རིག་གནས་གསར་བའི་ལས་འགུལ།སྔ་མའི་པར་གཞི་དེ ཁྲི་དཀོན་མཆོག་རྡོ་རྗེ།  ནས 2017-07-11 10:26ལ་འགྲུབ།

རིག་གནས་གསར་བའི་ལས་འགུལ།

པེ་དབྱང་དམག་ཤེད་ཅན་གྱིས་དབང་སྒྱུར་བྱེད་པའི་དུས་མགོར། ལོ་ངོ་སྟོང་ཕྲག་དུ་མའི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་རྡུང་རྡེག་དྲག་པོ་གཏོང་བའི་རིག་གནས་ཀྱི་བློ་སྒོ་འབྱེད་པའི་ལས་འགུལ་ཏེ་རིག་གནས་གསར་བའི་ལས་འགུལ་བསླངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新文化运动
ཕྱི་ཡིག་གི་མིང་།
New Culture Movement
ལས་འགུལ་བསླངས་དུས།
སྤྱི་ལོ1915ལོར།
མི་སྣ་གཙོ་བོ།
ཁྲེན་ཏུའུ་ཞིའུ།
1 ​རྒྱབ་ལྗོངས།

1  ཆབ་སྲིད་ཀྱི་ཐད་ནས། ལྕགས་ཕག་ལོའི་གསར་བརྗེ་ཕམ་རྗེས། བཙན་དབང་རྒྱལ་ཁབ་ཀྱིས་ཡོན་ཧྲི་ཁའེ་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོར་བཙན་འཛུལ་གྱི་རྒྱ་བསྐྱེད་པས། ཀྲུང་གོའི་གནས་ཚུལ་ཉིན་རེ་བཞིན་ཇེ་སྡུག་ཏུ་གྱུར། ཀྲུང་གོའི་སྔོན་ཐོན་མི་སྣས་གནས་བབ་དེ་བསྒྱུར་ཆེད་ཐབས་ལམ་གསར་བ་འཚོལ་སྙེག་བགྱིས།

2   དཔལ་འབྱོར་གྱི་ཐད་ནས། འཛམ་གླིང་འཁྲུག་ཆེན་ཐེངས་དང་པོའི་སྐབས་སུ། ཀྲུང་གོའི་མི་རིགས་མ་རྩ་རིང་ལུགས་ལ་སྔར་བས་འཕེལ་རྒྱས་བྱུང་།འབྱོར་ལྡན་གྲལ་རིམ་གྱིས་མ་རྩ་རིང་ལུགས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་ཆེད་ཀྲུང་གོ་རུ་དམངས་གཙོའི་ཆབ་སྲིད་ལག་བསྟར་བྱེད་པའི་བླང་བྱ་ནན་གྱིས་བཏོན།

3   བསམ་བློ་དང་རིག་གནས་ཀྱི་ཐད་ནས། རྣམ་པ་གསར་བའི་སློབ་གྲྭ་བཙུགས་པ་དང་ཕྱི་རྒྱལ་ལ་སློབ་གཉེར་དུ་འགྲོ་བའི་སྲོལ་ཉིན་རེ་བཞིན་དར་ཏེ། ནུབ་ཕྱོགས་ཀྱི་བློ་སྒོ་འབྱེད་པའི་བསམ་བློ་གོམ་གང་མདུན་སྤོས་ཀྱིས་ཀྲུང་གོར་མཚམས་སྦྱོར་བྱས་ལ། ལྕགས་ཕག་ལོའི་གསར་བརྗེས་ཀྱང་དམངས་གཙོའི་སྤྱི་མཐུན་གྱི་བསམ་བློ་དེ་མིའི་སེམས་གཏིང་ལ་འཇགས་པར་བྱས། ཡིན་ནའང་། ཡོན་ཧྲི་ཁའེ་ཡི་རིག་གནས་ཁྱབ་ཁོངས་སུ་ཁུང་བཀུར་གནའ་གསོའི་རླབས་ལྡོག་ཅིག་བསླངས་པ་དེར་དམངས་གཙོའི་བསམ་བློ་ལྡན་པའི་ཤེས་ཡོན་ཅན་གྱིས་བཟོད་སྒོམ་བྱེད་དཀའ་བར་གྱུར།

