ལྕགས་གླང་ལོའི་ཆིངས་ཡིགསྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 11:36ལ་འགྲུབ།

ལྕགས་གླང་ལོའི་ཆིངས་ཡིག

དེ་ནི་ལི་ཧུང་ཀྲང་གིས་ཆིང་སྲིད་གཞུང་ཚབ་བྱས་ཏེ་རྒྱལ་ཁབ་11དང་མཉམ་དུ་པེ་ཅིན་ནས་དངོས་སུ་བཞག་པའི་རྒྱལ་ཁབ་ཀྱི་ལ་རྒྱ་ཤོར་བའི་ཆིངས་ཡིག་ཅིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辛丑条约
ཕྱི་ཡིག་གི་མིང་།
Boxer Protocol
མི་སྣ།
ཆིང་ཆིན་ཝང་དབྱི་ཁོང་དང་ལི་ཧུང་ཀྲང་།
ཆིང་བཞག་རྒྱལ་ཁབ།
དབྱིན་ཇི། ཨུ་རུ་སུ། ཧྥ་རན་སི། ཨ་མེ་རི་ཁ། འཇའ་ཕན་། དབྱི་ཐ་ལི། ཨོ་སི་ཁྲུ་རི་ཡ། པི་ལི་ཧྲི། ཧོ་ལན། སི་ཕན།
དུས་ཚོད།
སྤྱི་ལོ1901ལོའི་ཟླ9བ།
1  ནང་དོན།

1   ཆིང་སྲིད་གཞུང་གིས་དངུལ་སྲང་དུང་ཕྱུར4.5སྐྱིན་ཚབ་དུ་འཇལ་རྒྱུ་དང་། ལོ39རིང་ལ་སྤྲོད་ཚར་བར་བྱེད་པ། མ་སྐྱེད་ཁྱོན་བསྡོམས་དངུལ་སྲང་དུང་ཕྱུར9.8ཡིན།

2    པེ་ཅིན་གྱི་ཏུང་ཅའོ་རྨིན་སྲང་ལམ་དེ་གཞུང་ཚབ་ལས་ཁུངས་ཀྱི་ས་མཚམས་སུ་བཅད་དེ། ས་མཚམས་དེའི་ནང་དུ་ཀྲུང་གོའི་མི་གཏན་སྡོད་བྱེད་མི་ཆོག་ལ། རྒྱལ་ཁབ་སོ་སོའི་དམག་མངགས་ནས་སྲུང་སྐྱོབ་བྱེད་པ།

3     པེ་ཅིན་ནས་ཏ་ཀུའུ་བར་གྱི་སྒྱོགས་སྟེགས་བཤིག་པ་དང་། རྒྱལ་ཁབ་སོ་སོའི་མངགས་པའི་དམག་མིས་པེ་ཅིན་ནས་ཧྲན་ཧའེ་ཀོན་བར་གྱི་ལྕགས་ལམ་འགྲམ་རྒྱུད་ཀྱི་གནད་ཆེ་བའི་ས་ཁུལ་བཅའ་སྲུང་བྱེད་ཆོག་པ།

4   དབྱི་ཧོ་ཐོན་ལས་འགུལ་ཁྲོད་དུ་ཕྱིའི་བཙན་རྒྱལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུ་ཞུགས་པའི་དཔོན་རིགས་ལ་ཉེས་ཆད་གཅོད་པ་དང་། ཀྲུང་གོ་མི་དམངས་ཀྱིས་དུས་ནམ་ཡང་བཙན་རྒོལ་གྱི་རང་བཞིན་ལྡན་པའི་རྩ་འཛུགས་བཙུགས་མི་ཆོག་པ་དང་དེར་ཞུགས་མི་ཆོག

5    ཕྱི་འབྲེལ་དོན་གཅོད་ཡཱ་མོན་དེ་ཕྱི་འབྲེལ་དོན་གཅོད་པུའུ་རུ་བསྒྱུར་ཏེ་གོ་གནས་སྡེ་དྲུག་ལས་མཐོ་བར་བྱེད་པ།

