ལྔ་བཞིའི་རྒྱལ་གཅེས་ལས་འགུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-10 18:00ལ་འགྲུབ།

ལྔ་བཞིའི་རྒྱལ་གཅེས་ལས་འགུལ།

རྒྱལ་ཡོངས་ཀྱི་བཟོ་ཚོང་ལས་རིགས་སོ་སོ་ཚང་མ་ཡར་ལངས་ནས་རྒྱལ་དམངས་ཚོགས་ཆེན་ཚོགས་གང་ཐུབ་བྱེད་དགོས་ཤིང་། ཕྱི་རུ་རྒྱལ་ཁབ་ཀྱི་བདག་དབང་ཐོབ་པར་བརྩོན་ལེན་དང་། ནང་དུ་རྒྱལ་འཚོང་ཆོམ་རྐུན་ལ་ཉེས་ཆད་གཅོད་དགོས། ཀྲུང་གོའི་ཆག་འཇིག་དེ་ཁོ་ནར་རག་ལས་པ་རེད། ད་ལྟ་རྒྱལ་ཡོངས་ཀྱི་སྤུན་ཟླའི་དམ་ཚིག་གཉིས་འཛིན་དགོས་ཏེ། ཀྲུང་གོའི་ས་ཆ་བཏུལ་ཡང་བཅད་སྤྲོད་བྱེད་མི་རུང་ལ། ཀྲུང་གོའི་མི་དམངས་དམར་གསོད་བྱས་ཀྱང་མགོ་བོ་མི་སྒུར་བ་བཅས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
五四爱国运动
ཕྱི་ཡིག་གི་མིང་།
The 54 Patriotic Movement
ལས་འགུལ་བསླངས་དུས།
སྤྱི་ལོ1919ལོའི་ལོ་མགོར།
འཁེལ་ཐག་ལས་རིགས་ཀྱི་འཕེལ་ཚུལ།
ཁྲི་ཚོ33ལྷག
འཕྲུལ་ཆས།
1486ལྷག
ལས་འགུལ་གྱི་འབོད་ཚིག
ཕྱི་རུ་རྒྱལ་ཁབ་ཀྱི་བདག་དབང་ཤོར་བར་བརྩོན་ལེན་དང་ནང་དུ་ཆོམ་རྐུན་ལ་ཉེས་ཆད་གཅོད་པ། དོན་ཚན་ཉེར་གཅིག་མེད་པར་བཟོ་བ།ཞི་ཆིངས་ཐོག་མིང་རྟགས་མི་འགོད་པ།
1 རྒྱབ་ལྗོངས།

1 རྒྱལ་སྤྱིའི་ཆ་ནས། ཀྲུང་གོའི་མི་དམངས་ཀྱི་བཙན་རྒོལ་གྱི་སེམས་ཤུགས་ཉིན་རེ་བཞིན་འགྲོ་བར་བསྐུལ། ཨུ་རུ་སུས་ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེར་རྒྱལ་ཁ་བླངས་པ་དེས། ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་གྱི་བགྲོད་ལམ་བསྟན་པ་རེད།

2  རྒྱལ་ནང་གི་ཆ་ནས། རྒྱལ་ནང་གི་གྲལ་རིམ་བར་གྱི་འགལ་བ་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར་བས། ལྔ་བཞིའི་ལས་འགུལ་བྱུང་བའི་གཞི་རྩའི་རྒྱུ་རྐྱེན་ཞིག་ཏུ་གྱུར། ཕྱོགས་གཞན་ཞིག་ནས་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ། མི་རིགས་བཟོ་ལས་གོང་དུ་འཕེལ་ཞིང་བཟོ་བ་གྲལ་རིམ་གྱི་དཔུང་ཁག་འཕྲལ་དུ་རྒྱ་ཆེ་རུ་ཕྱིན། རིག་གནས་གསར་བའི་ལས་འགུལ་སྤེལ་བ་དེས་མི་དམངས་ཀྱི་བསམ་བློ་བཅིངས་འགྲོལ་འཐོབ་པར་སྐུལ་འདེད་བྱས།

