མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 14:51ལ་འགྲུབ།

མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས།

མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ནི་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མི་འདང་ས་མང་པོ་ཞིག་དབྱེ་ཞིབ་དང་འཕེལ་རྒྱས་འགྲོ་བཞིན་པའི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ཉེན་དང་གཞི་རྩའི་ཐབས་ལམ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
资本主义的发展
ཕྱི་ཡིག་གི་མིང་།
Capitalist development
དུས་ཚོད།
སྤྱི་ལོ1912ལོ་ནསསྤྱི་ལོ1919བར།
མི་སྣ།
ཀྲང་ཅན།
1 རྒྱབ་ལྗོངས།

ལྕགས་ཕག་ལོའི་གསར་བརྗེས་བཀས་བཀོད་རྒྱུད་འཛིན་གྱི་སྒེར་གཅོད་དབང་སྒྱུར་མགོ་རྟིང་བསློགས་ཤིང་། ཀྲུང་ཧྭ་མིན་གོ་བཙུགས་ཏེ་ཀྲུང་གོའི་མི་རིགས་མ་རྩ་རིང་ལུགས་འཕེལ་རྒྱས་ཐད་ཀྱི་འགལ་རྐྱེན་ཁ་ཤས་མེད་པར་བཟོས། གསར་བརྗེ་ཐེངས་དེ་བརྒྱུད་ནས། མི་རིགས་འབྱོར་ལྡན་གྲལ་རིམ་གྱི་སྤྱི་ཚོགས་ཀྱི་ཆབ་སྲིད་གོ་གནས་ཇེ་མཐོར་ཕྱིན་པ་དང་། ནན་ཅིན་གནས་སྐབས་སྲིད་གཞུང་གི་ཁེ་ལས་འཕེལ་རྒྱས་ལ་བྱ་དགའ་གནང་བའི་བཀའ་ཁྲིམས་ཀྱིས་ཁོ་ཚོའི་ཉེ་རབས་བཟོ་ལས་ཐད་མ་དངུལ་གཏོང་བའི་སྤྲོ་སེམས་དྲག་ཏུ་བསྐུལ། དེར་བརྟེན་སྤྲོ་སེམས་ཀྱིས་བརྟས་པའི་ཁེ་ལས་པའི་བཟོ་ཚོང་ལས་རིགས་འཕེལ་རྒྱས་གྱི་གོ་སྐབས་ཡག་ཤོས་སླེབས་འདུག་པར་སྙམ་སྟེ། ཁེ་ལས་གོང་དུ་སྤེལ་བའི་ཚོགས་པ་སྣ་ཚོགས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་ལ། ཅུང་མིང་གྲགས་ཆེ་བ་ཀྲུང་ཧྭ་མིན་གོའི་བཟོ་ལས་འཛུགས་སྐྲུན་ཚོགས་པ་དང་ཀྲུང་ཧྭ་ཁེ་ལས་ཚོགས་པ་སོགས་ཡོད། ཕྱིར་སྡོད་རང་མིས་ཀྱང་རྒྱལ་ནང་གི་བཟོ་ལས་ཐད་ཕན་ཚུན་འགྲན་རེས་ཀྱིས་མ་དངུལ་བཏང་ཞིང་། མིན་གོའི་དུས་སྟོད་དུ་བྱུང་བའི་ཁེ་ལས་ཚོགས་པ་སྣ་ཚོགས་ཀྱིས་མི་རིགས་མ་རྩ་རིང་ལུགས་གོང་དུ་སྤེལ་བའི་ཚ་རླབས་གསར་བ་ཞིག་བསླངས་བ་རེད།

