ལོ་རྒྱུས་རིག་པ་གསར་བ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 17:50ལ་འགྲུབ།

ལོ་རྒྱུས་རིག་པ་གསར་བ།

ནུབ་ཕྱོགས་འབྱོར་ལྡན་གྲལ་རིམ་གྱི་ལོ་རྒྱུས་རིག་པའི་གཞུང་ལུགས་དང་ལོ་རྒྱུས་རིག་པའི་གསུང་རྩོམ་གྲགས་ཅན་ཁག་གཅིག་རྗེས་གཉིས་མཐུད་དུ་ཀྲུང་གོར་ཁྱབ་ཅིང་། ལོ་རྒྱུས་རིག་པ་གསར་བའི་མཚོན་བྱེད་མི་སྣ་ནི་ལིའང་ཆི་ཁྲའོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新历史主义
ཕྱི་ཡིག་གི་མིང་།
New Historicism
དུས་ཚོད།
དུས་རབས19པའི་མཇུག་དང་དུས་རབས20བའི་དུས་མགོར།
མི་སྣ།
ལིའང་ཆི་ཁྲའོ།
1 ​ངོ་སྤྲོད།

དུས་རབས19བའི་མཇུག་དང་དུས་རབས20བའི་མགོར། ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་གྱི་ལོ་རྒྱུས་རིག་པའི་སྲོལ་རྒྱུན་ལ་ཕོག་ཐུག་དྲག་པོ་བཏང་། ལོ་རྒྱུས་རིག་པ་རྙིང་བ་སྒྱུར་བཅོས་དང་ལོ་རྒྱུས་རིག་པ་གསར་བ་སྤེལ་ཏེ“རིགས་རྒྱུད་སྲུང་བ་དང་རྒྱལ་སྲིད་བསྐྱེད་པའི”འབོད་སྐུལ་དེ་ཉིན་རེ་བཞིན་ཇེ་མཐོར་སོང་ལ་ལོ་རྒྱུས་རིག་པའི་ལས་རིགས་ཀྱི་གསར་བརྗེ་དེ་ཀྲུང་གོར་དར། ལོ་རྒྱུས་རིག་པ་གསར་བའི་མཚོན་བྱེད་ཀྱི་མི་སྣ་ནི་ལིའང་ཆི་ཁྲའོ་ཡིན། དུས་རབས20བའི་མགོར། ལིའང་ཆི་ཁྲའི་ཡིས་ཀྲུང་གོའི་ལོ་རྒྱུས་ཞིབ་གླིང་ཞེས་པ་དང་ལོ་རྒྱུས་རིག་པ་གསར་བ་ཞེས་པའི་དཔྱད་རྩོམ་གཉིས་སྤེལ། དེའི་ནང་ཁོང་གིས་ཀྲུང་གོའི་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ལོ་རྒྱུས་ཀྱི་དཔེ་རྙིང་ཚང་མ་ནི་རྒྱལ་རབས་དག་གི་གདུང་རབས་ཤ་སྟག་ཡིན་པ་ལས། རྒྱལ་དམངས་ཀྱི་དོན་དག་བྲིས་པ་གཅིག་ཀྱང་མེད་པ་བསྟན། ཁོས་ལོ་རྒྱུས་ཀྱིས་མིའི་རིགས་ཀྱི་འཕེལ་འགྱུར་གྱི་སྣང་ཚུལ་བརྗོད་པ་ལ་བརྟེན་ནས་སྤྱི་ལིགས་དང་སྤྱི་སྲོལ་འཐོབ་དགོས་པའི་འདོད་བློ་བཏོན་པ་སྟེ། ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་དགོས་པར་སྙམ། ཁོང་གིས་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ལྟ་བ་དེ་ལོ་རྒྱུས་ཞིབ་འཇུག་ཏུ་དྲངས་ཤིང་། ལོ་རྒྱུས་ནི་གཅིག་གིས་རྙོག་ཟིང་བཟོས་པ་དང་གཅིག་གིས་དེ་འདུལ་བའི་བརྗེ་རེས་སླ་མོ་ཙམ་མ་ཡིན་པར། དམའ་རིམ་ནས་མཐོ་རིམ་དུ་བར་མ་ཆད་པར་འཕེལ་བ་ཞིག་ཡིན་པ་བསྟན་པ་རེད།