ས་ཁྱི་ལོའི་ལུགས་སྒྱུར།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 11:34ལ་འགྲུབ།

ས་ཁྱི་ལོའི་ལུགས་སྒྱུར།

དེ་ནི་ཆབ་སྲིད་ཀྱི་ལུགས་སྒྱུར་ཞིག་ཡིན་ལ། བསམ་བློ་བཅིངས་འགྲོལ་གྱི་ལས་འགུལ་དང་འབྱོར་ལྡན་གྲལ་རིམ་གྱི་རིག་གནས་ལས་འགུལ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
戊戌变法
ཕྱི་ཡིག་གི་མིང་།
Reform Movement
མི་སྣ་གཙོ་བོ།
ཁང་ཡིའུ་ཝེ། ལིའང་ཆི་ཁྲའོ།
1 ​ཁང་ཡིའུ་ཝེ་དང་ལིའང་ཆི་ཁྲའོ་ཡི་གསར་བཅོས་བསམ་བློ།

1 དཔལ་འབྱོར་ཐད་ནས་མི་རིགས་བཟོ་ཚོང་ལས་རིགས་དར་སྤེལ་བྱས་ཏེ་ཕྱི་རྒྱལ་ལ་ཚོང་རྩོད་བྱེད་པའི་འདོད་བློ་བཏོན་པ། 

2 རིག་གནས་ཐད་ནས་སློབ་གྲྭ་གསར་དུ་བཙུགས་ཏེ་ནུབ་ཕྱོགས་ཀྱི་རང་བྱུང་ཚན་རིག་ཤེས་བྱར་སློབ་སྦྱོང་བྱེད་པའི་འདོད་བློ་བཏོན། 

3 ཆབ་སྲིད་ཐད་ནས་གསར་བཅོས་བྱས་ཏེ་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་བོའི་ལམ་ལུགས་ལག་བསྟར་བྱེད་རྒྱུའི་འདོད་བློ་བཏོན།

4 ངོ་བོ།  མ་རྩ་རིང་ལུགས་ཀྱི་བསམ་བློ་དང་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་གཉིས་གདོང་གཏུགས་ཏུ་ལངས་པའི་རྩོད་གླེང་ཐེངས་ཤིག་ཡོད།

2 ས་ཁྱི་ལོའི་ལུགས་སྒྱུར།
2_1 ནང་དོན།  

1  ཆབ་སྲིད་ཀྱི་ཐད་ནས་དཔོན་རིགས་དང་མི་སེར་གྱིས་ཞུ་ཡིག་ཕུལ་ཏེ་དོན་དག་བརྗོད་ཆོག་པ། 

2  དཔལ་འབྱོར་གྱི་ཐད་ནས་རྒྱལ་སར་ལྕགས་ལམ་གཏེར་ལས་ཅུས་དང་བཟོ་ཞིང་ཚོང་གསུམ་གྱི་སྤྱི་ཁྱབ་ཅུས་བཙུགས་ནས་རྒྱལ་ཁབ་ཀྱི་སྔོན་རྩིས་དང་ངེས་རྩིས་སྡེབ་སྒྲིག་བྱེད་པ།  

3  དམག་དོན་གྱི་ཐད་ནས་དར་ལྗང་དམག་སྒར་ཉུང་འཕྲི་བྱས་ཏེ་སྐམ་དམག་ཁུ་བསྡུ་དང་ཕྱི་རྒྱལ་གྱི་དམག་རྩལ་སྦྱོང་བར་བསྒྱུར་བ། དམག་བསྡུའི་ལམ་ལུགས་ལག་བསྟར་དང་མཚོ་དམག་སྣོན་འཛུགས་བྱེད་པའོ།།

2_2 གདེང་འཇོག

ཀྲུང་གོའི་མ་རྩ་རིང་ལུགས་འཕེལ་བ་དང་ནུབ་ཕྱོགས་ཀྱི་རིག་གནས་ཁྱབ་གདལ་དུ་གཏོང་བར་ཕན་པ་མ་ཟད། གསར་བཅོས་ཀྱི་བསམ་བློ་མངའ་བའི་ཤེས་ལྡན་མི་སྣ་དག་སྲིད་དབང་ལ་ཞུགས་པར་ཡང་ཕན་པ་བྱུང་ཞིང་། ཚད་ངེས་ཅན་ཞིག་གི་སྟེང་ནས་བཀས་བཀོད་རྒྱུད་འཛིན་གྱི་དཔོན་ངན་ལམ་ལུགས་ལ་རྡུང་རྡེག་བཏང་བ་རེད།

2_3 དོན་སྙིང་།

1 འབྱོར་ལྡན་གྲལ་རིམ་གྱི་ལེགས་བཅོས་ལས་འགུལ་ཐེངས་ཤིག་ཡིན། 

2 ལུགས་སྒྱུར་གྱི་དམིགས་ཡུལ་གཙོ་བོའང་རྒྱལ་ཁབ་འཇིག་ཉེན་ལས་སྐྱོབ་པ་དེ་ཡིན་པར་སྙམ། དེས་མི་དམངས་ཀྱི་རྒྱལ་གཅེས་བསམ་བློ་དང་མི་རིགས་ཀྱི་འདུ་ཤེས་སྐུལ་སློང་བྱེད་པར་ནུས་པ་གལ་ཆེན་ཐོན་པ་རེད།  

3 སྤྱི་ཚོགས་སྟེང་དུ་བློ་སྒོ་འབྱེད་པའི་ནུས་པ་ཐོན་པས། ཀྲུང་གོའི་མི་དམངས་རྨོངས་གཉིད་ལས་དཀྲོགས།

3  བསླབ་བྱ།

ས་ཁྱི་ལོའི་ལུགས་སྒྱུར་ཕམ་ཉེས་བྱུང་བ་དེས། འབྱོར་ལྡན་གྲལ་རིམ་གསར་བཅོས་ཕྱོགས་ཁག་གི་ཐབས་ལམ་དེ།  མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་ཀྲུང་གོར་ལག་བསྟར་བྱེད་ཐབས་བྲལ་བ་ར་སྤྲོད་བྱས།