འགྲོ་བ་མིའི་འབྱུང་ཁུངས།སྔ་མའི་པར་གཞི་དེ དཔལ་མགོན་ཚེ་རིང་།  ནས 2017-07-14 08:50ལ་འགྲུབ།

འགྲོ་བ་མིའི་འབྱུང་ཁུངས།

འགྲོ་བ་མིའི་འབྱུང་ཁུངས།
འགྲོ་བ་མིའི་ལོ་རྒྱུས་སུ་མིའི་འབྱུང་ཁུངས་དང་འབྲེལ་བའི་ལྷ་སྒྲུང་ཧ་ཅང་མང་བོ་ཞིག་བྱུང་མྱོང་ཞིང་། ཡེ་ཤེས་ཆོས་ལུགས་ཀྱི་དགོངས་པ་ལྟར་ན། མི་ནི་དཀོན་མཆོག་གིས་གསར་དུ་བསྐྲུན་པ་རེད། ཀྲུང་གོའི་གནའ་རབས་ཀྱི་ལྷ་སྒྲུང་དུ་ཡང་ལྷ་མོས་མི་བཟོས་པའི་བཤད་རྒྱུན་ཡོད་ཀྱང་། འདི་དག་ཚང་མ་ནི་མིའི་འབྱུང་ཁུངས་སྐོར་གྱི་དྲིས་ལན་ཡང་དག་པ་དེ་མ་ཡིན་ནོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人类的起源
ཕྱི་ཡིག་གི་མིང་།
The Origin of Human Being
གཞི་འཛིན་ས།
ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བའི་ལྟ་བ།
ཁོངས་གཏོགས་ཁྱབ་ཁོངས།
སྐྱེ་དངོས་ཞིབ་འཇུག
འཕེལ་རྒྱས་ཀྱི་དུས་རིམ།
གསུམ་མམ་བཞི།
འབྲེལ་ཡོད་ལྷ་སྒྲུང་།
དཀོན་མཆོག་གིས་མི་བསྐྲུན་པ།
1 ངོ་སྤྲོད།

འགྲོ་བ་མིའི་ལོ་རྒྱུས་སུ་མིའི་འབྱུང་ཁུངས་དང་འབྲེལ་བའི་ལྷ་སྒྲུང་ཧ་ཅང་མང་བོ་ཞིག་བྱུང་མྱོང་ཞིང་། ཡེ་ཤེས་ཆོས་ལུགས་ཀྱི་དགོངས་པ་ལྟར་ན། མི་ནི་དཀོན་མཆོག་གིས་གསར་དུ་བསྐྲུན་པ་རེད། ཀྲུང་གོའི་གནའ་རབས་ཀྱི་ལྷ་སྒྲུང་དུ་ཡང་ལྷ་མོས་མི་བཟོས་པའི་བཤད་རྒྱུན་ཡོད་ཀྱང་། འདི་དག་ཚང་མ་ནི་མིའི་འབྱུང་ཁུངས་སྐོར་གྱི་དྲིས་ལན་ཡང་དག་པ་དེ་མ་ཡིན་ནོ། །

འོ་ན་ཇི་ལྟ་བུ་རེད་ཅེ་ན། ཚན་རིག་པ་དག་གིས་མི་རྣམས་ཀྱི་གབ་ལན་བསྟན་ཡོད་དེ། དབྱིན་ཇིའི་སྐྱེ་དངོས་རིག་པ་བC.R.ཏར་ཝུན་གྱིས《སྐྱེ་དངོས་རིག་པའི་འབྱུང་ཁུངས》ཁྲོད། སྐྱེ་དངོས་ནི་དམའ་རིམ་ནས་མཐོ་རིམ་དང་། སྟབས་བདེ་ནས་རྙོག་འཛིང་དུ་འཕེལ་བའི་ཆོས་ཉིད་གསལ་བཤད་བྱས་ཡོད་པ་དང་། ཁོང་གིས་སྒྲུབ་བྱེད་མང་བོ་ཞིག་སྤྱད་དེ་མིའི་རིགས་ནི་རྩ་མེད་དུ་སོང་ཚར་བའི་གནའ་བོའི་སྤྲ་མི་ནས་འཕེལ་འགྱུར་བྱུང་བ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། གཞན་ཡང་ཨེན་ཀི་སིས་འགྲོ་བ་མིའི་རིགས་རི་དྭགས་ཀྱི་རྣམ་པ་ལས་གྲོལ་བར་བྱས་པའི་རྩ་བའི་རྒྱུ་རྐྱེན་ནི་ངལ་རྩོལ་ཡིན་པ་བསྟན་ཡོད་དེ། གནའ་བོའི་སྤྲ་མི་ཁ་ཤས་སྡོང་མགོ་ནས་མར་ས་ངོས་སུ་བབས་ཏེ་ཟས་བཙལ་ཞིང་། རིམ་གྱིས་རྐང་བ་གཉིས་བཙུགས་ནས་དྲང་མོར་ལངས་ཏེ་སོང་། དེ་ལྟར་ལག་པར་བཅིངས་འགྲོལ་ཐོབ་པས། རྡོའམ་དབྱུག་པ་སོགས་ཀྱི་ལག་ཆ་སྤྱོད་ཤེས་པར་གྱུར་བ་དང་། མཇུག་མཐར་ལག་པས་ལག་ཆ་བཟོ་བའི་ཆེད་དུ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག གཟུགས་གཞི་ལའང་ཀླད་པ་གཙོ་བྱས་པའི་ཕྱོགས་ཐམས་ཅད་ལ་དེར་བསྟུན་གྱི་འཕེལ་རྒྱས་ཐོན་པས། མིའི་རིགས་ཀྱི་ཁྱད་རྟགས་སྣ་ཚོགས་མངོན་པར་གྱུར།

