ཞི་བདེ་གནམ་རྒྱལ་གྱི་ལས་འགུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 10:27ལ་འགྲུབ།

ཞི་བདེ་གནམ་རྒྱལ་གྱི་ལས་འགུལ།

དེ་ནི་ཧོང་ཞིའུ་ཆོན་གཙོ་ཡིན་པའི་མི་སྣ་དྲུག་གིས་རྩ་འཛུགས་བྱས་པའི་ཀོང་ཞི་ནས་ལངས་པའི་ཆིང་རྒྱལ་རབས་ཀྱི་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་དང་ཕྱི་རྒྱལ་གྱི་མ་རྩ་རིང་ལུགས་ལ་བཤུ་གཞོག་དང་། ཞིང་བའི་འོས་ལངས་ཀྱི་དམག་འཁྲུག་ཅིག་ཡིན། དུས་རབས19བའི་དུས་དཀྱིལ་གྱི་ཀྲུང་གོ་ནས་བྱུང་བའི་ཆེས་རྒྱ་ཆེ་བའི་ཆིང་རྒོལ་ལས་འགུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
太平天国运动
ཕྱི་ཡིག་གི་མིང་།
Taiping heavenly kingdom movement
དམིགས་ཡུལ།
ཞིང་ཡོད་ན་མཉམ་འདེབས། ཟས་ཡོད་ན་མཉམ་ཟ། གོས་ཡོད་ན་མཉམ་གོན། དངུལ་ཡོད་ན་མཉམ་སྤྱོད། ག་ས་གར་ཆ་སྙོམས་དང་། མི་ཀུན་ལ་ལྟོ་གོས་འཛོམས་པའི་སྤྱི་ཚོགས་ཤིག་འཛུགས་འདོད།
བྱུང་གནས།
ཐེན་ཅིན།
1 ​ཕན་ཡོན།

མི་གྲངས་ལྟར་ཕོ་མོ་དབྱེ་མེད་དུ་ཁྱིམ་ཚང་ལ་ཞིང་སྐལ་བགོ་དགོས། མི་མང་ན་མང་ཙམ་བགོ་བ་དང་། ཉུང་ན་ཉུང་ཙམ་བགོ་བ། ས་ཞིང་གི་བཟང་ངན་བསྡེབས་ནས་བགོ་དགོས། གནམ་འོག་གི་ས་ཞིང་ཡོད་དོ་ཅོག་གནམ་འོག་གི་མི་ཀུན་གྱིས་རྨོ་ལས་བྱེད་དགོས།འདི་གར་ས་ཞིང་གིས་མ་འདང་ན། གནས་གཞན་དུ་སྤོར་བ་དང་། གང་ལྟར་ཀྱང་གནམ་འོག་གི་མི་རྣམས་ཀྱིས་ལྷའི་དབང་བོས་གནང་བའི་བདེ་སྐྱིད་ཆེན་པོ་མཉམ་རོལ་བགྱིས་ནས། གནམ་འོག་གི་ས་ཞིང་ཡོད་ཚད་དམངས་ལ་དབང་བ་བརྗོད་ཡོད།

2  རྒྱུ་རྐྱེན་ནམ་ལངས་རྐྱེན།

1  གཞི་རྩའི་རྒྱུ་རྐྱེན། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོའི་གདོང་གཏད་པའི་མི་རིགས་ཀྱི་འགལ་བ་དང་གྲལ་རིམ་གྱི་འགལ་བ་སྟོང་རུལ་དུ་གྱུར་ཡོད།

2  ཐད་ཀར་གྱི་རྐྱེན ། རང་བྱུང་གནོད་འཚེ་ཚབས་ཆེན་ཡིན།

3  རྒྱུ་རྐྱེན་གཙོ་བོ། ཧོང་ཞིའུ་ཆོན་གྱིས་གསར་བརྗེའི་འཐབ་རྩོད་སྤེལ་བ་དང་སྦྲགས་ནས་ལྷའི་དབང་བོར་བཀུར།

3  འཕེལ་རྒྱས།

1  སྤྱི་ལོ1853ལོའི་དཔྱིད་ཀར་ནན་ཅིན་བླངས་ཏེ། ནན་ཅིན་གྱི་མིང་ཐེན་ཅིན་དུ་བསྒྱུར་ནས་རྒྱལ་སར་གཏན་ཁེལ་བྱས་པ་དང་། ཞིང་བའི་སྲིད་དབང་དངོས་སུ་བཙུགས་ནས་ཆིང་རྒྱལ་རབས་དང་ཁ་གཏད་དུ་ལངས།

2   སྤྱི་ལོ1853ལོར་ནུབ་འདུལ་དམག་གིས་ཨན་ཧུའེ་དང་ཧུའུ་པེའི་གྲོང་ཁྱེར་གལ་ཆེན་བླངས་རྗེས་ཧུའུ་ནན་དུ་འབྱོར། ཧུའུ་ནན་ནས་ནུབ་འདུལ་དམག་གིས་ཞང་དམག་ལ་འཐབ་ནས་ཕམ་ཁ་ཉེས།

4 ཕམ་ཁ།

1  སྤྱི་ལོ1856ལོའི་སྟོན་ཁར། ཞི་བདེ་གནམ་རྒྱལ་གྱི་མགོ་ཁྲིད་ཚོགས་པའི་ནང་ཁུལ་ནས་དབང་ཆ་འཕྲོག་རྩོད་བྱུང་སྟེ་ཁ་བྲལ་དུ་གྱེས། ཐོག་མར་ཝེ་ཁྲེང་ཧོའེ་ཡིས་དབྱང་ཞིའུ་ཆོན་བཀྲོངས་པ་དང་། དེར་མཐུད་ནས་ཝེ་ཁྲེང་ཧོའེ་ལ་སྲོག་གི་ཆད་པ་བཅད། ཧྲི་ཏ་ཁའེ་ཡིས་གོ་ཧྲག་དམག་དཔུང་ཁྲིད་ནས་ས་གཞན་དུ་སོང་། དམག་དཔུང་ཡོངས་རྫོགས་རྩ་བ་ནས་བརླགས་ཏེ། ཁོ་རང་ཉིད་ཀྱང་དགྲ་བོས་བཀྲོངས།

2  སྤྱི་ལོ1864ལོའི་དབྱར་ཁར། ཧོང་ཞིའུ་ཆོན་ནད་ཀྱིས་འདས། ཅུང་མ་འགོར་བར་ཞང་དམག་གིས་ཐེན་ཅིན་མཁར་གཏོར། ཞི་བདེ་དམག་གི་དཔོན་དམག་ཚོའི་ཞང་དམག་དང་སྲང་ལམ་དམག་འཐབ་སྤེལ་ཏེ། འཐབ་ནས་ཤི་ནའང་གཏན་ནས་མགོ་མ་བཏགས། ཐེན་ཅིན་དགྲ་ལག་ཏུ་ཤོར་བ་དེས་ཞི་བདེ་གནམ་རྒྱལ་གྱི་ལས་འགུལ་ཕམ་ཉེས་བྱུང་བ་མཚོན།