ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་རྩ་མེད་དུ་བཏང་།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-31 16:59ལ་འགྲུབ།

ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་རྩ་མེད་དུ་བཏང་།

རིག་གསར་ནས་ལིན་པིའོ་ཡི་གོ་གནས་ཇེ་མཐོར་སོང་། ཏང་གི་ཚོགས་ཆེན་དགུ་བའི་སྟེང་ཁོ་ནི་མའོ་ཙེ་ཏུང་གི་རྒྱུན་འཛིན་པ་ཡིན་པ་གཏན་ལ་ཕབ་པས། ཁོ་གཙོ་ཡིན་པའི་ཚོགས་ཁག་གི་སྟོབས་ཤུགས་འཕེལ་བ་ཧ་ཅང་མགྱོགས། ཚོགས་ཆེན་དགུ་བའི་རྗེས་སུ། ལིན་པིའོ་ཚོགས་ཁག་གིས་དབང་ཆ་འཕྲོག་པར་ཤུགས་སྣོན་པའི་གནས་ཚུལ་དེ་མའོ་ཙེ་ཏུང་གིས་མཁྱེན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
林彪反革命集团被斩草除根
ཕྱི་ཡིག་གི་མིང་།
The Lin Biao counter revolutionary group is.
དུས་ཚོད།
སྤྱི་ལོ1971ལོའི་ཟླ9བའི་ཚེས13ཉིན།
མི་སྣ་གཙོ་བོ།
ལིན་པིའོ།
1 ​ངོ་སྤྲོད།

ལིན་པིའོ་ཚོགས་ཁག་གིས་གནས་ཚུལ་མི་ལེགས་པ་མཐོང་སྟེ། དྲག་པོའི་སྲིད་འགྱུར་སློང་བའི་ཇུས་འགོད་བྱས། མའོ་ཙེ་ཏུང་དང་ཀྲོའི་ཨེན་ལའེ་ཡིས་གནས་ཚུལ་ཐོས་མ་ཐག་འཕྲལ་དུ་བྱེད་ཐབས་སྤྱད་དེ་སྲིད་འགྱུར་ཐེངས་དེ་རྡུལ་དུ་བརླགས། ལིན་པིའོ་ཡི་ལྐོག་གཤོམ་ཕྱིར་མངོན་རྗེས། སྤྱི་ལོ1971ལོའི་ཟླ9བའི་ཚེས13ཉིན་འཚབ་འཚུབ་ངང་ཆུང་མ་ཡེ་ཆུན་དང་བུ་ལིན་ལི་ཀོ་དང་མཉམ་དུ་ཕྱིར་བྲོས་བྱོལ་བྱས་ཤིང་། མོང་གོལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་གནམ་གྲུ་སར་ལྷུང་ནས་ལྔ་ལམ་དུ་ཕྱིན། དེ་ནི་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་དོན་རྐྱེན་ཡིན་ནོ།།

2 ཕམ་ཉེས།

ལིན་པིའོ་གསར་བརྗེར་ངོ་རྒོལ་ཚོགས་ཁག་གིས་དྲག་པོའི་སྲིད་འགྱུར་ཇུས་འགོད་བྱས་པའི་དོན་རྐྱེན་བྱུང་བ་དེ་ནི། རིག་གནས་གསར་བརྗེ་ཆེན་པོའི་ནང་ཏང་གི་མགོ་ཁྲིད་ཉམས་དམས་ཚབས་ཆེན་བཏང་ཞིང་། འཐབ་རྩོད་ཀྱི་ཉམས་མྱོང་གིས་ཕྱུག་པོའི་ལས་བྱེད་པ་རྒན་པ་འབོར་ཆེན་བསྒྱེལ་བ་དང་། ཏང་གི་རྩ་འཛུགས་ཉམས་དམས་ཚབས་ཆེན་བཟོས་ཤིང་རྒྱལ་ཁབ་ཀྱི་དམངས་གཙོ་ཁྲིམས་ལུགས་རྩིས་མེད་བཏང་བའི་རྐྱེན་གྱིས་ཡིན། དོན་རྐྱེན་དེ་ལས་བྱེད་པ་དང་མང་ཚོགས་སྔར་ལས་མང་པོ་ཞིག་མི་སྒེར་ལ་དད་བཀུར་བྱེད་པའི་སྨྱོ་སྔར་ལས་སད་པར་བསྐུལ་བ་དང་། གཞན་ངོས་ཀྱི་ཐད་ནས་རིག་གནས་གསར་བརྗེ་ཆེན་པོའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཕམ་ཉེས་བྱུང་བ་ཡོངས་བསྒྲགས་བྱས་པ་རེད།