སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 12:26ལ་འགྲུབ།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

སྤྱི་ལོ1978ལོའི་ལོ་མཇུག་ཏུ་བསྡུས་པ་དང་། གྲོས་ཚོགས་སྟེང་བསམ་བློ་བཅིངས་འགྲོལ་དང་ཐབས་འཚོལ་ཇུས་འདོན། དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་མདུན་ལ་ལྟ་བའི་མཛུབ་སྟོན་བྱེད་ཕྱོགས་གཏན་ལ་ཕབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
十一届三中全会
ཕྱི་ཡིག་གི་མིང་།
The Third Plenary Session of the 11th Central Committee
དུས་ཚོད།
སྤྱི་ལོ1978ལོ།
1 ​ངོ་སྤྲོད།

སྤྱི་ལོ1978ལོའི་ལོ་མཇུག་ཏུ། ཀྲུང་གུང་ཀྲུང་དབྱང་གིས་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་པེ་ཅིན་དུ་བསྡུས། བདེན་དོན་ཚད་གཞིའི་གནད་དོན་ལ་གྲོས་བསྡུར་བྱས་པར་གདེང་འཇོག་མཐོན་པོ་མཛད་པ་དང་། འཕྲལ་ཐག་ཆོད་པའི་སྒོ་ནས་གྲལ་རིམ་འཐབ་རྩོད་རྩ་གནད་དུ་འཛིན་པའི་ནོར་འཁྲུལ་གྱི་འབོད་ཚིག་མཚམས་བཞག་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་གནད་ས་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་སུ་བསྒྱུར་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་འཐབ་ཇུས་རླབས་པོ་ཆེ་ལག་བསྟར་བྱེད་རྒྱུ་བཏོན། གྲོས་ཚོགས་ནས་ད་དུང་ཟིང་བཅོས་ཡོ་བསྲང་བྱེད་པར་མ་ཟད། ཏང་ནང་གི་བཟོ་སྐྲུན་འཕྱུགས་གསུམ་གྱི་གྱོད་གཞི་ཆེནགཔོ་འབོར་ཞིག་དང་། དེ་མིན་མགོ་ཁྲིད་པ་གཙོ་བོ་ཁ་ཤས་ཀྱི་བྱས་རྗེས་དང་ནོར་འཛོལ་གྱི་གནད་དོན་བཅས་དཀར་འདོན་བྱེད་རྒྱུ་བཏོན་ནོ།།

2 ངོ་བོ།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་རྒྱལ་ཁབ་བཙུགས་པའི་ཚུན་གྱི་ཏང་གི་ལོ་རྒྱུས་སྟེང་དོན་སྙིང་ཟབ་མོ་ལྡན་པའི་ཕྱོགས་འགྱུར་རླབས་ཆེན་ཞིགརེད། དེས་ཏང་གི་བསམ་བློའི་ལམ་ཕྱོགས་དང་ཆབ་སྲིད་ཀྱི་ལམ་ཕྱོགས་ཟིང་བཅོས་ཡོ་བསྲང་བྱེད་པ་ལེགས་འགྲུབ་བྱས་ཤིང་། བཅོས་སྒྱུར་སྒོ་འབྱེད་ཀྱི་མགོ་ཚུགས་ས་ཡིན། དེ་ནས་བཟུང་། ཀྲུང་གོའི་ལོ་རྒྱུས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་རེད། དུས་སྐབས་གསར་བའི་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་དགོངས་པའང་ཐེངས་དེའི་གྲོས་ཚོགས་སྟེང་ཐོག་མར་གྲུབ་པར་མ་ཟད། ད་དུང་ཏེང་ཞའོ་ཕིང་སྲོག་ཤིང་ཡིན་པའི་རབས་གཉིས་པའི་ཏང་གི་མགོ་ཁྲིད་ཚོགས་པ་གྲུབ་པ་རེད།