2 བརྒྱུད་རིམ།

སྤྱི་ལོ1919ལོའི་ལོ་མགོར། འཛམ་གླིང་འཁྲུག་ཆེན་དང་པོའི་དམག་རྒྱལ་རྒྱལ་ཁབ་རྣམས་ཀྱིས་ཕ་རི་སི་ནས་ཞི་བདེ་གྲོས་ཚོགས་བསྡུས་ཤིང་། ཀྲུང་གོའི་འཐུས་ཚབ་པས་ཀྲུང་གོ་རུ་ཡོད་པའི་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱི་ཁྱད་དབང་ཐ་དག་མེད་པར་བཟོ་བ་དང་། དོན་ཚན་ཉེར་གཅིག་འདོར་བ། འཇའ་ཕན་གྱིས་འཁྲུག་ཆེན་གྱི་སྐབས་སུ་འཕྲོག་པའི་འཇར་མན་ལ་ཧྲན་ཏུང་དུ་ཡོད་པའི་ཁྱད་དབང་ཕྱིར་ལེན་པ་བཅས་ཀྱི་བླང་བྱ་བཏོན་ལ། ཨ་མེ་རི་ཁ་དང་དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་གནས་ལུགས་མེད་པའི་སྒོ་ནས་ཀྲུང་གོའི་འཐུས་ཚབ་པའི་དྲང་བདེན་བླང་བྱ་དང་ལེན་མ་བྱས།

3  ལོ་རྒྱུས་དོན་སྙིང་།

1 ལྔ་བཞིའི་ལས་འགུལ་ནི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་སྟེང་གི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་བཀས་བཀོད་རྒྱུད་འཛིན་ངོ་རྒོལ་མཐའ་འཁྱོལ་བྱས་པའི་གསར་བརྗེ་ལས་འགུལ་ཐེངས་ཤིག་ཡིན།

2   ལྔ་བཞིའི་ལས་འགུལ་དེ་ཞིང་ཆེན་ཉི་ཤུ་ལྷག་དང་གྲོང་ཁྱེར་བརྒྱ་ལྷག་ལ་ཁྱབ་པས། ལྕགས་ཕག་ལོའི་གསར་བརྗེ་ལས་ཕྱོགས་གང་ཐད་ནས་མང་ཚོགས་ཀྱི་རྨང་གཞི་ལྡན་ཞིང་། དེའི་རླབས་ཆེ་བའི་མཛད་རྗེས་ནི་རྒྱ་ཆེ་བའི་མི་དམངས་ཀྱི་གོ་རྟོགས་སད་པར་བློ་སྒོ་ཕྱེས་པ་དང་ཁྲིད་སྟོན་བྱས་ཏེ། གསར་བརྗེའི་སྟོབས་ཤུགས་མཐུན་སྒྲིལ་ཡོང་བར་གྲ་སྒྲིག་བྱས་པ་དེ་ཡིན།

3  ལྔ་བཞིའི་ལས་འགུལ་གྱིས་མར་ཁེ་སིས་རིང་ལུགས་ཁྱབ་སྤེལ་ཡོང་བར་སྐུལ་འདེད་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པར་བསམ་བློའི་རྨང་གཞི་བཏིང་བ་རེད།

4   ཟླ་བཅུ་བའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་རྗེས་སུ་ལྔ་བཞིའི་ལས་འགུལ་བྱུང་བས། དེ་ནི་འཛམ་གླིང་གི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་ཁག་ཅིག་ལ་གཏོགས།

5  ལྔ་བཞིའི་ལས་འགུལ་གྱིས་ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་བའི་གསར་བརྗེའི་མགོ་ཚུགས་པ་མཚོན།