སུན་ཁྲུན་ལན།སྔ་མའི་པར་གཞི་དེ ལྷ་མོ་ཚེ་སྐྱིད།  ནས 2017-07-20 10:22ལ་འགྲུབ།

སུན་ཁྲུན་ལན།

སུན་ཁྲུན་ལན།
སུན་ཁྲུན་ལན། མོ། རྒྱ་རིགས། 1950ལོའི་ཟླ5བར་སྐྱེས་ཤིང་། ཧུ་པེ་རའོ་དབྱང་གི་མི་ཡིན། 1969ལོའི་ཟླ11པར་བྱ་བར་ཞུགས། 1973ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་བླངས། ད་སྔ་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཧྥུ་ཅན་ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སུན་ཁྲུན་ལན།
རྒྱ་ཡིག་གི་མིང་།
孙春兰
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུ་པེ་རའོ་དབྱང་།
སྐྱེས་ལོ།
1950ལོའི་ཟླ5བ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ
ལས་ཞུགས་ཀྱི་ལོ།
1969ལོའི་ཟླ11པ།
ཏང་ཞུགས་ཀྱི་ལོ།
1973ལོའི་ཟླ5བ།
1 ངོ་སྤྲོད།

སུན་ཁྲུན་ལན། མོ། རྒྱ་རིགས། 1950ལོའི་ཟླ5བར་སྐྱེས་ཤིང་། ཧུ་པེ་རའོ་དབྱང་གི་མི་ཡིན། 1969ལོའི་ཟླ11པར་བྱ་བར་ཞུགས། 1973ལོའི་ཟླ5བར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་པ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རབ་འབྱམས་པའི་སློབ་གནས་བླངས། ད་སྔ་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཧྥུ་ཅན་ཞིང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

1965-1969ལོར། ལིའོ་ཉིན་ཞིང་ཆེན་ཨན་ཧྲན་བཟོ་ལས་ལག་རྩལ་སློབ་གྲྭའི་འཕྲུལ་ཆས་ཆེད་ལས་སློབ་སྦྱོང་བྱས།

1969-1974ལོར། ལིའོ་ཉིན་ཞིང་ཆེན་ཨན་ཧྲན་ཆུ་ཚོད་འཁོར་ལོ་བཟོ་གྲྭའི་བཟོ་བ་དང་། འཁོར་ཁང་ཏང་ཀྲི་པུའི་ཨུ་ཡོན། བཟོ་གྲྭའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཏང་ཨུའི་ཨུ་ཡོན་བཅས་ཡིན།

1974-1975ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཡང་བའི་བཟོ་ལས་ཅུའུ་དང་པོའི་ཏང་ཨུའི་རྒྱུན་ཨུ་དང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན།

1975-1977ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་ཡང་འཁེལ་བཟོ་ལས་ཅུའི་ཏང་ཨུའི་རྒྱུན་ཨུ་དང་ གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན།

1977-1979ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་རྫས་ཚི་བལ་འཁེལ་སྤྱིའི་བཟོ་གྲྭའི་ཏང་ཨུའི་རྒྱུན་ཨུ་ཡིན།

1979-1980ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་རྫས་ཚི་བལ་འཁེལ་སྤྱིའི་བཟོ་གྲྭའི་ཏང་ཨུའི་རྒྱུན་ཨུ་དང་། ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རིན་གཞོན་པ་ཡིན།

1980-1985ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་རྫས་ཚི་བལ་འཁེལ་སྤྱིའི་བཟོ་གྲྭའི་འགོ་གཙོ་གཞོན་པ(བར་དུ། 1981-1984ལོར་ལིའོ་ཉིན་སློབ་ཆེན་དཔལ་འབྱོར་སློབ་གླིང་དཔལ་འབྱོར་དོ་དམ་ཆེད་ལས་ཡིག་སྦྲིངས་སློབ་སྦྱོང་བྱས )།

1985-1986ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་རྫས་ཚི་བལ་འཁེལ་སྤྱིའི་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་འགོ་གཙོ་གཞོན་པ་ཡིན།(1986.02-1986.11ལོར། ཏང་ཨུའི་བྱ་བ་གཙོ་སྐྱོང་གནང་།)

1986-1988ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་རྫས་ཚི་བལ་འཁེལ་སྤྱིའི་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཡིན།

1988-1991ལོར། ལིའི་ཉིན་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན།

1991-1993ལོར། ལིའི་ཉིན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།

(1989-1991ལོར། ལིའི་ཉིན་ཞིང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ཡིག་སྦྲིངས་དངོས་གཞིའི་འཛིན་གྲྭར་སློབ་སྦྱོང་བྱས། 1992-1993ལོར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

1993-1994ལོར། ལིའོ་ཉིན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

1994-1995ལོར། ལིའོ་ཉིན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

1995-1997ལོར། ལིའོ་ཉིན་ཞིང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

(1992-1995ལོར། ལིའོ་ཉིན་སློབ་ཆེན་ཐབས་ཇུས་དོ་དམ་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས།)

1997-2001ལོར། ལིའོ་ཉིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཡིན།

2001-2001ལོར། ལིའོ་ཉིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ། ཏཱ་ལེན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན།

2001-2005ལོར། ལིའོ་ཉིན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཏཱ་ལེན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡིན།

(2000-2003ལོར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཡིག་སྦྲིངས་སློབ་གླིང་གི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིག་པའི་ཆེད་ལས་སློབ་སྦྱོང་བྱས།)

2005-2009ལོར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཡིན།

2009-2010ལོར། ཧྥུ་ཅན་ཞིང་ཨུའི་ཧྲུའུ་ཅི་ཡིན།

2010-2012ལོར། ཧྥུ་ཅན་ཞིང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན།

2012ལོ་ནས། ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཧྥུ་ཅན་ཞིང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན།

སྐབས་བཅོ་ལྔ་དང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། སྐབས་བཅུ་བདུན་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་ཡིན།


དཔྱད་གཞིའི་ཡིག་ཆ།