6    བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཛུལ་གྱི་རྒྱ་བསྐྱེད་པ་ཇེ་བདེ་རུ་གཏོང་ཆེད། ཆིང་སྲིད་གཞུང་ཆིངས་ཡིག་སོ་སོའི་ནང་གི་ཚོང་འགྲུལ་གྲུ་ཁར་གྲུ་གཟིངས་བསྐྱོད་པའི་ནང་དོན་ཐད་བཟོ་བཅོས་བྱེད་རྒྱུར་འཐད་པ་བྱུང་དགོས་པ་བཅས་སོ།།

2 གནོད་འཚེ།

1   སྐྱིན་དངུལ་གྲངས་མེད་འཇལ་བ་དེ་ནི་བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་སྔ་ན་མེད་པའི་བཙན་ལེན་རྒྱ་ཆེ་བ་བྱས་པ་ཞིག་ཡིན་ལ། ཆིང་སྲིད་གཞུང་གིས་སྐྱིན་དངུལ་དེ་དག་འཇལ་ཆེད། མི་དམངས་ཀྱི་ས་ནས་འཕྲོག་ལེན་བྱེད་པ་ཇེ་དྲག་ཏུ་བཏང་བས། མི་དམངས་ཀྱི་འཚོ་བ་སྔར་ལས་དཀའ་སྡུག་ཆེ་བ་དང་། སྤྱི་ཚོགས་དཔལ་འབྱོར་སྔར་བས་ཉམས་རྒུད་དུ་གྱུར།

2    པེ་ཅིན་དུ་བཙུགས་པའི་གཞུང་ཚབ་ལས་ཁུངས་ཀྱི་ས་མཚམས་ནི་དོན་དངོས་སུ་རྒྱལ་ཁབ་ནང་གི་རྒྱལ་ཁབ་ཡིན་ལ། བཙན་འཛུལ་བས་ཀྲུང་གོ་མི་དམངས་ཀྱི་བཙན་རྒོལ་འཐབ་རྩོད་ལ་ཐད་ཀར་དམག་དྲངས་ནས་དྲག་གནོན་བྱེད་བདེ་བར་བཏང་།

3    ཆིང་རྒྱལ་རབས་ཀྱི་དཔོན་རིགས་ཚོའི་ཀྲུང་གོ་མི་དམངས་ཀྱི་བཙན་རྒོལ་འཐབ་རྩོད་ལ་དྲག་གནོན་བྱེད་དགོས་པས། ཁོ་ཚོ་གོམ་གང་མདུན་སྤོས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་ངན་རོགས་སུ་གྱུར།

4     ཕྱི་འབྲེལ་དོན་གཅོད་པུའུ་རུ་བསྒྱུར་རྒྱུ་གཏན་ཁེལ་བྱས་པ་དེས། ཆིང་སྲིད་གཞུང་གི་ཕྱི་རྒྱལ་གྱི་བཙན་འཛུལ་པའི་རེ་འདོད་ལྟར། རྒྱལ་ཁབ་འཚོང་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་བདེ་བར་བཏང་།

3  མཇུག་འབྲས།

བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཇོག་བྱས་པའི་ཆེས་ཚབས་ཆེ་བའི་འདྲ་མཉམ་མིན་པའི་ཆིངས་ཡིག་ཅིག་སྟེ། བཙན་དབང་རྒྱལ་ཁབ་ཀྱིས་གདུག་རྩུབ་ཆེ་བའི་སྒོ་ནས་ཀྲུང་གོར་འཕྲོག་བཅོམ་བྱས་པ་ལས་གཞན། ཀྲུང་གོར་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་དབང་སྒྱུར་སྒྲིག་སྲོལ་ཡོངས་སུ་ཚུགས་པ་དང་། ཀྲུང་གོའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་གྲུབ་པ་མཚོན་ཡོད།