ལུས་རྩལ་རྒྱལ་ཁབ་ཏུ་སྙེག་པ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 11:15ལ་འགྲུབ།

ལུས་རྩལ་རྒྱལ་ཁབ་ཏུ་སྙེག་པ།

ཀྲུང་གོ་གསར་བ་བཙུགས་རྗེས། ལུས་རྩལ་བྱེད་སྒོ་གོང་དུ་སྤེལ་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དུ་གཏོང་དགོས་པའི་ལུས་རྩལ་འགུལ་སྐྱོད་ཀྱི་བྱེད་ཕྱོགས་བཏོན། བྱེད་ཕྱོགས་དེའི་མཛུབ་ཁྲིད་འོག མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་རྒྱལ་ཡོངས་སུ་དབྱར་མཚོ་རྒྱས་པ་བཞིན་སྤེལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
步入体育国家
ཕྱི་ཡིག་གི་མིང་།
Moving into the sports nation
དུས་ཚོད།
ཀྲུང་གོ་གསར་བ་བཙུགས་རྗེས།
དཀར་ཆག
1 ​ནང་དོན།

ཀྲུང་གོ་རྙིང་བ་ནི་དབུལ་ཕོངས་དང་རྗེས་ལུས་ཡིན་ཞིང་། ལུས་རྩལ་ལས་དོན་གོང་དུ་སྤེལ་མི་ཐུབ་པ་དང་། ལུས་འགུལ་སྐྱོད་ཀྱི་ཆུ་ཚད་ཧ་ཅང་དམའ་བར་བརྟེན། ཀྲུང་གོ་པ་ལ་ཨེ་ཤེ་ཡ་ཤར་མའི་ནད་རོ་ཞེས་འཕྱ་བ་རེད། ཀྲུང་གོ་གསར་བ་བཙུགས་རྗེས། སློབ་གྲྭའི་ལུས་རྩལ་བྱ་བར་ཡང་རྒྱུན་ཆད་མེད་པར་ཤུགས་བསྣན། མང་ཚོགས་ཀྱི་ལུས་རྩལ་འགུལ་སྐྱོད་ཁྱབ་གདལ་དུ་སྤེལ་བའི་རྨང་གཞིའི་ཐོག རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱས།  ལོ་རབས50བའི་དུས་མཇུག་ཏུ། ལྗིད་འདེགས་ལུས་རྩལ་པ་ཁྲེན་ཅིན་ཁའེ་ནས་མགོ་ཚུགས་སྟེ། ཀྲུང་གོའི་ལུས་རྩལ་པས་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་འཛམ་གླིང་གི་ཟིན་ཐོ་མུ་མཐུད་དུ་གཏོར་ནས། འཛམ་གླིང་གི་ཨང་དང་པོ་བླངས། ལོ་རབས90བར་སླེབས་དུས། རང་རྒྱལ་གྱིས་དམངས་ཡོངས་ཀྱི་གཟུགས་གཞི་བདེ་ཐང་གི་ལས་འགུལ་སྤེལ་ནས། ལུས་རྩལ་འགུལ་སྐྱོད་ཀྱི་ཆུ་ཚད་མགྱོགས་མྱུར་ངང་གོང་དུ་འཕེལ། སྤྱི་ལོ1982ལོ་ནས་བཟུང་། ཀྲུང་གོའི་བདམས་ཐོན་པས་ཨེ་ཤེ་ཡ་གླིང་གི་ལུས་རྩལ་འགྲན་ཚོགས་སུ་གཟི་བརྗིད་དང་ལྡན་པའི་ངང་ནས་ཨེ་ཤེ་ཡ་གླིང་གི་ལུས་རྩལ་སྟེགས་བུའི་གོ་གནས་དང་པོ་བླངས། སྤྱི་ལོ1984ལོར། ཀྲུང་གོས་ལུས་རྩལ་འཐུས་ཚབ་རུ་ཁག་མངགས་ཏེ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སུ་ཞུགས་ཤིང་། ཞུས་ཧའེ་ཧྥེང་གིས་ཀྲུང་གོར་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལོ་རྒྱུས་ཐོག་གི་གསེར་གྱི་རྟགས་མ་དང་པོ་བླངས། སྤྱི་ལོ1992ལོ་ནས་སྤྱི་ལོ1996ལོར། པ་སའེ་ལུའོ་ན་དང་ཨ་ཐེ་ལན་ཏའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཐེངས་གཉིས་ཀྱི་ཐོག ཀྲུང་གོའི་ལུས་རྩལ་པ་ཕུལ་བྱུང་ཅན་རྣམས་ཀྱིས་གཟི་བརྗིད་དང་ལྡན་པའི་ངང་གསེར་གྱི་རྟགས་མ16བླངས་ཏེ། གསེར་གྱི་རྟགས་མའི་མིང་བྱང་ཐོག་གོ་གནས་ཨང་བཞི་བ་བཟུང་། ད་ལྟ་ཀྲུང་གོ་ཨེ་ཤེ་ཡ་གླིང་གི་ཤུགས་དྲག་པོའི་ལུས་རྩལ་རྒྱལ་ཁབ་ཏུ་གྱུར་ཡོད་ཅིང་། འཛམ་གླིང་གི་ཤུགས་དྲག་པོའི་ལུས་རྩལ་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད། སྤྱི་ལོ1959ལོ་ནས་བཟུང་། རང་རྒྱལ་གྱི་ཕང་ཕིང་སྤོ་ལོའི་ལུས་རྩལ་པ་རྣམས་ཀྱིས་རྒྱུན་ཆད་མེད་པར་འཛམ་གླིང་གི་ཨང་དང་པོ་བླངས། སྤྱི་ལོ1981ལོར། འཛམ་གླིང་གི་ལེགས་སྐྱེས་འགྲན་ཚོགས་སུ་འགྲན་ཐེངས་གཅིག་ལ་གསེར་གྱི་རྟགས་མ་བདུན་པོ་ཚང་མ་བླངས་ཏེ། འཛམ་གླིང་ལུས་རྩལ་སྟེགས་བུའི་ཟིན་ཐོ་གསར་དུ་བཀོད།