2 འཕེལ་རིམ།

འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ། ཡོ་རོབ་གླིང་གི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་སོ་སོས་གནས་སྐབས་སུ་ཀྲུང་གོའི་དཔལ་འབྱོར་ཐད་ཀྱི་བཙན་འཛུལ་ལྷོད་གཡེང་དུ་བཏང་བས། ཀྲུང་གོར་མ་དངུལ་ཕྱིར་གཏོང་བའི་ཚོང་ཟོག་གི་ཚད་ཅུང་ཇེ་ཉུང་དུ་ཕྱིན། དེས་ཕྱི་ཡུལ་གྱི་སྟེང་ནས་ཀྲུང་གོའི་མི་རིགས་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ལ་ཕྱིའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན། ལྕགས་ཕག་ལོའི་གསར་བརྗེའི་སྔ་རྗེས་སུ། མང་ཚོགས་རང་བཞིན་གྱི་བཙན་རྒོལ་རྒྱལ་གཅེས་འཐབ་རྩོད་གཅིག་འཇགས་གཅིག་ལངས་ཀྱིས་བྱུང་སྟེ། མི་རིགས་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བྱས། ལྷག་པར་དུ1915ལོར་དོན་ཚན་ཉེར་གཅིག་ལ་ངོ་རྒོལ་བྱས་ནས་བསླངས་པའི་འཇའ་ཕན་གྱི་ཚོང་ཟོག་བཀག་འགོག་དང་རང་རྒྱལ་གྱི་ཚོང་ཟོག་དར་སྤེལ་གཏོང་བའི་ལས་འགུལ་གྱི་ནུས་པ་དེ་བས་ཀྱང་ཆེ། ཕྱི་གླིང་བའི་ཚོང་ཟོག་བཀག་འགོག་དང་ཁེ་ལས་དར་སྤེལ་བཏང་བ། ཁེ་ལས་ཀྱིས་རྒྱལ་ཁབ་སྐྱོབ་པ་བཅས་ནི་མི་རིགས་འབྱོར་ལྡན་གྲལ་རིམ་གྱི་ཁ་གཡང་ཡིན་པར་མ་ཟད། རིམ་པ་སོ་སོའི་མི་དམངས་ཀྱི་རྒྱལ་གཅེས་ཀྱི་ཐུན་མོང་རེ་འདུན་དུའང་གྱུར་ཡོད། ཀྲུང་གོའི་མི་རིགས་མ་རྩ་རིང་ལུགས་ལ་འཕེལ་རྒྱས་ཅུང་ཙམ་བྱུང་ཡོད་ནའང་། སྔར་བཞིན་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་གཉའ་གནོན་མྱོང་བཞིན་ཡོད་ལ། མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་ཁྱད་ཆོས་ཡོད། 

3 མཚོན་ཚུལ་གཙོ་བོ།

1 མི་རིགས་བཟོ་ལས་ཀྱི་འཕེལ་རྒྱས་གཙོ་བོ་ནི་ཡང་བའི་བཟོ་ལས་ཡིན་པ་ལས། ལྕི་བའི་བཟོ་ལས་ཀྱི་རྨང་གཞི་ཞན་པས་རང་ཚུགས་དང་ཆ་ཚང་བའི་བཟོ་ལས་ཀྱི་མ་ལག་ཅིག་གྲུབ་མེད།

2  མི་རིགས་ཀྱི་མ་རྩ་དེ་ཕྱི་རྒྱལ་གྱི་མ་རྩ་དང་བསྡུར་ན་སྟོབས་ཤུགས་ཧ་ཅང་ཞན། བཟོ་ལས་སྡེ་ཁག་གཙོ་བོ་ཁ་ཤས་སུ་ཕྱི་རྒྱལ་གྱི་མ་རྩ་དེ་སྔར་བཞིན་རྒྱལ་ཁབ་རང་གི་མ་རྩ་ལས་བརྒལ་ཡོད་དེ། བཙན་རྒྱལ་རིང་ལུགས་ཀྱི་ཚོད་འཛིན་འོག མི་རིགས་བཟོ་ལས་དེ་རང་རྐྱ་འཕེར་བའི་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་མི་ནུས།

3   མི་རིགས་མ་རྩ་དེ་བཀས་བཀོས་རྒྱུད་འཛིན་གྱི་དཔལ་འབྱོར་དང་བསྡུར་ན། བཀས་བཀོད་རྒྱུད་འཛིན་གྱི་རང་མཁོ་རང་སྤྲོད་བྱེད་པའི་རང་བྱུང་དཔལ་འབྱོར་གྱིས་སྔར་བཞིན་གནས་བབ་ལེགས་ཤོས་བཟུང་ཡོད་པ་དང་། དེས་མི་རིགས་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཐེབས་སུ་བཅུག མ་རྩ་ཅན་དང་ཞིང་བདག་ཁ་ཤས་ཀྱིས་ཉེ་རབས་ཀྱི་བཟོ་ལས་མ་དངུལ་གཏོང་བ་དང་མཉམ་དུ། ས་ཞིང་དང་ཡང་ན་བཀས་བཀོད་རྒྱུད་འཛིན་གྱི་བཤུ་གཞོག་གཞན་དག་སྔར་བཞིན་མི་འདོར་བ་བཅས་སོ།།