རྒྱལ་སྲུང་ལས་འགུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 15:28ལ་འགྲུབ།

རྒྱལ་སྲུང་ལས་འགུལ།

རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国防运动
ཕྱི་ཡིག་གི་མིང་།
National defense movement
དུས་ཚོད།
སྤྱི་ལོ1915ལོའི་ལོ་མཇུག
1  ངོ་བོ།

ཡོན་ཧྲི་ཁའེ་ཡི་བྱ་ལོག་སྤྱོད་ལོག་དེར་རྒྱལ་ཡོངས་ཀྱི་ངོ་རྒོལ་ཐེབས། སུན་ཀྲུང་ཧྲན་གྱིས་ཡོན་འདུལ་བསྒྲགས་གཏམ་སྤེལ་ཏེ།  མི་དམངས་ལ་ཡར་ལངས་ཏེ་སྤྱི་མཐུན་ལམ་ལུགས་སྲུང་སྐྱོབ་བྱེད་པའི་འབོད་སྐུལ་གནང་། ལིའང་ཆི་ཁྲའོ་ཡིས་ཀྱང་ཡ་མཚར་བའི་རྒྱལ་ཁབ་ལམ་ལུགས་ཀྱི་གནད་དོན་སྨྲ་མཁན་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ། ཡོན་ཧྲི་ཁའེ་གོང་མར་བསྡད་པར་ངོ་རྒོལ་བྱས།

2 མཇུག་འབྲས།

སྤྱི་ལོ1915ལོའི་ལོ་མཇུག་ཏུ། སྔར་གྱི་ཡུན་ནན་དམག་སྲིད་ཞིང་དཔོན་ཚའེ་ཨོ་དང་ལི་ལེ་ཅུན། ཐང་ཅི་ཡའོ་སོགས་ཀྱིས་ཡུན་ནན་དུ་ཡོན་འདུལ་གློག་འཕྲིན་སྤེལ་ཏེ།  ཡུན་ནན་རང་བཙན་བྱས་པ་ཁྱབ་བསྒྲགས་བྱས། ཁོ་ཚོའི་རྒྱལ་སྲུང་དམག་རྩ་འཛུགས་བྱས་ཏེ་སི་ཁྲོན་དང་ཀུའེ་ཀྲོའུ། ཀོང་ཏང་། ཀོང་ཞི་བཅས་སུ་དཔུང་སྐྱོད་བྱས། པེ་དབྱང་དམག་བསྟུད་མུར་ཕམ་བཤོལ་བྱས་ཤིང་། ཞིང་ཆེན་སོ་སོའི་གཅིག་རྗེས་གཉིས་མཐུད་དུ་རང་བཙན་བྱས་པས། ཡོན་ཧྲི་ཁའེ་དམངས་འཁོན་གཉན་བྲལ་དུ་གྱུར་ལ། སྤྱི་ལོ1916ལོའི་ཟླ3པའི་ཚེས23ཉིན་གོང་མའི་ལམ་ལུགས་མེད་པར་མི་བཟོ་ཐབས་མེད་བྱུང་ནའང་། ད་དུང་མུ་མཐུད་དུ་ཙུང་ཐུང་ཆེན་མོ་བྱེད་འདོད་པ་རེད། སུན་ཀྲུང་ཧྲན་གྱིས་ཡོན་འདུལ་བསྒྲགས་གཏམ་ཐེངས་གཉིས་པ་སྤེལ་ཏེ། མི་དམངས་ལ་ཡོན་རྒོལ་འཐབ་རྩོད་མཐའ་འཁྱོལ་བ་ཞིག་བྱེད་པའི་འབོད་སྐུལ་གནང་། མ་འགྱངས་པར། ཡོན་ཧྲི་ཁའེ་རེ་ཐག་ཆད་པའི་ངང་ལྔ་ལམ་དུ་ཆས་སོ།།