ད་ལྟ་ཤེས་ཟིན་པའི་ཆེས་སྔ་བའི་གནའ་བོའི་སྤྲ་མི་དེ་ཨེ་ཅིབ་ཀྱི་ཧྥ་ཡོན་ནས་རྙེད་ཅིང་། ལོ་ངོ་ཁྲི3500ནས་ཁྲི3000གི་སྔོན་དུ་འཚོ་གནས་བྱས་མྱོང་། ཁོ་ཚོ་ནི་སྤྲ་མི་འཁྲུལ་མེད་ཡིན་པ་མ་ཟད་སྐབས་དེར་ད་དུང་མིའི་རིགས་སུ་བར་བརྒལ་བྱས་མེད་ལ། མིའི་རིགས་སུ་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་དེ་ཧ་ལམ་ལོ་ངོ་ཁྲི1000གི་སྔོན་དུ་བྱུང་བ་རེད། སྤྱི་ལོ1932ལོར་ཨ་མེ་རི་ཁའི་མཁས་པC.E.ལིའུ་ཡི་སི་ཡིས་ཧིན་རྡུའི་ཞི་ཝ་ལི་ཁི་རི་ནས་སྤྲ་མིའི་ཡ་མགལ་གཡས་པའི་རུས་དུམ་ཞིག་རྙེད་བྱུང་བར་མིའི་རིགས་ཀྱི་ཁྱད་རྟགས་ཁ་ཤས་ལྡན་ཡོད། རྗེས་སུ་ཁུན་ཉི་ཡ་དང་ཞུང་ཡ་ལི། ཀེ་རི་སི་སོགས་སུའང་དེ་དང་ཆ་འདྲ་བ་བྱུང་ཡོད་ལ། སྤྲ་མི་འདི་རིགས་ལ་ཞི་ཝ་གནའ་བོའི་སྤྲ་མི་ཞེས་བརྗོད་པ་དང་། འཚོ་གནས་ཀྱི་དུས་ཚོད་ལོ་ཁྲི1400ནས་ལོ་ཁྲི700སྔོན་དུ་རེད། མི་ཁ་ཤས་ཀྱིས་ཁོ་ཚོ་ནས་བཟུང་སྟེ་སྤྲ་མི་མིའི་རིགས་སུ་བར་བརྒལ་བྱས་པའི་བརྒྱུད་རིམ་རིང་མོའི་མགོ་ཚུགས་པར་བཞེད་ཀྱི་ཡོད། དེའི་རྗེས་སུ་ལྷོ་ཕྱོགས་ཀྱི་གནའ་བོའི་སྤྲ་མི་བྱུང་བ་དང་། དེའི་འཚོ་གནས་ཀྱི་དུས་ཚོད་ལོ་ཁྲི400ནས་ལོ་ཁྲི100ཡི་སྔོན་དུ་ཡིན་ཞིང་། དེ་དག་ནི་ཆེས་སྔ་བའི་མིའི་སྡེ་ཚན་གྱི་ཁོངས་མི་ཡིན་པ་ཐག་བཅད་ཡོད།