2  དར་ཚུལ།

སྤྱི་ལོ1915ལོར་ཁྲེན་ཏུའུ་ཞིའུ་ཡིས་ཧྲང་ཧའེ་རུ་ན་གཞོན་གསར་བ་གསར་དུ་བསྒྲུབས་ནས། ཁུང་བཀུར་གནའ་གསོ་ལ་སུན་འབྱིན་བྱས་པའི་རྩོམ་ཡིག་མང་པོ་སྤེལ་བས། རིག་གནས་གསར་བའི་ལས་འགུལ་དར་བའི་མཚོན་རྟགས་ཤིག་ཏུ་གྱུར། ཕྱིས་སུ་ན་གཞོན་གསར་བའི་གནས་པེ་ཅིན་དུ་སྤོས་པ་དང་། རྩོམ་ཡིག་འབྲི་མཁན་གཙོ་བོར་ད་དུང་ལི་ཏ་ཀྲའོ་དང་ལུའུ་ཞུན། ཧུའུ་ཧྲི་སོགས་ཡོད། ཁོ་ཚོ་མང་ཆེ་བས་དམངས་དབང་དང་འདྲ་མཉམ་གྱི་བསམ་བློ་དང་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བ་བཅས་དང་ལེན་བྱས་ཤིང་། བསམ་བློ་དེ་དག་རིག་གནས་གསར་བའི་ལས་འགུལ་གྱི་དུས་མགོའི་སློབ་སྟོན་བསམ་བློ་རུ་གྱུར། སྐབས་དེར་ན་གཞོན་གསར་བ་ནི་རིག་གནས་གསར་བའི་ལས་འགུལ་གྱི་གཡུལ་ས་གཙོ་བོ་ཡིན་ཞིང་། སྐད་གྲགས་ཆེ་བའི་སློབ་གསོ་པ་ཚའེ་ཡོན་ཕའེ་ཡིས་སློབ་གཙོའི་འགན་བཞེས་པའི་པེ་ཅིན་སློབ་གྲྭ་ཆེན་མོ་ནི་རིག་གནས་གསར་བའི་ལས་འགུལ་གྱི་བྱེད་སྒོ་སྤེལ་ཡུལ་གལ་ཆེན་ཞིག་ཡིན།

3 ནང་དོན།

1 དམངས་གཙོ་དང་ཚན་རིག་དར་སྤེལ་བཏང་ནས། སྒེར་གཅོད་དང་བླུན་རྨོངས། རྨོངས་དད་བཅས་ལ་ངོ་རྒོལ་བྱེད་པ་དེ་ཡིན། དེ་ནི་རིག་གནས་གསར་བའི་ལས་འགུལ་གྱི་འབོད་ཚིག་ཀྱང་ཡིན་ཞིང་། ཁྲེན་ཏུའུ་ཞིའུ་ཡིས་ཐོག་མར་བཏོན་པ་རེད། ཁོང་གི་དགོངས་པར་ཀྲུང་གོའི་ལོ་ངོ་སྟོང་ཕྲག་འགའི་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་བརྒྱུད་ཀྱང་། དམངས་གཙོ་དང་ཚན་རིག་གཏན་ནས་ཡོད་མ་མྱོང་། ཀྲུང་གོ་འདི་ཉིད་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ངོ་མ་ཞིག་ཏུ་འགྱུར་བར་བྱེད་དགོས་ན། ངེས་པར་དུ་དམངས་གཙོའི་སྒེར་གཅོད་གྱི་ཚབ་བྱེད་དགོས་པ་དང་། ཚན་རིག་གིས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་གཙང་འཕྱག་བྱེད་དགོས། ཀྲུང་གོར་སྟོབས་འབྱོར་ལྡན་དགོས་ན། ངེས་པར་དུ་དམངས་གཙོ་དང་ཚན་རིག་དར་སྤེལ་བྱེད་དགོས་སྙམ།

2  ཀུན་སྤྱོད་གསར་བ་དར་སྤེལ་བྱས་ནས། རྩོམ་རིག་རྙིང་བར་ངོ་རྒོལ་བྱེད་པ་དེ་ཡིན། ཀུན་སྤྱོད་རྙིང་བ་ཞེས་པ་ནི་ཁུང་ཙི་གཙོ་བྱས་པའི་རུའུ་ལུགས་པའི་སྲོལ་རྒྱུན་ཀུན་སྤྱོད་ལ་ཟེར་ཞིང་།  རིག་གནས་གསར་བའི་ལས་འགུལ་གྱིས་ཀུན་སྤྱོད་རྙིང་བ་ལ་སྐྱོན་བརྗོད་དྲག་པོ་བཏང་།

3  རྩོམ་རིག་གསར་བ་དར་སྤེལ་བཏང་ནས། རྩོམ་རིག་རྙིང་བར་ངོ་རྒོལ་བྱས་པ་དེ་ཡིན། རིག་གནས་གསར་བའི་ལས་འགུལ་ནི་རྩོམ་རིག་གསར་བརྗེ་ཐེངས་ཤིག་ཡིན།                    

4 ཤུགས་རྐྱེན།

1 བཀས་བཀོད་རྒྱུད་འཛིན་གྱི་བསམ་བློའི་དབང་སྒྱུར་གྱི་གོ་གནས་ལ་གཡོ་འགུལ་བཏང་ཞིང་། མི་རྣམས་ཀྱི་བསམ་བློར་སྔར་བྱུང་མ་མྱོང་བའི་བཅིངས་འགྲོལ་ཐོབ་པ་རེད།

2 ཀྲུང་གོའི་རང་བྱུང་ཚན་རིག་གོང་དུ་འཕེལ་བར་སྐུལ་འདེད་བཏང་། ལྔ་བཞིའི་ལས་འགུལ་ཐོལ་གྱིས་ལངས་པར་དྲིལ་བསྒྲགས་དང་སྐུལ་སློང་གི་ནུས་པ་བསྐྱེད།

3  སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཀྲུང་གོའི་སྔོན་ཐོན་གྱི་ཤེས་ལྡན་མི་སྣ་རྣམས་ཀྱིས་དང་དུ་བླངས་ནས། རྒྱལ་ཁབ་སྐྱོབ་པ་དང་སྤྱི་ཚོགས་བསྒྱུར་བཀོད་ཀྱི་བསམ་པའི་མཚོན་ཆར་གྱུར་བ་རེད།