རོང་བོ་དགོན་པའི་ལྷ་ཁང་སོ་མ།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2017-07-17 09:58ལ་འགྲུབ།

རོང་བོ་དགོན་པའི་ལྷ་ཁང་སོ་མ།

རོང་བོ་དགོན་པའི་ལྷ་ཁང་སོ་མ།
ལྷ་ཁང་སོ་མ་ནི་ཐོག་མར་སྤྱི་ལོ་༡༨༨༥ལོར་ཨ་རོལ་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རིགས་རྒྱ་མཚོས་གསར་དུ་བཞེངས།
གཞི་རྩའི་གནས་ཚུལ།

མཚན།
ལྷ་ཁང་སོ་མ།
རྒྱ་ཡིག་གི་མཚན།
拉康索玛
མཚན་གཞན་པ།
སྐྱབས་མགོན་སྐུ་ཕྲེང་བདུན་པའི་སྐུ་གདུང་མཆོད་རྟེན་ལྷ་ཁང་།
བཞེངས་ལོ།
སྤྱི་ལོ་1885ལོ།
བཞེངས་མཁན།
ཨ་རོལ་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རིགས་རྒྱ་མཚོ།
གནས་ཡུལ།
རེབ་གོང་རོང་བོ་དགོན་ཆེན།
དཀར་ཆག

1ལྷ་ཁང་སོ་མ་ནི་ཐོག་མར་སྤྱི་ལོ་༡༨༨༥ལོར་ཨ་རོལ་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རིགས་རྒྱ་མཚོས་གསར་དུ་བཞེངས། རྗེས་སུ་རྗེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་གཏད་་པ་ན། ཉེ་གནས་འཇམ་དབྱངས་དཔལ་ལྡན་གྱིས་ནང་བསྟན་གཙོ་བོ་ཁོང་ཚང་གི་སྐུ་གདུང་མཆོད་རྟེན་གསར་བཞེངས་མཛད། རིག་གསར་སྐབས་མེད་བརླགས་སུ་བཏང་། སྤྱི་ལོ་༡༩༨༢ལོར་དགོན་གཞུང་གིས་ཡང་བསྐྱར་བཞེངས་འགོ་བརྩམས་ཤིང་སྤྱི་ལོ་༡༩༨༥ལོར་ལྷ་ཁང་རྟེན་བརྟེན་པ་ལེགས་གྲུབ་བྱུང་། ནང་རྟེན་གཙོ་བོ། སྐྱབས་མགོན་སྐུ་ཕྲེང་བདུན་པའི་སྐུ་གདུང་བཞུགས་པའི་དངུལ་གྱི་མཆོད་རྟེན། གཡུ་བྱུར་དང་མ་ཎི། གཟི། པདྨ་ར་ག་སོགས་རིན་པོ་ཆེའི་འཕྲ་རྒྱན། མཐོ་ཚད་ལ་སྤྱི་ཁྲེ་དྲུག་ཡས་མས་ཅན་དང་། ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་སོགས་མང་བོ་བཞུགས།