སྤྱི་ལོ1974ལོར། དབྱིན་ཇིའི་མཁས་པM.D.ལི་ཅི་ཡིས་ཐན་སང་ཉི་ཡ་རུ་དོན་དངོས་ཀྱི་མིའི་སྡེ་ཚན་གྱི་སྲོག་ཆགས(人科动物)སུ་བརྗོད་ཆོག་པའི་འགྱུར་རྡོ་ཞིག་རྙེད་པ་དང་། དེའི་འཚོ་གནས་ཀྱི་དུས་ཚོད་ལོ་ངོ་ཁྲི380ནས་ལོ་ངོ་ཁྲི360ཡི་སྔོན་དུ་རེད། སྤྱི་ལོ1960ལོ་ནས་བཟུང་། ཐན་སང་ཉི་ཡའི་ཨོ་ཏུའུ་ཝ་ཡེ་གྲོག་རོང་ནས་སྔ་ཕྱིར་མིའི་རིགས་ཀྱི་འགྱུར་རྡོ་རྙེད་པ་དེ་ལ“ནུས་མི”ཞེས་མིང་བཏགས་ཡོད་ལ། ཧ་ལམ་ལོ་ངོ་ཁྲི200ཡི་སྔོན་དུ་འཚོ་མྱོང་། སྤྱི་ལོ1972ལོར་ཁིན་ཉི་ཡའི་ཐུར་ཁ་ནས་མཚེའུ་འགྲམ་དུ་ཨང་གྲངསKNM-ER 1470ཡིན་པའི་མགོ་རུས་ཤིག་རྙེད་པ་དེ་ད་ལྟའི་བར་དུ་ཕལ་ཆེར་ལོ་ངོ་ཁྲི200ལྷག་འདས་ཡོད། འདི་དག་ཚང་མ་ནི་ཆེས་སྔ་བའི་འགྲོ་བ་མིའི་རིགས་ཡིན་ཞིང་། ཁོ་ཚོ་ལྷོ་ཕྱོགས་ཀྱི་སྤྲ་མི་ནས་བཟུང་སྟེ་ཀེར་གྱི་ལངས་ནས་འགྲོ་ཐུབ་པ་བྱུང་ལ། ད་ལྟ་ནས་བརྩིས་པའི་ལོ་ངོ་ཁྲི100ཡི་སྔོན་ལ་འཛམ་བུའི་གླིང་དུ་ཀེར་ལངས་མི་བྱུང་མགོ་ཚུགས་ཤིང་། ཀྲུང་གོའི་མིས་གོམས་གཤིས་སུ་གནའ་བོའི་སྤྲ་མི་ཞེས་འབོདཞ ཡོན་མོའི་མི་དང་ལན་ཐན་མི། པེ་ཅིང་མི་སོགས་ཚང་མ་ཀེར་ལངས་མིའི་ཁོངས་སུ་གཏོགས་ཤིང་། ཡ་གླིང་དང་ཧྥེ་གླིང་། ཡོ་རོབ་གླིང་བཅས་གསུམ་དུའང་དེ་དང་རིགས་འདྲ་བའི་འགྱུར་རྡོ་བྱུང་མྱོང་། ཀེར་ལངས་མིའི་གཟུགས་གཞི་ལ་སྤྲ་རིགས་ཀྱི་ཁྱད་རྟགས་མང་བོ་ལྷག་ཡོད་དེ། དཔེར་ན། སྨིན་རུས་ཆེ་ཞིང་སྦོམ་པ་དང་། དཔྲལ་བ་དམའ་ཞིང་ལེབ་པ། ཀླད་ནུས་ཅུང་ཆུང་བ་ལྟ་བུ། སྤྱི་ལོ1856ལོར་འཇར་མན་གྱི་ཏུའུ་སེར་གླིང་ཕྲན་ཉེ་འགྲམ་གྱི་ཉི་ཨན་ཏེ་ཐེ་གྲོག་རོང་དུ་མིའི་རུས་སྒྲོམ་གྱི་འགྱུར་རྡོ་ཞིག་བྱུང་བ་དང་། དེའི་གཟུགས་གཞི་ཁྱད་ཆོས་དེང་རབས་ཀྱི་མི་དང་ཅུང་འདྲ་ཞིང་། ཀླད་ནུས་ཀྱང་ཀེར་ལངས་མི་ལས་ཆེ་བ་ཡོད། ཉི་ཨན་ཏེ་ཐེ་མིས་མཚོན་པའི་མིའི་རིགས་ལ་སྔ་དུས་ཀྱི་ནུས་མིའམ་གནའ་བོའི་མི་ཞེས་བརྗོད་པ་དང་། སྔ་དུས་ཀྱི་ནུས་མི་དག་སྤྱིར་བཏང་དུ་ལོ་ངོ་ཁྲི10ནས་ལོ་ངོ་ཁྲི4ཡི་སྔོན་དུ་འཚོ་གནས་བྱས་མྱོང་། ལོ་ངོ་ཁྲི4ཡི་སྔོན་དུ་ཕྱི་དུས་ཀྱི་ནུས་མི་བྱུང་ཡོད་པ་དང་། དེར་མི་གསར་ཞེས་ཀྱང་བརྗོད་ལ། གཟུགས་གཞིའི་ཁྱད་ཆོས་དེང་རབས་ཀྱི་མི་དང་ཁྱད་པར་ཆེར་མི་འདུག་ཅིང་། དེ་ནས་བཟུང་སྟེ་སྤྲ་མི་ནས་མི་རུ་བར་བརྒལ་བྱེད་པའི་དུས་ཡུན་རིང་བོ་གཞི་ནས་ཡོངས་སུ་མཇུག་རྫོགས་སོ། །