ས་ཞིང་བཅོས་སྒྱུར་ལས་འགུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 16:47ལ་འགྲུབ།

ས་ཞིང་བཅོས་སྒྱུར་ལས་འགུལ།

སྤྱི་ལོ1950ལོའི་དབྱར་ཁར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་བཅོས་སྒྱུར་གྱི་རྩ་ཁྲིམས་ཁྱབ་བསྒྲགས་མཛད། བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གི་ས་ཞིང་དབང་བའི་ལམ་ལུགས་མེད་པར་བཟོས་ཤིང་། ཞིང་བའི་གྲལ་རིམ་གྱིས་ས་ཞིང་དབང་བའི་ལམ་ལུགས་ལག་བསྟར་བགྱིས། ས་ཞིང་བཅོས་སྒྱུར་གྱི་ལས་འགུལ་དེ་རྒྱལ་ཡོངས་ཀྱི་ཕྱེད་ཀའི་ཡན་ཟིན་པའི་བཅིངས་འགྲོལ་ས་ཁུལ་གསར་བ་རུ་དར་སྤེལ་བཏང་ཞིང་། ཞིང་བདག་གྲལ་རིམ་ཁེར་རྐྱང་དུ་འབུད་པ་དང་ཞིང་ལས་གོང་དུ་སྤེལ་བར་ཕན་སླད། ས་ཞིང་བཅོས་སྒྱུར་ཐེངས་དེར་ཞིང་ཕྱུག་དཔལ་འབྱོར་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལག་ཏུ་བསྟར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土地改革运动
ཕྱི་ཡིག་གི་མིང་།
Agrarian reform movement
དུས་ཚོད།
སྤྱི་ལོ1950ལོའི་དབྱར་ཁར།
1 ནང་དོན།

སྤྱི་ལོ1952ལོའི་ལོ་མཇུག་ཏུ་སླེབས་དུས། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁ་ཤས་མ་གཏོགས། རྒྱལ་ཡོངས་སུ་ས་ཞིང་བཅོས་སྒྱུར་ཕལ་ཆེར་ལེགས་འགྲུབ་བྱུང་སྟེ། ས་ཞིང་མེད་པའམ་ཡང་ན་ས་ཞིང་ཉུང་བའི་ཞིང་བ་དུང་ཕྱུར3ལ་ས་ཞིང་སྤྱི་ཆིང་བྱེ་བ་བཞི་དང་ས་ཡ་དྲུག་བགོས་པ་རེད། སྐབས་དེར་སླེབས་དུས། རང་རྒྱལ་དུ་ལོ་ངོ་སྟོང་ཕྲག་འགའི་རིང་ལ་རྒྱུན་བསྐྱངས་པའི་བཀས་བཀོད་རྒྱུད་འཛིན་བཤུ་གཞོག་གི་ས་ཞིང་ལམ་ལུགས་དེ་རྩ་བ་ནས་མེད་པར་བཟོས་ཏེ། རྒྱ་ཆེའི་ཞིང་བ་རྣམས་ས་ཞིང་གི་བདག་པོར་གྱུར་ཅིང་། ཆབ་སྲིད་དང་དཔལ་འབྱོར་ཐད་ནས་ཡར་ལངས་བྱུང་བ་དང་། ཞིང་སྡེའི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཐོབ་པས། ཞིང་ལས་ཐོན་སྐྱེད་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་བཟོ་ལས་ཅན་དུ་འགྱུར་བར་བགྲོད་ལམ་གསར་བ་ཞིག་བཏོད་པ་རེད།

2 དོན་སྙིང་།

ས་ཞིང་བཅོས་སྒྱུར་ཐེངས་དེར་སྲིད་ཇུས་ཀྱི་ཐོག་ནས་སྔོན་དང་མི་འདྲ་བར། ཞིང་ཕྱུག་དཔལ་འབྱོར་སྲུང་འཛིན་དང་། ཆབ་སྲིད་ཀྱི་ཐོག་ནས་ཞིང་ཕྱུག་བར་གནས་ཀྱི་སྲིད་ཇུས་བསྟར་བ་རེད། དེ་ནི་ས་ཞིང་བཅོས་སྒྱུར་ལས་འགུལ་གྱི་འགལ་རྐྱེན་ཇེ་ཉུང་དུ་གཏོང་བར་ཕན་ཞིང་། མི་རིགས་འབྱོར་ལྡན་གྲལ་རིམ་གཏན་འཇགས་སུ་གཏོང་བར་ཕན་ལ། ཞིང་སྡེའི་དཔལ་འབྱོར་གོང་དུ་སྤེལ་བར་དེ་བས་ཀྱང་ཕན་པ་རེད། ས་ཞིང་བཅོས་སྒྱུར་གྱི་ལས་འགུལ་དེས་རྒྱལ་ཡོངས་ཀྱི་ས་ཞིང་མེད་པའམ་ཡང་ན་ས་ཞིང་ཉུང་བའི་རྒྱ་ཆེའི་ཞིང་བར་རིན་སྐྱོན་མི་དགོས་པར་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་འབོར་ཆེན་ཐོབ་ཏུ་བཅུག་ཅིང་། སྔོན་ཆད་ལོ་རེ་བཞིན་ཞིང་བདག་ལ་འཇལ་དགོས་པའི་ཧ་ལམ་སྤྱི་རྒྱ་དུང་ཕྱུར250ཡི་འབྲུ་བོགས་ལྕི་མོ་དེ་མེད་པར་བཟོས་པས། ཞིང་བའི་ཐོན་སྐྱེད་ཀྱི་ཧུར་སེམས་ཆེས་ཆེར་ཇེ་མཐོར་ཕྱིན་ནས། ཞིང་ལས་ཐོན་སྐྱེད་མགྱོགས་མྱུར་ངང་སླར་གསོ་དང་འཕེལ་རྒྱས་བྱུང་།