི་འགལ་བ་གསལ་སྟོན་བྱས་པར་མ་ཟད། བཙན་རྒོལ་རྒྱལ་གཅེས་ཀྱི་སྤྲོ་སེམས་མཚོན་པར་བྱས། ཁོང་གི་སྙན་ངག་ལ་ལོ་རྒྱུས་སྙན་ངག་ཏུ་འབོད་ཅིང་། མཚོན་བྱེད་སྙན་ཚིག་ལ《དམག་དཔོན་ཧྥེང་ལེགས་ལ་བསྟོད་པའི་གླུ》དང《ལུའི་ཧྲུན་གྱི་གདུང་དབྱངས》《ཐའེ་ཝན་དུ་བསྐྱོད་པ》སོགས་ཡོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ། ཡོ་རོབ་གླིང་གི་རྩོམ་རིག་གི་བསམ་བློས་ཤུགས་རྐྱེན་ཐེབས་པར་བརྟེན། ལིའང་ཆི་ཁྲའོ་སོགས་ཀྱིས་བརྩམས་སྒྲུང་གིས་ཆབ་སྲིད་དང་སྤྱི་ཚོགས་ལེགས་བཅོས་ཐད་ཐོན་པའི་ནུས་པ་དེ་བས་ནན་བཤད་བྱས་ཤིང་། བརྩམས་སྒྲུང་གི་སྤྱི་ཚོགས་ཀྱི་གོ་གནས་ཇེ་མཐོར་གཏོང་བའི་འདོད་བློ་བཏོན་པས། བརྩམས་སྒྲུང་གསར་རྩོམ་བྱེད་པ་དར་ཞིང་རྒྱས། ལི་པའོ་ཅ་ཡི《དཔོན་རའི་རང་གཤིས་རྗེན་པར་ཐོན་པའི་ཟིན་བྲིས》དང་ཝུའུ་ཝོ་ཡའོ་ཡི《ལོ་ཉི་ཤུའི་རིང་མཐོང་བའི་གནས་ཚུལ་ཡ་མཚར་ཅན》ཞེས་པ་དང་། ཙེང་ཕུའུ་ཡི《སྡུག་མཚོའི་མེ་ཏོག》བཅས་ཀྱི་ཤུགས་རྐྱེན་ཅུང་ཆེ། བརྩམས་སྒྲུང་འདི་དག་ནི་ཟུར་ཟ་དང་རབ་བཏགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ། བཀས་བཀོད་རྒྱུད་འཛིན་གྱི་རུལ་སུངས་སུན་འབྱིན་བྱས་ཡོད་ལ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ཁ་རྡུང་བཏང་བས་སུན་འབྱིན་བརྩམས་སྒྲུང་ཟེར།